བོད་ལྗོངས།
བོད་ལྗོངས་ཀྱི་ལས་བྱེད་པ་ཁྲི་16ཙམ་གྱིས་མང་ཚོགས་དབུལ་པོ་དང་ཆ་སྒྲིག་གཉེན་འཚོལ་བྱས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཚེས་7ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་ནས་བཟུང་། བོད་ཀྱི་ལས་བྱེད་པ་ཁྲི་16ཙམ་གྱིས་མང་ཚོགས་དབུལ་པོ་དང་ཆ་སྒྲིག་གཉེན་འཚོལ་བྱས་པ་མ་ཟད། “བློ་སྐྱོར་དང་རིག་སྐྱོར་ཟུང་འབྲེལ”བྱེད་པའི་ཐོག་ནས་ཞིང་འབྲོག་པ་དབུལ་སྒྲོལ་ཐུབ་རྒྱུར་རམ་འདེགས་ཀྱང་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་དང་། གྲོང་སྡོད་ལས་དོན་རུ་ཁག བོད་སྐྱོར་ལས་བྱེད་པ་བཅས“གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་དང་དུད་ཚང་འགན་གཙང་བླངས་ནས་དུད་ཚང་དབུལ་པོར་རོགས་སྐྱོར་བྱེད་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མང་ཚོགས་དབུལ་པོ་ཚོར་བྱ་བ་དངོས་ཏན་ཏིག་བསྒྲུབས་ཡོད།

    2020ལོའི་ཟླ་7ཚེས་6ཉིན། བོད་ལྗོངས་གྲ་ནང་རྫོང་དཀྱིལ་རུ་ཤང་བཀྲ་ཤིས་གླིང་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཡང་སྒྲོན(གཡོན)དང་ཏང་ཀྲི་པུའི་ཧྲུའུ་ཅི་དབང་གྲགས(གཡས) ཆེད་ལས་མཉམ་ལས་ཁང་གི་ཁོངས་མི་ཚེ་དབང་ཆོས་སྒྲོན་བཅས་ཀྱིས་པང་གདན་གྱི་སྤུས་ཚད་ལ་ལྟ་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།

    “འབྲས་དང་གྲོ་ཞིབ་དང་སྣུམ་ལ་སོགས་པ་ཟས་མ་ཚར་གོང་ནས་ཡང་བསྐྱར་སྐྱེལ་བར་ཡོང་བ་མ་ཟད། ད་དུང་ང་རང་ལ་ནད་བསྟེན་པ་དང་། སྨན་ཉོ་བ། མཁོ་ཆས་ཉོ་བ་སོགས་ཀྱང་བྱས་བྱུང་བས། གཉེན་ཉེ་ལས་ཀྱང་ལྷག་པ་འདུག”ཁྱིམ་ཚང་གཞན་དང་ཆ་སྒྲིག་གཉེན་འཚོལ་བྱེད་མཁན་ལས་བྱེད་པ་ཧྲང་ཅུན་ཞ་ཡི་སྐོར་གླེང་སྐབས། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་རྩ་གྲོང་ཚོའི་གྲོང་མི་བསོད་ནམས་བག་བྲོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།

    ཧྲང་ཅུན་ཞ་ནི་རྩ་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ལས་དོན་རུ་མི་ཞིག་རེད། རྩ་གྲོང་ཚོར་ཁོང་གིས་དུད་ཚང་གཉིས་ཀྱི་མང་ཚོགས་དང་ཆ་སྒྲིག་གིས་གནད་སྨིན་རོགས་སྐྱོར་བྱས་ཤིང་། བསོད་ནམས་བག་བྲོའི་ཁ་ལག་བཟོ་བའི་ཁུར་པོ་ཡང་དུ་གཏོང་ཆེད་ཁོང་གིས་འབྲས་བཙོ་ཆས་ཤིག་ཉོས་པ་དང་། བགྲེས་སོང་ནད་བསྟེན་པར་དཀའ་ངལ་ཡོད་པ་མཐོང་སྐབས་ཁོང་གིས་སེམས་རྩ་འཁོལ་པོས་སྨན་ཉོ་བ་དང་ནད་བསྟེན་རོགས་སོགས་བྱས་པ་ལས་ཁོང་ནི་མང་ཚོགས་སེམས་དབུས་ཀྱི“གཉེན་ཉེ”ངོ་མ་ཞིག་ཏུ་གྱུར་ཡོད།

    2020ལོའི་ཟླ་3ཚེས་26ཉིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་བཀྲ་ཤིས་ཐང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྱིམ་དུད་ནང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དྲིལ་བསྒྲགས་པུའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཧའེ་ཞའོ་ཞོལ(གཡས)གྱིས་སློབ་མར་སྦྱོང་ཚན་སློབ་པ། ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ། (བསོད་ནམས་ནོར་བུས་པར་བླངས)

    ཉེ་བའི་ལོ་ཤས་རིང་། ཐེན་ཅིན་གྱི་རིམ་ཁག་ལས་བྱེད་པས་རང་འགུལ་ངང་ཆབ་མདོའི་དུད་ཚང་200ལྷག་ཙམ་གྱི་མང་ཚོགས་དང་ཆ་སྒྲིག་གཉེན་འཚོལ་བྱས་ཤིང་། ཐེན་ཅིན་གྱི་ལས་བྱེད་པས་སྔ་རྗེས་སུ་མི་100ལྷག་ཙམ་ཁག་ཐེངས་19ལ་བགོས་ནས་ཆབ་མདོར་ཆ་སྒྲིག་རོགས་སྐྱོར་བྱེད་པར་བསྐྱོད་དེ་གྲོས་མཐུན་སྣ་ཚོགས་10ལྷག་ཙམ་བཞག་པས“ཁེ་ལས་ཁྲིས་གྲོང་ཚོར་ཁྲིར་རོགས་རམ་བྱེད་པ”ཁྱོན་ཡོངས་ལ་ཁྱབ་ཡོད། གཞན་ཡང་ཐེན་ཅིན་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་རྩེ་གྲ་11གིས“གཅིག་གཏད་གཅིག”དང“གཅིག་གཏད་མང་པོའི”བྱེད་ཐབས་སྤྱད་དེ་ཆབ་མདོ་གྲོང་ཁྱེར་གྱི་ཆུས་དང་རྫོང་4ཡི་སློབ་གྲྭ་21དང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཡོད།

    དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ལས་བྱེད་པ་ཁྲི་16ཙམ་གྱི་ཆ་སྒྲིག་གཉེན་འཚོལ་གྱི་རོགས་རམ་འོག བོད་ཀྱིས་ནུས་ཤུགས་ཡོད་རྒུས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྐྱེད་སྲིང་དང་འཕེལ་རྒྱས་བཏང་ནས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ཡོད། ད་ཆ་བོད་ཀྱི་ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)5400ལྷག་ཙམ་གྱི་ཁྲོད་གྲོང་ཚོ(གྲོང་ལྷན)5127ལ་མཉམ་སྡེབ་དཔལ་འབྱོར་ཡོད་ཅིང་། ལོར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་ཟིན་པའི་མཉམ་སྡེབ་དཔལ་འབྱོར་2520དང་ལོར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཟིན་པའི་མཉམ་སྡེབ་དཔལ་འབྱོར་396ཡོད་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ་9311གསོ་སྐྱོང་བྱས་པ་ལས་མང་ཚོགས་དབུལ་སྒྲོལ་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།

གྲངས་གཞིའི་ཐོག་ནས་བོད་ལྗོངས་གླེང་། —— ཤིན་ཧྭ་གསར་འགྱུར་ཁང་གི་མཉམ་འདྲེས་སྨྱན་སྦྱོར་གྱི་མུ་འབྲེལ་གསར་འགྱུར་ཆེད་སྒྲིག

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397999641