བོད་ལྗོངས།
ལྷ་ས་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱིས་མང་ཚོགས་ལ་སྟབས་བདེའི་སྨན་བཅོས་འགན་སྲུང་གི་ལས་དོན་སྒྲུབ་པ།

    “སྨན་བཅོས་འགན་སྲུང་སྐར་ཁུང་གི་འགྲོ་ལུགས་སྟབས་བདེ་བ་དང་ལས་དོན་མི་སྣའི་ལས་སྒོ་བྱང་ཆུབ་པས། ངས་ཟླ་ཕྱེད་ནང་སྨན་ཁང་དུ་ཞག་སྡོད་བྱས་པའི་སྨན་རིན་རྩིས་ཞུ་ཐུབ་ནས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་ཕྱིན་སོང”ཉིན་ཤས་གོང་ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་སྨན་བཅོས་འགན་སྲུང་ལས་དོན་སྐར་ཁུང་དུ་གྲོང་མི་ལི་ཝེ་ཡུང་གིས“དམངས་ཀྱི་བྱ་བ་ལྷག་བསམ་རྣམ་དག་གིས་བསྒྲུབས་ནས་དཀའ་གནད་བསལ་བས་བཀའ་དྲིན་མཚོ་ལས་ཟབ”ཅེས་བྲིས་པའི་གོས་དར་ཞིག་སྐར་ཁུང་གི་འགན་འཁུར་བ་ལུའུ་ཀང་ལ་སྤྲད་དེ། ཁོང་ཚོའི་འགྲོ་ལུགས་སྟབས་བདེ་བ་དང་། ལས་སྒོ་བྱང་ཆུབ་པ། ལས་ཀའི་འགན་སེམས་ཆེ་བ་བཅས་ལ་བསྔགས་བརྗོད་བྱེད་སེམས་མཚོན་པར་བྱས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་4ཚེས་13ཉིན་ནས་བཟུང་རིམ་གསུམ་ཞབས་ཞུའི་ཚོམས་ཆེན་དུ་བཅའ་སྡོད་བྱས་པ་ནས་བཟུང་། སྨན་བཅོས་འགན་སྲུང་གི་ལས་དོན་སྐར་ཁུང་གིས་ཞབས་འདེགས་ཞུ་སྟངས་ལེགས་སུ་དང་འགྲོ་ལུགས་གཉེར་སྟངས་སྟབས་བདེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྨན་བཅོས་འགན་སྲུང་ཆ་འཕྲིན་མ་ལག་འཛུགས་མགྱོགས་སུ་གཏོང་བ་དང“དྲ་སྦྲེལ+སྨན་བཅོས་འགན་སྲུང”ལ་སྐུལ་འདེད་ཧུར་ཐག་བཏང་བས། སྨན་བཅོས་འགན་སྲུང་གི་སྲིད་དོན་ཞབས་ཞུའི་ལས་སྒྲུབ་ཁག་དྲ་སྦྲེལ་གྱི་དུད་སྣེ་དང་སྒུལ་བདེའི་དུད་སྣེར་ཁྱབ་གདལ་ཐུབ་ནས“དྲ་ཐོག་ཏུ་གཉེར་རྒྱུ”མངོན་འགྱུར་བྱུང་སྟེ། ཞབས་འདེགས་ཞུ་ཡུལ་དུ་ལས་ཕྱོད་ཆེ་ལ་སྟབས་བདེ་བའི་སྨན་བཅོས་འགན་སྲུང་གི་ལས་དོན་སྒྲུབ་བཞིན་ཡོད། དེ་དང་དུས་མཚུངས་སྨན་བཅོས་འགན་སྲུང་གི་ལས་དོན་སྐར་ཁུང་གིས་མང་ཚོགས་ཚོར་སྲིད་དོན་ཞབས་ཞུ་སྒྲུབ་པར་མཁོ་བའི་དཔྱད་གཞིའི་ཡིག་ཆ་སྟབས་བདེ་རུ་བཏང་སྟེ། དྲ་གཅིག་ཀུན་གཉེར་དང་། ས་ཚིགས་གཅིག་ཏུ་ཚང་མ་གཉེར་བ། གཞི་གཅིག་ཅན་གྱི་ཞབས་ཞུ་མངོན་འགྱུར་གང་ཐུབ་ཡོང་བ་བྱས་པས། ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད། མང་ཚོགས་ཡར་རྒྱུག་མར་རྒྱུག་ཐེངས་མང་བྱེད་མི་དགོས་པ་བྱུང་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395240881