བོད་ལྗོངས།
རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ལ་དགུན་དུས་ལུས་རྩལ་རྣམ་གྲངས་ཀྱི་དངོས་ཟོག་ཞལ་འདེབས་བརྒྱབ་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ལ་དངོས་ཟོག་ཞལ་འདེབས་རྒྱག་པའི་མཛད་སྒོ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཁང་དུ་གཉེར་བ་དང་། ཞལ་འདེབས་དངོས་པོའི་ནང་འདྲ་བཟོའི་འཁྱག་པ་དང་། འཁྱག་ཤུད་ལྷམ། སྐམ་སའི་འཁྱག་ལྟིར་སོགས་རིན་ཐང་སྒོར་ཁྲི་100རི་བའི་སྒྲིག་བཀོད་དང་སྒྲིག་ཆས་ཚུད་ཡོད་པ་རེད།

    ཉེ་དུས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་ལུས་རྩལ་ཁོངས་གཏོགས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་དགོས་པའི་ལས་དོན་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བོད་ཀྱི་དགུན་དུས་ལུས་རྩལ་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བར་རྒྱུན་མཐུད་རྒྱབ་སྐྱོར་བྱས་ཡོད་པ་རེད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་སོགས་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་གོ་སྐབས་སུ་བཟུང་ནས་གངས་འཁྱག་ལུས་རྩལ་གྱི“ལྷོ་ནུབ་རྒྱ་སྐྱེད་དང་ཤར་སྐྱོད”ཀྱི་འཐབ་ཇུས་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། དགུན་དུས་ལུས་རྩལ་གསར་གཏོད་ལྡན་པའི་སྒོ་ནས་འཕེལ་རྒྱས་བཏང་ཡོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001310047154