བོད་ལྗོངས།
བོད་ཀྱི་ལས་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་དུས་ཚོད་ལས་སྒྲུབ་ཉིན་100བར་ཐུང་དུ་བཏང་བ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གཉེར་བའི“ལྗོངས་ཡོངས་ཀྱི་ལས་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི”ཐོག་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་ལས་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་དུས་ཚོད་ལས་སྒྲུབ་ཉིན་100བར་ཐུང་དུ་བཏང་བ་དང་འབྲེལ། 2020ལོའི་ལོ་མཇུག་ཏུ་ཞིབ་མཆན་འགོད་པའི་ལམ་ལུགས་ཀྱི་སྒྲོམ་གཞི་དང་ཆ་འཕྲིན་གྲངས་གཞིའི་ལས་སྟེགས་བསྐྲུན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་སུང་ཁྲང་མིང་གིས་ངོ་སྤྲོད་བྱས་དོན། 2019ལོའི་ཟླ་6པར་ལས་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ལས་དོན་སྤེལ་འགོ་ཚུགས་ཚུན། བོད་ཀྱིས་སྲིད་གཞུང་གི་འགན་ནུས་དེ་ཞིབ་མཆན་འགོད་ཉུང་དུ་གཏོང་བ་དང་། ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་ཀྱི་ཕྱོགས་སུ་བསྒྱུར་བ་དང་། ལས་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་དང་སྤུས་ཚད་མཐོ་རུ་བཏང་སྟེ། ལས་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལྷུ་ཚིགས་མང་བ་དང་། དུས་ཚོད་རིང་བ། དཔྱད་དཔོག་གི་དོན་ཚན་རྙོག་འཛིང་ཆེ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད་པ་རེད།

    བོད་ཀྱིས་ལྗོངས་ཡོངས་ཀྱི་མཆན་འགོད་དོ་དམ་མ་ལག་བརྟན་པོ་བསྐྲུན་ཞིང་། མིག་སྔར་ལྗོངས་ཡོངས་ཀྱི་རྫོང(ཆུས)74ལ་ཁྱབ་པ་དང་སྦྲགས། མ་འཇོག་རྣམ་གྲངས་གཏན་འཁེལ་སོགས་ཀྱི་དོ་དམ་མ་ལག་མཉམ་སྦྲེལ་མཉམ་མཐུད་བྱུང་ནས། ལས་སྒོ་མཐུན་སྦྱོར་དང་། དྲ་ཐོག་ཏུ་མཉམ་སྦྲེལ་མཆན་འགོད། ཕྱོགས་སྡོམ་དབྱེ་ཞིབ། ལྟ་སྐུལ་དོ་དམ་སོགས་ཀྱི་བྱེད་ནུས་གྲུབ་ནས། གཅིག་གྱུར་བདག་སྤྲོད་དང་། མཉམ་སྦྲེལ་མཆན་འགོད། དུས་ཐོག་བརྒྱུད་བཤུག རྗེས་སྙེག་སྒྲུབ་སྐུལ་བཅས་ཐུབ་ཡོད་པ་རེད། 2020ལོའི་ལོ་མཇུག་བར། རྣམ་གྲངས་ཁག་615མ་ལག་དེའི་ཐོག་ཞིབ་མཆན་འགོད་ཐུབ་ནས་མཆན་འགོད་དོན་ཚན་ཁག་1594ལ་ཞིབ་མཆན་འགོད་རྒྱུ་ལེགས་གྲུབ་ཟིན་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396460711