བོད་ལྗོངས།
བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས“རླངས་འཁོར་བརྒྱ་དང་མི་སྟོང་ལེ་དབར་ཁྲིར་སྐྱོད་པའི”མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་ཀྱི་119མེ་ཟོན་ཉིན་མོའི་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས“རླངས་འཁོར་བརྒྱ་དང་མི་སྟོང་ལེ་དབར་ཁྲིར་སྐྱོད་པའི”མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས“རླངས་འཁོར་བརྒྱ་དང་མི་སྟོང་ལེ་དབར་ཁྲིར་སྐྱོད་པའི”མེ་ཟོན་དྲིལ་བསྒྲགས་བྱེད་སྒོའི་འགོ་ཚུགས་མཛད་སྒོ་སྦྱོང་བརྡར་རུ་ཆེན་དུ་གཉེར་བའི་དམིགས་ཡུལ་ནི་སྤྱི་ཚོཌ་ལས་རིགས་ཁག་གི་སྟོབས་ཤུཌ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་ཀའི་ནང་ཞུགས་ཏེ་སྤྱི་ཚོགས་ཧྲིལ་པོའི་དམངས་ཚོགས་ཀྱིས་ནགས་ཚལ་མེ་ཟོན་གྱི་རྒྱུན་ཤེས་སྦྱོང་བ་དང་། ནགས་ཚལ་མེ་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ནགས་ཚལ་མེ་ཟོན་གྱི་རྩལ་ནུས་ཁོང་དུ་ཆུད་པ་བཅས་བྱས་ཏེ་ནགས་ཚལ་མེ་ཟོན་གྱི་མཉམ་འགོག་མཉམ་བཅོས་ཀྱི་མི་དམངས་ཀྱི་དམག་འཁྲུག་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱ་རྒྱུ་དེ་རེད།

    བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ལིའུ་དབྱི་ཆོན་གྱིས་གཏམ་བཤད་སྤེལ་སྐབས། ང་ཚོས་ངེས་པར་དུ་བོད་ཀྱི་གནམ་སྔོ་སྤྲིན་དཀར་དང་རྩྭ་དང་རྩི་ཤིང་སྲུང་སྐྱོང་ཡག་པོ་བྱེད་པ་དང་བོད་ཀྱི་རི་སྔོ་ཆུ་དྭངས་དང་གསེར་རི་དངུལ་རི་ཡིན་པར་སྲུང་སྐྱོང་ཡག་པོ་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་བྱས་པ་རེད།

    འགོ་ཚུགས་མཛད་སྒོ་གཉེར་ཟིན་རྗེས། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས“རླངས་འཁོར་བརྒྱ་དང་མི་སྟོང་ལེ་དབར་ཁྲིར་སྐྱོད་པའི”མེ་ཟོན་དྲིལ་བསྒྲཌ་རླངས་འཁོར་ལྷ་སའི་གྲོང་ཁུལ་དུ་སྐོར་སྐྱོད་དྲིལ་བསྒྲཌ་བྱེད་པར་སྐྱོད་འགོ་ཚུགས་ཡོད། རླངས་འཁོར་དེ་དག་གྲོང་ཁྱེར་གྱི་ལྟེ་བ་དང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་སོགས་མི་ཚོགས་སྟུག་ཁུལ་དུ་བསྐྱོད་དེ《ནགས་ཚལ་བཅའ་ཁྲིམས》དང《རྩྭ་ཐང་གི་བཅའ་ཁྲིམས》《ནགས་ཚལ་མེ་ཟོན་གྱི་སྲོལ་ཡིག》སོགས་འབྲེལ་ཡོད་དོན་ཚན་དྲིལ་བསྒྲགས་བྱས་ཏེ་ནགས་ཚལ་མེ་ཟོན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ནགས་ཚལ་མེ་ཟོན་གྱི་རྨང་གཞིའི་ཤེས་བྱ་སྤྱི་ཚོཌ་ཐོག་ཡོངས་ཁྱབ་ཐུབ་པ་བྱས་ནས་ནགས་ཚལ་མེ་ཟོན་སྔོན་འགོག་དང་། ནགས་ཚལ་མེ་གསོད། སྲོག་ཉེན་ལས་ཐར་ཐབས་དང་རང་སྐྱོབ་བཅས་བྱེད་པའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ནཌ་ཚལ་མེ་ཟོན་ལས་དོན་གྱི་སྤྱི་ཚོཌ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395189901