བོད་ལྗོངས།
དྲག་ཆར་ལས་ཉིང་ཁྲིའི་ས་ཆ་མང་པོའི་གློག་དྲར་གཏོར་སྐྱོན་ཕོག་པ།

    རྒྱལ་ཁབ་གློག་དྲ་ཉིང་ཁྲི་གློག་གཏོང་ཀུང་སིས་མགྱོགས་མྱུར་ཉམས་བཟོ་བྱས་ནས་གློག་གཏོང་འགན་ལེན་བྱས་པ།

    ཉེ་དུས་ཆར་པ་ཆེན་པོ་ཡང་ཡང་བབས་པས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ནས་སྤོ་བོ་རྫོང་བར་གྱི་རྒྱལ་ལམ་318དུམ་བུར་ཚད་མི་འདྲ་བའི་རང་བྱུང་གནོད་འཚེ་ཐོན་ཏེ། སྤོ་བོ་རྫོང་གི་ཡིད་འོང་ཤང་དང་བྲག་ཡིབ་ཆུས་ཀྱི་ལ་ཡོད་གྲོང་ཚོ་སོགས་ཀྱི་འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་བཅས་ཚང་མ་ཆད་པས་རྒྱལ་ཁབ་གློག་དྲ་ཉིང་ཁྲི་གློག་གཏོང་ཀུང་སིས་གློག་ཤུགས་མྱུར་བཟོའི་མི་སྣ་བསྐོངས་ནས་གློག་དྲ་ཉམས་བཟོའི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ་རེད།

    གནོད་འཚེ་ཐོན་རྗེས་རྒྱལ་ཁབ་གློག་དྲ་ཉིང་ཁྲི་གློག་གཏོང་ཀུང་སིས་འཕྲལ་མར་ཉམས་བཟོའི་མི་སྣ་སྒྲིག་འཛུགས་བྱས་ཏེ་འབྲུབ་འགོག་དང་གློག་གཏོང་འགན་ལེན་ལས་ལ་ཞུགས་ཤིང་། ཟླ་7ཚེས་28ཉིན་གྱི་ཆུ་ཚོད་18ཙམ་དུ་སྤོ་བོ་རྫོང་གི་ཡིད་འོང་ཤང་དང་། རྒུ་ཤང་གསོ་ཐང་གྲོང་ཚོ་དང་ཟོང་རྭ་གྲོང་ཚོ། བྲག་ཡིབ་ཆུས་ཀྱི་ལ་ཡོད་གྲོང་ཚོ་དང་། བ་དཀར་གྲོང་ཚོ། ཀླུ་མོ་གྲོང་ཚོ་སོགས་སུ་གློག་སླར་གསོ་བྱུང་ཡོད། མིག་སྔར་ས་ཚིགས་མཐའ་མ་འཕྲེད་ལུང་ཤང་གི་ཆན་ཧྥུའུ་10ཡི་གློག་ཉམས་བཟོ་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གློག་དྲ་ཉིང་ཁྲི་གློག་གཏོང་ཀུང་སིས་ས་གནས་ས་ཐོག་གི་གནས་ཚུལ་གཞིར་བཟུང་དམིགས་སའི་རང་བཞིན་གྱི་འཕྲལ་སྡོམ་ཉེན་སེལ་ཇུས་གཞི་བཟོས་ནས་གློག་སྐུད་ཉམས་བཟོ་བྱེད་བཞིན་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392509351