གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ རང་ སྐྱོང་ ལྗོངས་ མི་ དམངས་ འཐུས་ ཚོགས་ སྐབས་ བཅུ་ པའི་ རྒྱུན་ ལས་ ཨུ་ ཡོན་ ལྷན་ ཁང་ གི་ ཚོགས་ འདུ་ ཐེངས་ དགུ་ པ་ གྲོལ་ བ།
2014-04-02       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་གྲོས་རིམ་ཁག་ལེགས་པར་གྲུབ་ནས་ཚེས་31ཉིན་གྱི་ཕྱི་དྲོ་གྲོལ་བ་རེད།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་འཕྲིན་གྱི་དོ་དམ་སྲོལ་ཡིག》དང《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་ཏེ་སྐུད་མེད་གློག་འཕྲིན་གྱི་ཟློས་ཚད་དང་། གཏོང་སྤེལ་སྒྲིག་ཆས། བདེ་འཇགས་དོ་དམ། དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་བརྟག་དཔྱད། མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་ཐོ། རྒྱུན་འཛིན་དར་སྤེལ་སོགས་ཐད་གཏན་འབེབས་ཁ་གསལ་བྱས་པ་དེ་སྐུད་མེད་གློག་འཕྲིན་ཟློས་ཤལ་ཐོན་ཁུངས་བདེ་འཇགས་ངང་བེད་སྤྱོད་ནུས་ལྡན་བྱ་རྒྱུ་དང་། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་དང་། མཐུན་སྦྱོར། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ལ་ཕན་པ་ཞིག་རེད། ཚོགས་འདུའི་ཐོག་ད་དུང《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་སྔོ་ལྗང་ཅན་དུ་འགྱུར་རྒྱུའི་སྲོལ་ཡིག》ལ་ཞིབ་དཔྱད་བྱས་ནས་ཆོག་མཆན་བཀོད་པ་དང་གཞན་ཡང་འབྲེལ་ཡོད་མི་དོན་བསྐོ་འཐེན་གྱི་གཏན་འབེབས་བྱས་ཡོད་པ་རེད།

    པད་མ་འཕྲིན་ལས་ཀྱིས་ཚོགས་འདུའི་ཐོག་འདི་ལོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལོ་དང་པོ་རེད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་བབ་གསར་པའི་འོག་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་གལ་འགངས་ཧ་ཅང་ཆེ་བའི་རང་བཞིན་ཤེས་རྟོགས་གང་ལེགས་བྱེད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》དང་ལག་བསྟར་བསམ་འཆར་ཐད་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐད་བཏོན་པའི་ལྗོངས་ཏང་ཨུད་ཀྱི་བླང་བྱ་གསར་པ་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དུས་བསྟུན་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་གཞི་རྩར་གྱུར་པའི་ཆབ་སྲིད་ལམ་ལུགས་དེ་བོད་དུ་མཐའ་འཁྱོངས་ཡག་པོ་དང་། འཐུས་སྒོ་ཚང་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱེད་དགོས། གཅིག་ནས་ལས་ཆོད་དང་སྤུས་ཚད་གཉིས་ཀ་གལ་ཆེ་མཉམ་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་སྒྱུར་བཅོས་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་བྱེད་སྟངས་དང་དངོས་ཕན་གཉིས་ཀ་གལ་ཆེ་མཉམ་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དངོས་ཕན་ཆེ་བའི་ལྟ་སྐུལ་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་མིག་སྔ་དང་ཡུན་རིང་གཉིས་ཀ་གལ་ཆེ་མཉམ་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བྱང་ཚད་མཐོ་བའི་དཔུང་ཁག་ལ་བརྟེན་ནས་སྒྱུར་བཅོས་ལ་ཞབས་འདེགས་ཞུ་དགོས། གཞན་ཡང་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱེད་པ་དང་འབྲེལ་ཁྲིད་སྟོན་ཡང་བྱས་ཏེ་འཐུས་མིའི་ལས་འགན་ཁྲིམས་ལུགས་ལྟར་ལེགས་པར་སྒྲུབ་པ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་རླབས་ཆེན་བྱ་གཞག་ནང་ཧུར་ཐག་ཞུགས་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བཙུགས་ནས་ལོ་60འཁོར་བ་དང་། ས་གནས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་35འཁོར་བ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་30འཁོར་བ་བཅས་ལ་དྲན་གསོ་ཞུ་བའི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱེད་པ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་བཅའ་ཁྲིམས་དྲིལ་བསྒྲགས་དང་སློབ་གསོའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལ་སྤྱི་ཚོགས་ཡོངས་ཀྱིས་ཡིད་ཆེས་བྱེད་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གཉིས་ཀ་དུས་བསྟུན་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།

    ཚོགས་འདུའི་རིང་པད་མ་འཕྲིན་ལས་ཀྱིས་ད་དུང་ཀྲུའུ་རེན་གྱི་ཚོགས་འདུ་ཐེངས་སོ་གཅིག་པ་གཙོ་སྐྱོང་གནང་སྟེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པར་བརྡས་ཐག་གཅོད་རྒྱུར་ཕུལ་བའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་ཀྱང་གནང་བ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332324531