བོད་ལྗོངས།
བོད་ལྗོངས་མཁའ་འགྲུལ་གྱིས་གནམ་གྲུའི་སྤ་སེའི་རིན་གོང་ཕྱེད་ཀ་གཅོག་རྒྱུ་ཡིན་པ།

    ཉེ་དུས་གསར་འགོད་པར་བོད་ལྗོངས་མཁའ་འགྲུལ་ནས་ཤེས་རྟོགས་བྱུང་བར། 2020ལོའི་ཟླ་12ཚེས་31ཉིན་ནས་བཟུང་། བོད་ཀྱི་ས་གནས་དེ་གའི་མང་ཚོགས་ཀྱིས་བོད་ལྗོངས་མཁའ་འགྲུལ་གྱིས་དངོས་སུ་སྐྱེལ་འདྲེན་གྱི་འགན་ཁུར་བའི་ལྷ་ས་ནས་མངའ་རིས་བར་དང་ལྷ་ས་ནས་ཆབ་མདོ་བར་གྱི་ལྗོངས་ནང་ཁུལ་མཁའ་ལམ་གྱི་གནམ་གྲུའི་སྤ་སེར་གོང་ཁེའི་སྡོད་སར་རིན་གོང་ཕྱེད་ཀ་གཅོག་རྒྱུ(གཞུང་དོན་སྒྲུབ་ཁང་དང་རིམ་མཐོའི་གོང་ཁེའི་སྡོད་ས་ཚུད་མེད)

    ངོ་སྤྲོད་བྱས་པར་གཞིགས་ན། གཤམ་གསལ་གྱི་ཆ་རྐྱེན་གཉིས་ཁྲོད་ཀྱི་གཅིག་ཚང་ཚེ་རིན་གོང་བཅག་པའི་སྤ་སེ་ཉོ་ཆོག ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ཐོག་མ“54”ཡིན་པའི་ཡུལ་སྐོར་བས་བོད་ལྗོངས་མཁའ་འགྲུལ་གྱི་གཞུང་ཕྱོགས་དྲ་བ་དང་། སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་དང་སྐད་འཕྲིན་གྱི་སྤྱི་རྟགས(བོད་ལྗོངས་མཁའ་འགྲུལ) ཉིན་མཚན་བལྟོས་མེད་ཀྱི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་956096བཅས་དང་དེ་བཞིན་ཁོངས་གཏོགས་སོ་སོའི་སྤ་སེ་འཚོང་སའི་སྒྲོམ་སྟེགས་དང་བོད་ལྗོངས་མཁའ་འགྲུལ་གྱིས་དབང་ཆ་སྤྲད་པའི་མངའ་རིས་དང་ཆབ་མདོའི་མཁའ་སྐྱོད་ས་ཚིགས་ཀྱི་སྤ་སེ་འཚོང་ས་ནས་སྤ་སེ་ཉོ་བ་དང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྤྲོད་མཁན་རང་སྐྱོང་ལྗོངས་ནང་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཡིན་པ་མ་ཟད་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཐོག་གི་ས་གནས་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཡིན་པའི་ཡུལ་སྐོར་བས་ཉིན་མཚན་བལྟོས་མེད་ཀྱི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་956096དང་། ཁོངས་གཏོགས་སོ་སོའི་སྤ་སེ་འཚོང་སའི་སྒྲོམ་སྟེགས། བོད་ལྗོངས་མཁའ་འགྲུལ་གྱིས་དབང་ཆ་སྤྲད་པའི་མངའ་རིས་དང་ཆབ་མདོའི་མཁའ་སྐྱོད་ས་ཚིགས་ཀྱི་སྤ་སེ་འཚོང་ས་བཅས་ནས་སྤ་སེ་ཉོ་ཆོག་གི་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396429651