བོད་ལྗོངས།
མངའ་རིས་ས་ཁུལ་གྱིས་བདེ་ཐང་དབུལ་སྐྱོར་གྱི་དམངས་ཕན་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་སྨན་བཅོས་རོགས་སྐྱོབ་ལས་དོན་རྒྱུན་མཐུད་སྤེལ་ནས་བདེ་ཐང་དབུལ་སྐྱོར་གྱི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ་དང་། མི་འབོར་དབུལ་པོར་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཡོད་པའི་འགན་ལེན། ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག་དང་དབུལ་པོར་འགྱུར་རྒྱུ་གཏན་འགོག་བཅས་བྱས་ཏེ། མངའ་རིས་ས་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    མངའ་རིས་ས་ཁུལ་གྱིས་བདེ་ཐང་དབུལ་སྐྱོར་གྱི་འགུལ་རྣམ་མ་ལག་གི“ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག་དང་དབུལ་པོར་གྱུར་བའི”གྲངས་གཞི་རྨང་གཞིར་བྱས་ཏེ། “ནད་གཞིས་རྐྱེན་པས་དབུལ་པོ་རང་ལོག་དང་དབུལ་པོར་གྱུར་བའི”མི་སྣར་ཞིབ་རྩིས་བརྒྱབ་ནས་ཕྱིར་སློག་དང་ཞིབ་བསྡུར་ངོས་འཛིན་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་པ་རེད།

    འདི་ལོ་ཚུན་དུ། མངའ་རིས་ས་ཁུལ་གྱིས་ཁྱོན་ནད་གཞི་ཚབས་ཆེ་བའི་ནད་པ་225དང་། དྲག་སྐྱེད་དཀའ་བའི་ནད་པ་529 ནད་གཞི་ཚབས་ཆེ་བའི་ཐ་སྐྱོང་ནད་པ་10བཅས་སྐྱོབ་བཅོས་བྱས་པ་དང་། སྐྱོབ་བཅོས་བྱེད་ཚད་100%ཟིན་ཡོད་པ་རེད། རྫོང་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རང་མོས་ངང་གན་རྒྱ་འཇོག་མཁན་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་ཁྱིམ་ཚང་སྨན་པའི་དབར་གན་རྒྱ་འཇོག་དགོས་རིགས་ཚང་མ་གན་རྒྱ་འཇོག་ཏུ་བཅུག་པས། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ནད་པ་ཚང་མས་ཁྱིམ་ཚང་སྨན་པ་དང་གན་རྒྱ་འཇོག་ཐུབ་པ་བྱུང་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392542371