བོད་ལྗོངས།
དམངས་འཚོར་གཟིགས་སྐྱོང་བྱས་ཏེ་འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ།

    —— ཧོ་པེའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་རུ་ཐོག་རྫོང་གི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་གནས་ཚུལ་ཐོར་བུ།

    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཝུན་ཁེ་དང་། བློ་བཟང་བསྟན་འཛིན། ཟླ་སྒྲོན།

    འདི་ལོ་ཚུན་དུ་ཧོ་པེའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ཀྲུང་དབྱང་གིས་བཏོན་པའི“གསར་པ་གཉིས་དང་གཙོ་གནད་གཅིག”གི་རྣམ་གྲངས་འཛུགས་སྐྲུན་གྱི་རྒྱབ་སྐྱོར་གྱི་ཁ་ཕྱོགས་གཙོ་བོ་དང་བསྡུར་བ་གཏིང་ཟབ་བྱས་ཏེ། རུ་ཐོག་རྫོང་གི“དམངས་འཚོ་དང་། སྣོད་བཅུད། འཕེལ་རྒྱས། མཐའ་མཚམས་སྟོབས་ཆེར་གཏོང་བ”བཅས་ཀྱི་དོན་ཆེན་བཞིར་དམིགས་པ་དང་། དམངས་འཚོ་ལེགས་གཏོང་དང་། སྣོད་བཅུད་སྲུང་སྐྱོང་། ཞན་ཆ་སེལ་བ། མཐའ་མཚམས་སྟོབས་ཆེར་དང་བརྟན་ལྷིང་བཅས་ཀྱི་གཙོ་གནད་དོན་ཚན་བཞིར་དམིགས་པ། རོགས་སྐྱོར་བྱ་ཡུལ་གྱི་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། འཕེལ་རྒྱས་ཀྱི་སྟོན་ཕྱོགས། དགོས་མཁོའི་སྟོན་ཕྱོགས་བཅས་ལ་སྤྱི་འདོམས་བཀོད་སྒྲིག་དང་ཟུང་འབྲེལ་བཅས་བྱས་ནས། མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་3.7བཏང་བའི་ཧོ་པེ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་རུ་ཐོག་རྫོང་གི“ལོ་ལྔ་ཚན་བཅུ་བཞི་པའི”རྣམ་གྲངས་རིགས་14ཡི་ཁག་27སྔར་བས་ཇུས་འགོད་འཆར་འགོད་བྱས་ཤིང་། རྣམ་གྲངས་འཛུགས་སྐྲུན་གྱི་དུས་འགོའི་འབྲེལ་ཡོད་འགྲོ་ལུགས་སྔ་སྣུར་ནས་གཉེར་ཏེ། 2021ལོ་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཐུབ་པའི་བརྩོན་ལེན་བྱས་པ་རེད།

    ཧོ་པེའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་མི་དམངས་མང་ཚོགས་ཀྱི་བདེ་སྡོད་དང་། འཐུང་ཆུའི་བདེ་འཇགས། དེ་བཞིན་སྨན་བཅོས་དང་སློབ་གསོ་སོགས་དགོས་མཁོ་ཆེ་ཤོས་རྣམས་འགན་ལེན་དང་ཟུང་འབྲེལ་བྱས་ཏེ། མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་1.58གཏོང་རྩིས་ཡོད་པའི་རུ་ཐོག་ལྕགས་སྒང་ཚོགས་ཆུང་གཉིས་པ་དང་གསུམ་པའི་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོ་སོགས་དམངས་འཚོའི་རིགས་ཀྱི་འཛུགས་སྐྲུན་རྣམ་གྲངས་8ཇུས་འགོད་ལག་བསྟར་བྱ་རྒྱུ་དང་། མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་8000གཏོང་རྩིས་ཡོད་པའི་རུ་ཐོག་རྫོང་ལྕགས་སྒང་ཚོགས་ཆུང་གཉིས་པ་དང་གསུམ་པའི་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོས་འཛུགས་སྐྲུན་དེ་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོས་དཔེ་མཚོན་ལས་གྲྭ་ཞིག་ཏུ་གཙོ་བོར་སྐྲུན་རྒྱུ་རེད། མ་དངུལ་སྒོར་ཁྲི་1800གཏོང་རྩིས་ཡོད་པའི་རུ་ཐོག་རྫོང་གི་ཚད་ལྡན་ཅན་གྱི་ཆུ་ཀ་ལ་བཟོ་གྲྭའི་དུས་ཐེངས་གཉིས་པའི་ལས་གྲྭའི་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་ཧྲིལ་པོའི་ཆུ་མཁོ་འདོན་མདོང་དྲ་དུད་ཚང་དུ་འཁྲིད་རྒྱུ་ལེགས་གྲུབ་ཟིན་ནས་ཆུའི་སྤུས་ཚད་ཞིབ་བཤེར་བརྟག་དཔྱད་ཀྱི་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཆུ་ཚོད་24ཡི་རིང་རྒྱུན་མི་ཆད་པར་བདེ་འཇགས་ཆུ་མཁོ་འདོན་ཐུབ་པ་བྱ་རྒྱུ་རེད།

    སྣོད་བཅུད་སྲུང་སྐྱོང་གི་ཐད་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་སླར་གསོ་དང་ལེགས་སུ་གཏོང་བ་བརྗོད་དོན་གཙོ་བོར་བྱས་ཏེ། མ་དངུལ་ཁྱོན་བསྡོམས་སྒོར་ཁྲི་5150གཏོང་རྩིས་ཡོད་པའི་རུ་ཐོག་རྫོང་སྡེ་རུབ་གྲོང་ཚོའི་སྤང་གོང་རྒྱ་ལྕང་སྡོང་ཕྲུག་ར་བ་དང་སྣོད་བཅུད་སླར་གསོ་འཛུགས་སྐྲུན་རྣམ་གྲངས་སོགས་སྣོད་བཅུད་ཁོར་ཡུག་སླར་གསོའི་སྒྱུར་བཀོད་རིགས་ཀྱི་འཛུགས་སྐྲུན་རྣམ་གྲངས་4ཇུས་འགོད་ལག་བསྟར་བྱ་རྒྱུ་དང་། མ་དངུལ་སྒོར་ཁྲི་3000གཏོང་རྩིས་ཡོད་པའི་རུ་ཐོག་རྫོང་སྡེ་རུབ་གྲོང་ཚོར་སྤང་གོང་རྒྱ་ལྕང་སྡོང་ཕྲུག་ར་བ་དང་སྣོད་བཅུད་སླར་གསོའི་རྣམ་གྲངས་ལག་བསྟར་བྱས་ཏེ། མ་དཀར་རྩྭ་ཐང་གི་སྣོད་བཅུད་འདམ་རའི་མཛེས་ལྗོངས་ཡོངས་སླར་གསོ་བྱས་ནས་ཡུལ་སྐོར་གྱི་འཕར་གཞི་གསར་པ་ཞིག་ཏུ་འགྱུར་ཐུབ་པ་བྱ་རྒྱུ་རེད།

    གྲོང་ཁྱེར་དོ་དམ་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་སྒོར་ཁྲི་1000གཏོང་རྩིས་ཡོད་པའི་རྫོང་གྲོང་གི་གྲོང་ཁྱེར་དོ་དམ་གྱི་ཞོར་གཏོགས་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་། མ་དངུལ་སྒོར་ཁྲི་800བཏང་ནས་འཚོ་བའི་གད་སྙིགས་སྦས་སའི་ཐོན་ཁུངས་དབྱེ་འདེམས་ལྟེ་གནས་བསྐྲུན་རྩིས་ཡོད་པ་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་སྔར་བས་ལེགས་སུ་འགྲོ་རྒྱུ་དང་འབྲེལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་དང་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད།

    ཧོ་པེའི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་འཕེལ་རྒྱས་ཀྱི་ཞན་ཆ་ཧུར་ཐག་བསལ་ནས་རུ་ཐོག་གི་ཁུ་ལུའི་ཐོན་ལས་ཀྱི་སྤུས་ཚད་ཆེ་རུ་དང་ཕན་འབྲས་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་ཐོན་ལས་དང་། དམངས་ཕྱུག་འབབ་འཕར། དེ་བཞིན་སྤྱི་ཚོགས་བྱ་གཞག་ཁྲོད་ཀྱི་ཤེས་ལྡན་པ་དང་རིག་སྟོབས་མི་འདང་བ་སོགས་ལེགས་བཅོས་བྱེད་དགོས་ངེས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མ་དངུལ་སྒོར་ཁྲི་9725གཏོང་རྩིས་ཡོད་པའི་རུ་ཐོག་རྫོང་གི་ཁུ་དཀར་རའི་ཁུ་སྤུས་དཔྱད་ཞིབ་དང་ཧབ་ཚོང་ལྟེ་གནས་འཛུགས་སྐྲུན་སོགས་ཐོན་ལས་རིམ་སྤོར་དང་སྤེལ་རེས་མཉམ་འདྲེས་ཀྱི་རྣམ་གྲངས་10ཇུས་འགོད་ལག་བསྟར་མགྱོགས་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་རེད།

    མ་དངུལ་སྒོར་ཁྲི་1500གཏོང་རྩིས་ཡོད་པའི་རུ་ཐོག་རྫོང་ཁུལ་དཀར་རའི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་དང་། སྒོར་ཁྲི་2000གཏོང་རྩིས་ཡོད་པའི་ཁུལ་དཀར་རའི་ས་ཁོངས་རང་བཞིན་གྱི་སྤུས་ཚད་ཚོད་འཛིན་འཁོར་རྒྱུག་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་རྣམ་གྲངས། སྒོར་ཁྲི་1500གཏོང་རྩིས་ཡོད་པའི་ཁུལ་དཀར་རའི་ཁུ་སྤུས་དཔྱད་ཞིབ་དང་ཧབ་ཚོང་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་དང་། སྒོར་ཁྲི་225གཏོང་རྩིས་ཡོད་པའི་ཁུལ་དཀར་རའི་ཁུ་ལུའི་རྒྱལ་ཁབ་ཕྱི་ནང་གི་ས་ཁམས་མཚོན་རྟགས་ཀྱི་དཔང་རྟགས་ཚོང་རྟགས་དང་། ས་ཁམས་མཚོན་རྟགས་དོ་དམ་མ་ལག་འཛུགས་སྐྲུན་རྣམ་གྲངས་བཅས་ལ་བརྟེན་ནས་རུ་ཐོག་རྫོང་གི་ཁུལ་དཀར་ར་གསོ་སྤེལ་མ་ལག་ནས་ཐོན་སྐྱེད་དང་ཕྱིར་ཚོང་གི་དཔེ་དབྱིབས་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཁུལ་དཀར་རའི་ཐོན་ལས་ཟམ་མི་ཆད་པར་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་ཐུབ་པ་བྱ་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394390871