བོད་ལྗོངས།
“བཅུ་གཅིག་ཟུང་གི་ཟོག་ཉོའི་དུས་ཆེན”རིང་རང་ལྗོངས་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་4ལྷག་ཙམ་ཟིན་པ།

    གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2020ལོའི“བཅུ་གཅིག་ཟུང་གི་ཟོག་ཉོའི་དུས་ཆེན”(ཟླ་11ཚེས་1ཉིན་ནས་11བར)རིང་བོད་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་4.22ཟིན་པ་དེ་དུས་མཚུངས་ལས་29.55%འཕར་བ་དང་། དེའི་ནང་དངོས་རྫས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་3.42ཟིན་པ་དེས་དྲ་ཐོག་སིལ་ཚོང་དངུལ་འབོར་ཡོངས་ཀྱི་81.02%ཟིན་པ། ཞབས་ཞུའི་རིགས་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་0.8ཟིན་པ་དེས་དྲ་ཐོག་སིལ་འཚོང་དངུལ་འབོར་ཡོངས་ཀྱི་18.98%ཟིན་པ་བཅས་རེད།

    “བཅུ་གཅིག་ཟུང་གི་ཟོག་ཉོའི་དུས་ཆེན”རིང་བོད་ཀྱི་ཞིང་ཟོག་ཐོན་རྫས་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་0.75ཟིན་པ་དེ་དུས་མཚུངས་ལས་21.75%འཕར་བ་དང་། སྣ་ཁ་ཁག་གི་ཁྲོད་སྔོ་སྨན་དང་། ཤིང་ཏོག ཤ་རིགས་བཅས་མདུན་གྱི་ཨང་གསུམ་པར་སླེབས་ཤིང་། དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་0.69དང་། སྒོར་དུང་ཕྱུར་0.02 སྒོར་དུང་ཕྱུར་0.01བཅས་ཟིན་པ་དེའི་ནང་དབྱར་རྩྭ་དགུན་འབུ་དང་། ཁ་ཆེ་ཤ་སྐམ། བེ་ཤ་བཅས་བྲིན་ཁ་རྒྱུག་ཤོས་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395240781