བོད་ལྗོངས།
ཆབ་མདོ་གྲོང་ཁྱེར་གྱིས་རུས་ཚིགས་ནད་ཆེད་དོན་སྐྱོབ་བཅོས་ཀྱི་ལས་དོན་སྤེལ་བ།

    ཚེས་11ཉིན་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2020ལོའི“ཆབ་མདོར་བརྩེ་བ་བཅངས། སྨན་བཅོས་ལས་དྲོ་སྐྱིད་སྦྱིན”ཞེས་པའི་རུས་ཚིགས་ནད་ཆེད་དོན་སྐྱོབ་བཅོས་ཀྱི་ལས་དོན་དེ་ཁ་རུབ་ཆུས་མི་དམངས་སྨན་ཁང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

    མཛད་སྒོའི་ཐོག་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་འཐུས་མིས་ཁ་རུབ་ཆུས་མི་དམངས་སྨན་ཁང་ལ“རྒྱལ་ཁབ་ཀྱི་རུས་ཚིགས་ནད་དང་ཧྥུའུ་དུག་རུས་ནད་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཆབ་མདོའི་ལས་དོན་ས་ཚིགས”ཀྱི་བྱང་བུ་སྤྲད་པ་རེད།

    ད་ཕན་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་གནས་ཀྱི་རིམས་ནད་འགོག་བཅོས་ཀྱི་ལོ་གསུམ་གྱི་ཆེད་དོན་འགག་སྒྲོལ་བྱ་སྤྱོད་ཀྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཕྱོགས་བསྡུས་འགོག་བཅོས་དང་། ཆུ་སྤུས་ལེགས་སུ་གཏོང་བ། འབྲུ་རིགས་བརྗེ་བ། ཡུལ་གཞན་དུ་གནས་སྤོས། ཡ་རབས་སྐྱོན་བྲལ་གྱི་འཚོ་བའི་གོམས་གཤིས་དར་སྤེལ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། རུས་ཚིགས་ཀྱི་ནད་ཕོག་ཚད་ཚོད་འཛིན་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་རུས་ཚིགས་ནད་ཚབས་ཆེན་ཕོག་ཁུལ་དུ་ལོ་6ནས་12བར་གྱི་བྱིས་པར་ནད་ཕོག་ཚད་2001ལོའི་56.95%ནས་ཉེ་བའི་ལོ་གཉིས་རིང་ཀླད་ཀོར་བར་ཆག་པ་དང་རུས་ཚིགས་ནད་འགོག་བཅོས་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393691781