བོད་ལྗོངས།
2020ལོའི་བོད་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་274ཟིན་པ།

    གསར་འགོད་པར་2021ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། 2020ལོར་རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་274ཟིན་པ་དང་བཟོ་ལས་ཀྱི་འཕར་ཐང་འཕར་ཚད་9.6%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་བཟོ་ལས་ཐོན་ལས་ཀྱི་གཞི་ཁྱོན་མགྱོགས་མྱུར་ཆེ་རུ་ཕྱིན་ཞིང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ཆ་སྙོམས་འཕར་ཚད་10.3%ཟིན་ནས་ལོ་བཞི་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། བཟོ་ལས་ཀྱིས་GDPཡི་བཟུང་ཚད་6.8%ནས་8%བར་མཐོ་རུ་ཕྱིན་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་བ་དང་བསྡོམས་འབོར་ལ་ལེགས་སྐྱེས་འབུལ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ལས་རིགས་ཀྱི་སྤྱི་ཡོངས་ཀྱི་ཐོན་སྐྱེད་ལག་རྩལ་དང་དེ་བཞིན་བཟོ་རྩལ་གྱི་ཚད་གཞི་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་། ཨར་འདམ་སོགས་རྨང་གཞིའི་འཛུགས་སྐྲུན་རྒྱུ་ཆ་འགན་ལེན་སྤྱིར་ན་ལྗོངས་ནང་ཁུལ་གྱིས་གཙོ་བོར་བྱེད་པ་དང་ལྗོངས་ཕྱི་ནང་ཕན་ཚུན་འཁོར་རྒྱུག་བྱ་རྒྱུ་མངོན་འགྱུར་བྱུང་བ། བོད་ཀྱི་གསོ་བ་རིག་པའི་ལག་རྩལ་གསར་གཏོད་དང་ཐོན་རྫས་ཞིབ་སྤེལ་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ནས། བོད་སྨན་ཁེ་ལས་ཚང་མར་པར་གཞི་གསར་པའི་GMPཡི་ཁས་ལེན་དཔང་འདོན་ཐོབ་པ། ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད། ལོ་ལྔའི་རིང་། རང་ལྗོངས་ཀྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་དུང་ཕྱུར་31.3བཏང་ནས། སྒྲིག་ཚུད་གྲོང་ཚོར་འོད་ཁྲིད་ཚི་སྐུད་ཤར་གཏོང་ཐུབ་ཚད་དང་4Gའཕྲིན་གཏོང་ཁྱབ་ཚད་99%ཟིན་པ་དང་། “དྲ་བ་གཅིག་དང་། སྤྲིན་ཚོམ་གཅིག ལྟེ་གནས་གཅིག”བཅས་ཀྱི་ཆ་འཕྲིན་ཅན་གྱི་སྒྲོམ་གཞིའི་མ་ལག་སྤྱིར་ན་བསྐྲུན་ནས་གྲངས་འཛིན་དཔལ་འབྱོར་གྱི་གོམ་སྟབས་མགྱོགས་སུ་བཏང་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397273871