གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ རང་ སྐྱོང་ ལྗོངས་ ཏང་ ཨུད་ རྒྱུན་ ཨུད་ ཀྱིས་ སྤྱི་ ཁྱབ་ ཧྲུའུ་ ཅི་ ཞིས་ ཅིན་ ཕིང་ གི་ གསུང་ བཤད་ གལ་ ཆེན་ རབ་ དང་ རིམ་ པའི་ དགོངས་ དོན་ སློབ་ སྦྱོང་ ལག་ བསྟར་ སྔར་ བས་ གཏིང་ ཟབ་ བྱེད་ རྒྱུའི་ ཐད་ བཀོད་ སྒྲིག་ བྱས་ པ།
2014-04-11       གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཉེ་ཆར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཀྱི་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུས་འཚོགས་པའི་ཏང་ཨུདཏང་ཙུའུལྟེ་བའི་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ཏེ་ལྗོངས་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་སྔར་བས་གཏིང་ཟབ་བྱེད་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་ཚན་ཁག་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་ཡུན་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དུས་མཚམས་གོང་མའི་སློབ་སྦྱོང་ལག་བསྟར་བྱས་པའི་རྨང་གཞིའི་ཐོག་བྱ་ཐབས་ནུས་ལྡན་སྤྱད་དེ་སློབ་སྦྱོང་ལག་བསྟར་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ནས་གསུང་བཤད་ཀྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་སྔར་བས་གཏིང་ཟབ་བྱེད་རྒྱུའི་ཐད་ཧྲུའུ་ཅི་ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་ལ་གཅིག་ནས་སློབ་སྦྱོང་གཏིང་ཟབ་རྒྱུན་མཐུད་བྱེད་པ་དང་། གཉིས་ནས་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་བྱེད་པ། གསུམ་ནས་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། བཞི་ནས་ལས་ཀའི་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལྔ་ནས་ཕན་འབྲས་དངོས་ཐོན་པའི་འགན་ལེན་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332544821