འདི་ནི་གསར་སྐྲུན་བྱེད་པའི་T3གནམ་ཐང་བབས་ཚུགས་ཡིན་པ།
ལྷ་ས་གོང་དཀར་གནམ་ཐང་ཁུལ་རྒྱས་སྐྲུན་བསྐྱར་སྐྲུན་གྱི་ལས་གྲྭ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་འཆར་འགོད་འཛུགས་སྐྲུན་རྣམ་གྲངས་ཤིག་ཡིན། རྣམ་གྲངས་དེ་2017ལོའི་ཟླ་12ཚེས་6ཉིན་ནས་དངོས་སུ་སྐྲུན་འགོ་ཚུགས་པ་དང་མིག་སྔར་གནམ་ཐང་ཁུལ་གྱི་ལས་གྲྭ་86%བསྐྲུན་ཟིན་པ་དང་། གསར་སྐྲུན་བྱེད་པའི་T3གནམ་ཐང་བབས་ཚུགས་ཀྱི་ལས་གྲྭ་90%བསྐྲུན་ཟིན་ཡོད། གསར་སྐྲུན་བྱེད་པའི་T3གནམ་ཐང་བབས་ཚུགས་2021ལོའི་ཟླ་3པར་ལས་མཇུག་འགྲིལ་རྒྱུ་ཡིན་པ་དང་2021ལོའི་ཟླ་5པའི་ཟླ་མཇུག་ཏུ་བཀོལ་སྤྱོད་བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད། སྐབས་དེ་དུས་ལྷ་ས་གོང་དཀར་གནམ་ཐང་གི་འཁོར་སྐྱོད་འགན་ལེན་ནུས་པ་ཆེ་རུ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།