བོད་ལྗོངས།
བོད་ལྗོངས་ལ་ལྷོ་ཆུ་བེད་ལྟེ་གནས་དང་ལྷན་སྦྱར་ཞིང་ཆུ་འདྲེན་ཁུལ་ལས་གྲྭའི་གློག་ཁང་ནས་གློག་གཏོང་འགོ་ཚུགས་པ།

    ཉེ་ཆར། བོད་ལྗོངས་ལ་ལྷོ་ཆུ་བེད་ལྟེ་གནས་དང་ལྷན་སྦྱར་ཞིང་ཆུ་འདྲེན་ཁུལ་ལས་གྲྭའི(གཤམ་དུ“ལ་ལྷོ་ལས་གྲྭ”ཞེས་བསྡུ་རྒྱུ)གློག་ཁང་ནས་དངོས་སུ་གློག་གཏོང་འགོ་ཚུགས་པ་དང་ཞིང་ཆུ་འདྲེན་ཁུལ་ཆེན་པོ་བཞིར་བདེ་བླག་ངང་ཆུ་བཏང་བ་དེའི་ཐོག་ནས་ལ་ལྷོ་ལས་གྲྭ་བསྐྲུན་ཟིན་པ་དང་ཕན་འབྲས་ཐོན་པ་མཚོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལ་ལྷོ་ཆུ་བེད་ལྟེ་གནས་དང་ལྷན་སྦྱར་ཞིང་ཆུ་འདྲེན་ཁུལ་ལས་གྲྭ་ནི《“ལོ་ལྔ་ཚན་བཅུ་གཉིས་པའི”ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་འཆར་འགོད་ཇུས་གཞིའི》ཁྲོད་ཀྱི་རྣམ་གྲངས་ཀྱི་གྲས་ཤིག་དང་། རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ཆུ་བེད་ལས་གྲྭ་གལ་ཆེན་ཁག་172ཁྲོད་ཀྱི་གྲས་ཤིག ད་བར་བོད་ཀྱི་ཆུ་བེད་ཐད་མ་དངུལ་གཏོང་མང་ཤོས་དང་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་དོད་ཤོས་ཀྱི་ལས་གྲྭ་ཞིག་བཅས་རེད། ལ་ལྷོ་ལས་གྲྭར་གཙོ་བོ་ལྟེ་གནས་ལས་གྲྭ་དང་ཞིང་ཆུ་འདྲེན་ཁུལ་ལས་གྲྭ་གཉིས་ལས་གྲུབ་པ་དང་སྤྱིའི་ཤོང་ཚད་སྨི་བརྒྱ་དཔངས་ངོས་གྲུ་དུང་ཕྱུར་2.965ཟིན་པ་དང་། ལས་གྲྭས་ཞིང་ཆུ་འདྲེན་རྒྱུ་གཙོ་བོ་བྱས་པ་དང་། ཞོར་དུ་ཆུ་མཁོ་འདོན་དང་། གློག་གཏོང་བ། ཆུ་ལོག་འགོག་པ་བཅས་བྱས་ནས། ཁུལ་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ལས་གྲྭ་གཙོ་བོ་དེ་2015ལོའི་ཟླ་5པར་སྐྲུན་འགོ་བཙུགས་པ་དང་2020ལོའི་ཟླ་12པར་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད།

    ད་ཐེངས་སྤྱོད་འགོ་ཚུགས་པའི་ལ་ལྷོ་ཆུ་ཤུགས་གློག་ཁང་དུ་གློག་འདོན་འཕྲུལ་འཁོར་བཞི་ཡོད་པ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་42MWཟིན་ནས་བོད་དབུས་གློག་དྲར་ནུས་རྒྱུ་གཙང་མའི་གློག་ནུས་ཏུའུ་དུང་ཕྱུར་1ཡན་མཁོ་འདོན་བྱས་ཡོད། ལ་ལྷོའི་ཞིང་ཆུ་འདྲེན་ཁུལ་ལ་ཆུ་ཤར་གཏོང་ཐུབ་པའི་ཐོག་ནས་ལས་གྲྭའི་ཁྱབ་ཁོངས་ཀྱི་སེང་གེ་རྩེ་དང་། བྲག་མཇུག ཆུ་མིག ཉི་རི་གཞུང་སོགས་ཀྱི་ས་ཆར་ཞིང་ཆུ་འདྲེན་པའི་མ་ལག་རགས་ཙམ་ཆགས་ནས་། ཚོད་འཛིན་ཐུབ་པའི་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་45.39ཟིན་པ་དང་དེའི་ཁོངས་གཏོགས་ཁུལ་གྱི་ཞིང་ཆུ་འདྲེན་ཐུབ་པའི་འགན་ལེན་བྱེད་ཚད་75%ཡན་ཟིན་ཏེ་ལོ་ལྟར་ཞིང་ཆུ་གཏོང་ཡུལ་ལ་ཆུ་སྨི་བརྒྱ་དཔངས་ངོས་གྲུ་དུང་ཕྱུར་1.5མཁོ་འདོན་བྱེད་ཐུབ།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396450691