བོད་ལྗོངས།
བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི“རིག་ལྡན་གནམ་ཐང”འཛུགས་སྐྲུན་དུས་མཚམས་གསར་པར་སླེབས་པ།

    ཉིན་ཤས་གོང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཆ་འཕྲིན་མ་རྐང་ཚད་ཡོད་ཀུང་སི་ལྷོ་ནུབ་ཁའེ་ཡ་ཡན་ལག་ཀུང་སིས་ཐུན་མོང་ཐོག་མ་དངུལ་བཏང་ནས་བཙུགས་པའི་བོད་ལྗོངས་མཁའ་འགྲུལ་ཡིད་རྟོན་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྒོ་བྱང་ལྷ་སར་བཀལ་བ་དེ་ཐོག་ནས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི“རིག་ལྡན་གནམ་ཐང”འཛུགས་སྐྲུན་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།

    ཉེ་བའི་ལོ་ཤས་རིང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ལག་རྩལ་གསར་པ་ནང་འདྲེན་ཤུགས་ཆེན་བྱས་ཏེ་ལྗོངས་ནང་ཁུལ་གྱི་གནམ་ཐང་རིག་ནུས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་གནམ་ཐང་གི་འཁོར་སྐྱོད་ལས་ཆོད་བརྟན་པོའི་ངང་མཐོ་རུ་བཏང་བ་དང་གནམ་ཐང་གི་ཤོག་མེད་ཅན་གྱི་འགག་སྒྲོལ་འཁོར་སྐྱོད་དང་རིག་ནུས་ཐོན་སྐྱེད་འཁོར་སྐྱོད་མ་ལག་འཛུགས་སྐྲུན་སོགས་ལ་སྔ་རྗེས་སུ་སྐུལ་འདེད་བཏང་བས་མི་དམངས་མང་ཚོགས་ཕྱིར་སྐྱོད་ལ་སྟབས་བདེ་སྤྲད་ཡོད།

    ལྷ་ས་གོང་དཀར་གནམ་ཐང་དུ་གནམ་ཐང་བབས་ཚུགས་གསར་སྐྲུན་བྱེད་པའི་རྣམ་གྲངས་ནང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ཕྱོགས་མང་པོ་ནས་བཅར་འདྲི་དང་འཚོལ་ཞིབ་བྱས་ཏེ་ལག་རྩལ་གསར་པ་བེད་སྤྱོད་ཁྲོད་སླར་ཡང་ཚད་བརྒལ་གསར་པ་བྱུང་བ་དཔེར་ན་འགྲུལ་ཆས་རང་འགུལ་མངགས་འདྲེན་མ་ལག་དང་། རང་འགུལ་བདེ་བཤེར་མ་ལག རིག་ལྡན་བདེ་སྲུང་སོགས་གསར་དར་ཆ་འཕྲིན་དོ་དམ་མ་ལག་སོགས་ནང་འདྲེན་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་ཕྱོགས་གཉིས་ཀྱིས་འདོད་མཐུན་འབྲེལ་གཏུག་ཐེངས་དང་པོ་བྱས་རྗེས། 2018ལོར་ཕྱོགས་གཉིས་པོས་མ་རྩ་མཉམ་འཇོག་གི་མཉམ་ལས་བསམ་ཕྱོགས་གཏན་འཁེལ་བྱས་པ་དང་། 2019ལོར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ཀྲུང་གོ་མཁའ་འགྲུལ་ཆ་འཕྲིན་ལྷོ་ནུབ་ཁའེ་ཡ་ཀུང་སི་དང་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་དེ་ནས་བོད་ལྗོངས་མཁའ་འགྲུལ་ཡིད་རྟོན་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་རེད། ཕྱོགས་གཉིས་པོས་དམ་པ་དོན་གཉེར་དང་། ཕན་ནུས་ལྡན་པ། ཕན་ཚུན་འབྲེལ་བ་གང་ལེགས་བཅས་བྱས་པ་དེ་ནི་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཀྱི་ཉིང་བཅུད་ལྟ་བུ་ཡིན་པས་ཕྱོགས་གཉིས་ཀྱི་འཐབ་ཇུས་འཕེལ་རྒྱས་ཀྱི་སྔོན་དཔག་དང་མཐུན་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392871081