བོད་ལྗོངས།
ཆབ་མདོ་གྲོང་ཁྱེར་གྱི་མི་ཁྲི་20ཙམ་རྦད་དེ་དབུལ་སྒྲོལ་བྱུང་བ།

    ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཆབ་མདོ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2019ལོའི་ལོ་མཇུག་བར། ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་དུད་ཚང་ཁྲི་3.84ཡི་མི་ཁྲི་19.46དབུལ་སྒྲོལ་བྱུང་བ་དང་། རྫོང(ཆུས)11ཚང་མ་དབུལ་ཞྭ་ཕུད་པ། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་སེལ་ནས། མི་འབོར་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་9342.35ཟིན་ཡོད།

    ཆབ་མདོ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་དངོས་གྲུབ་ཟླ་བས“ང་ཚོས‘ཁག་གཅིག་རེ་ལྔ’དང‘གནད་སྨིན་དྲུག’གི་ལས་དོན་གྱི་བླང་བྱ་ལག་བསྟར་ནན་པོ་བྱས་ཏེ་རིམ་བཞིའི་ཧྲུའུ་ཅིས་དབུལ་སྒྲོལ་འགག་སྒྲོལ་ལ་དམ་འཛིན་དང་ཏང་སྲིད་ཀྱི‘འགོ་ཁྲིད་ཨང་དང་པོས’དབུལ་སྐྱོར་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་གྱིས་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་། དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལག་བསྟར་བསམ་འཆར་བཟོས་པ་དང་། གྲོང་ཁྱེར་ཡོངས་ཀྱི‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་འགོད་དང་ཆེད་དོན་ཇུས་གཞི་15བཟོས་པ། ལོ་འཁོར་གོང་མའི་གྲོང་ཁྱེར་དང་རྫོང་རིམ་པ་དེ་རང་གི་ནོར་སྲིད་གཏོང་ཆའི་10%དབུལ་སྒྲོལ་འགག་སྒྲོལ་ཐད་སྤྱི་འདོམས་བེད་སྤྱོད་དང་འཆར་གཞིའི་ནང་གི་བོད་སྐྱོར་མ་དངུལ་ཚང་མ་གནད་སྨིན་དབུལ་སྐྱོར་དང་། སློབ་གསོ། འཕྲོད་བསྟེན་སོགས་ཐད་སྤྱོད་རྒྱུའི་གཏན་འཁེལ་བྱས་ཡོད། དེ་བཞིན་གསར་སྣོན་མ་དངུལ་དང་། རྣམ་གྲངས། བྱེད་ཐབས་བཅས་ཚང་མ་ཤིན་ཏུ་དབུལ་བའི་ས་ཁུལ་ལ་ཕྱོགས་ཏེ་ཐུན་མོང་ཐོག་དམངས་ཕྱུག་ཐོན་ལས་དབུལ་སྒྲོལ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྒྲོལ། སློབ་གསོ་འཕེལ་རྒྱས་དབུལ་སྒྲོལ། སྣོད་བཅུད་ཁ་གསབ་དབུལ་སྒྲོལ། བདེ་ཐང་དབུལ་སྐྱོར་དབུལ་སྒྲོལ། ལས་ཞུགས་གཞན་སྒྱུར་དབུལ་སྒྲོལ། སྤྱི་ཚོགས་འགན་སྲུང་དང་ཐ་སྐྱོང་དབུལ་སྒྲོལ། རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་དབུལ་སྒྲོལ། སྤྱི་ཚོགས་རོཌ་སྐྱོར་དབུལ་སྒྲོལ། འདུ་ཤེས་གཞན་སྒྱུར་དབུལ་སྒྲོལ་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད”ཅེས་བརྗོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395241021