བོད་ལྗོངས།
2020ལོའི“སྐྱེད་མའི་སྦྲག་བསྐུར”གྱི་སྤྱི་ཕན་བྱེད་སྒོ་སྤེལ་འགོ་ཚུགས་པ།

    ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་བོད་རང་སྐྱོང་ལྗོངས་སྦྲག་སྲིད་ཡན་ལག་ཀུང་སིས་མཉམ་འབྲེལ་ཐོག་སྤེལ་བའི་2020ལོའི“སྐྱེད་མའི་སྦྲག་བསྐུར”གྱི་སྤྱི་ཕན་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས། ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་སྐུལ་སློང་བྱས་པའི“སྐྱེད་མའི་སྦྲག་བསྐུར”གྱི་བྱེད་སྒོ་དེ་ཀྲུང་གོ་སྦྲག་སྲིད་ཀྱིས་བཙུགས་པའི་སྦྲག་སྲིད་ལྗང་མདོག་བགྲོད་ལམ་ཞབས་ཞུའི་འདེགས་སྐྱོར་དུ་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་ལ“གཅིག་གཏད་གཅིག”གི་རོགས་སྐྱོར་བྱེད་ཐབས་སྤྱད་དེ། རྒྱ་ཆེའི་ཁྱིམ་ཚང་དང་སྐྱེད་མའི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་སེལ་རོགས་དང་། ལས་རིགས་ཁག་གི་དྲོ་སྐྱིད་བརྒྱུད་སྤྲོད། སྤྱི་ཚོགས་ཀྱི་བྱམས་སྐྱོང་ཚོར་བ་བཅས་བྱས་ཡོད། “སྐྱེད་མའི་སྦྲག་བསྐུར”བྱེད་སྒོ་དེ་བུད་མེད་ཀྱི་བདེ་འཇགས་བདེ་ཐང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་འདོན་སྤེལ་ཡག་པོ་བྱས་ཡོད། 2012ལོར་རང་ལྗོངས་སུ་ལག་བསྟར་བྱས་ཚུན། འབྲེལ་ཡོད་ཚན་པ་ཁག་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣ་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། མིག་སྔར་ལྗོངས་ཡོངས་སུ་སྤྱི་ཚོགས་ཀྱི་ཞལ་འདེབས་སྒོར་ཁྲི་400ལྷག་ཙམ་དང་ལེན་བྱས་པ་དང་། ཁྱིམ་ཚང་དང་སྐྱེད་མ་དང་དེ་བཞིན་ཁེ་ལས་ཀྱི་བུད་མེད་ལས་བཟོ་ཁྲི་3ཙམ་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་སྤྱི་ཚོགས་ཀྱི་གཅེས་སེམས་མཚོན་པའི“སྐྱེད་མའི་སྦྲག་བསྐུར”འབྱོར་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394366141