བོད་ལྗོངས།
ཀྲུང་གོའི་ནུབ་རྒྱུད་འཛད་སྤྱོད་དབུལ་སྐྱོར་ལྟེ་གནས་བོད་ལྗོངས་འགྲེམས་ཁང་སྒོ་ཕྱེ་བ།

    འདི་ནི་ཀྲུང་གོའི་ནུབ་རྒྱུད་འཛད་སྤྱོད་དབུལ་སྐྱོར་ལྟེ་གནས་བོད་ལྗོངས་འགྲེམས་ཁང་གི་ལས་དོན་མི་སྣས(གཡོན)འཛད་སྤྱོད་པར་དབུལ་སྐྱོར་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

    ཉེ་ཆར། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་མཐུན་སྦྱོར་དོན་འཁྱོལ་བྱས་པའི་ཀྲུང་གོའི་ནུབ་རྒྱུད་འཛད་སྤྱོད་དབུལ་སྐྱོར་ལྟེ་གནས་བོད་ལྗོངས་འགྲེམས་ཁང་ཁྲུང་ཆིང་དུ་སྒོ་ཕྱེ་བ་དེ་ཐོག་ནས་་བོད་ཀྱི་དབུལ་སྐྱོར་ཐོན་རྫས་ཁྲུང་ཆིང་གི་འཛད་སྤྱོད་དབུལ་སྐྱོར་ཁྲོམ་རར་དངོས་སུ་བཏོན་པ་མཚོན་ཡོད།

    སྒོ་ཕྱེ་བའི་ཉིན་དེར། འགྲེམས་ཚོང་མི་སྣས་གཟབ་མཆོར་ལེགས་པར་སྤྲས་ཏེ་གངས་ལྗོངས་ས་མཐོའི་རི་བོ་ཆེའི་ཚགས་ཤ་སྐམ་པོ་དང་། ཁ་རུབ་བོད་ཕག་གི་བསྙལ་ཤ ཆུ་འཁོར་གྱི་རྩམ་པ། ནག་ཆུའི་དབྱར་རྩྭ་དགུན་འབུ། ཟུར་སྡེ་ཤོད་ཀྱི་སུར་པན་དམར་འདུར། བདག་དམར་གཡང་གི་རྒུན་འབྲུམ་ཨ་རག བྲག་གཡབ་ཀྱི་ཀུ་ཤུའི་སྐྱུར་སོགས་བོད་ཀྱི་ཁྱད་ལྡན་ཐོན་རྫས་སྣ་ཁ་300ལྷག་ཙམ་དང་། ཡིད་འོང་གི་བོད་གྲི་དང་། སྟེང་ཆེན་གྱི་བ་སོའི་གཡུ་ཆས། མེ་ཏོག་གི་རྡོ་ཁོག མཛོ་སྒང་གི་ཤིང་ཕོར། བོད་རུམ། བོད་སྤོས་སོགས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སྣ་ཁ་100ལྷག་ཙམ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། ལྟ་བས་མི་ངོམས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱིས་གྲོང་མི་མི་ཉུང་བ་ཞིག་དངོས་ཟོག་འདེམས་ཉོ་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394853201