བོད་ལྗོངས།
ལ་ལྷོ་ཞིང་ཆུ་འདྲེན་ཁུལ་གྱི་ཆུ་འདྲེན་ཚོད་ལྟ་ལམ་ལྷོངས་བྱུང་བ།

    ཞིང་ཆུ་འདྲེན་པའི་དུས་ཚིགས་འཆར་ལ་ཉེ་བས། ཉིན་ཤས་གོང་བོད་ལྗོངས་ལ་ལྷོ་ཞིང་ཆུ་འདྲེན་ཁུལ་གྱི་ས་ཞིང་གཅིག་སྡུད་ཡུག་འབྲེལ་འདེབས་འཛུགས་དང་བསམ་གྲུབ་གཞིས་ཀའི་རྨོད་གཉའ་གཅོག་པའི་མཛད་སྒོ་ས་སྐྱ་རྫོང་བྲག་མཇུག་ཤང་གསིང་མ་གྲོང་ཚོར་འཚོགས་པ་རེད།

    ཆུ་འདྲེན་ཚོད་ལྟའི་མཛད་སྒོའི་ཐོག་ས་སྐྱ་རྫོང་གི་གཤོང་མ་དང་བྲག་མཇུག་དང་བསམ་གྲུབ་རྩེ་ཆུས་ཀྱི་ཆུ་མིག་དང་། ཕྱུག་པོ་གཞུང་། ཉི་རི་གཞུང་། སྣར་བཅས་ཤང་དང་གྲོང་རྡལ་6གི་མང་ཚོགས་ཀྱི་འཐུས་མིས་གཟབ་མཆོར་ལེགས་པར་སྤྲས་པ་དང་ཞིང་འཕྲུལ་སྣ་ཚོགས་བཏང་ནས་དཔྱིད་རྨོད་དཔྱིད་འདེབས་བྱས་ཏེ་ཆུ་འདྲེན་ཚོད་ལྟ་ལམ་ལྷོངས་བྱུང་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལ་ལྷོ་ཞིང་ཆུ་འདྲེན་ཁུལ་དེ་བསམ་གྲུབ་རྩེ་དང་ས་སྐྱ་རྫོང་གི་ཤང་6དང་སྲིད་འཛིན་གྲོང་ཚོ་50ལ་ཁྱབ་པ་དང་། སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི་51.28ཡོད་པའི་ནང་རྨོ་ཞིང་ལ་སྤྱོད་ཆོག་པའི་རྒྱ་ཁྱོན་མུའུ་ཁྲི་21.1ཡོད་པ་དང་དེའི་ནང་དུད་ཚང་ལ་དབང་བའི་ས་ཞིང་མུའུ་ཁྲི་15.42ཡོད་པ་དང་གྲོང་ཚོའི་མཉམ་སྡེབ་ལ་དབང་བའི་ས་ཞིང་མུའུ་ཁྲི་5.68ཡོད། དེ་སྔ་ཆུ་འདྲེན་འགན་ལེན་གྱི་རྒྱ་ཁྱོན་མུའུ་ཁྲི་10.39ཡོད་པ་དང་། ལ་ལྷོ་ཆུ་བེད་ལྟེ་བའི་འདུ་འགོད་ནས་ཆུ་དྲངས་རྗེས་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་10.71འཕར་རྒྱུ་དང་། ཞིང་ཆུ་འདྲེན་ཁུལ་གྱི་རྨོ་ཞིང་ལ་ཆུ་འགན་ལེན་བྱེད་ཚད་100%ཟིན་རྒྱུ་དང་། མུའུ་ཁྲི་14.46གི་གཅིག་སྡུད་ཡུག་འབྲེལ་གྱི་འདེབས་འཛུགས་དང་མུའུ་ཁྲི་9.76གི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ལས་སྒྲུབ་ཐུབ་རྒྱུ་མ་ཟད། གོམ་སྟབས་རྗེས་མར་ད་དུང་མུའུ་ཁྲི་1.6གསར་སྤེལ་བེད་སྤྱོད་བྱེད་ཆོག་གི་ཡོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398617091