བོད་ལྗོངས།
དབུལ་སྒྲོལ་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ།

    འདི་ནི་འགྲེམས་ཞུགས་ཚོང་པས་དྲ་རྒྱ་ནས་ཐོན་རྫས་ངོ་སྤྲོད་དང་བྲིན་ཚོང་བྱེད་བཞིན་པ།

    འདི་ནི་འགྲེམས་ཞུགས་ཚོང་པས་སྐུ་མགྲོན་ལ་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

    ཟླ་10ཚེས་17ཉིན་གྱི་སྔ་དྲོ། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཐོན་ལས་ཀྱི་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་ལྷ་སར་བྱེད་འགོ་ཚུགས་ཤིང་། ད་ཐེངས་ཀྱི་གྲུབ་འབྲས་འགྲེམས་སྟོན་དུ་གྲོང་ཁྱེར་དང་ས་ཁུལ་7ནས་ཡོང་བའི་དབུལ་སྐྱོར་ཐོན་ལས་ཀྱི་གཉེར་སྐྱོང་བྱེད་པོ་ཁྱོན་300ལྷག་ཙམ་ཞུགས་པ་དང་། འགྲེམས་ཞུགས་ཚོང་ཟོག་གི་གྲས་སུ་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་པའི་ལས་སྣོན་ཞིབ་མོ་བྱས་པའི་ཐོན་རྫས་དང་། རང་བྱུང་འཐུང་ཆུ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་ཐོན་རྫས། ཡུལ་སྐོར་དང་རིག་གནས་ཐོན་རྫས་སོགས་ཡོད་པ་རེད། འགྲེམས་ཚོང་འདི་ཟླ་10ཚེས་23ཉིན་བར་བྱ་རྒྱུ་ཡིན་པས་གྲོང་མི་ཚོ་ལྟ་སྐོར་དང་འཛད་སྤྱོད་བྱེད་པར་ཕེབས་ཆོག་གི་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394509601