གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ རང་ སྐྱོང་ ལྗོངས་ ཏང་ ཨུད་ རིགས་ པའི་ གཞུང་ ལུགས་ སློབ་ སྦྱོང་ ལྟེ་ བའི་ ཚོགས་ ཆུང་ གིས་ མཉམ་ སྡེབ་ སློབ་ སྦྱོང་ བྱས་ པ།
2014-04-21        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཁྲེན་ཆོན་གོས་གཙོ་སྐྱོང་གནང་བ།

    ཚེས་19ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཡུན་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྤྱད་དེ་བསམ་བློར་དྲག་ཆས་ཏན་ཏིག་སྤྲོས་པ་དང་།  སེམས་སུ་ཟུག་པ་དང་བྱ་སྤྱོད་ཐོག་འཁྱོལ་བ།གོ་བ་དངོས་ལེན་པ་དང་ལག་ལེན་དངོས་ལ་འཁྱོལ་བ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་དྲང་ནུས་སྟོབས་ཤུགས་ཤིག་ཏུ་སྔར་བས་སྒྲིལ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ལིའུ་ཡུས་དབྱིང་གིས《ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཅའོ་ཡུས་ལུའུ་ལྟ་བུའི་ལས་བྱེད་པ་བཟང་པོ་ཞིག་བྱེད་པ—སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རུ་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱེད་པ》ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་དོན་སྙན་ཞུ་གནང་བ་རེད།

    དགེ་རྒན་ཆེ་མོ་བ་ལིའུ་ཡུས་དབྱིང་གིས་གནང་བའི་སྙན་སྒྲོན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཧོ་ནན་ལན་ཁའོ་རུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་དམངས་ཞེན་དམངས་གཅེས་དང་དམངས་ཆེད་སྲིད་འཛིན་དང་།དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་དཀའ་སྤྱད་འབད་འཐབ་བྱེད་པ།   ཚན་རིག་དང་མཐུན་པའི་བདེན་འཚོལ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ།  སྤྱོད་གཙང་གཞུང་དྲང་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ།  འགན་འཁུར་ཕོད་པ་དང་འགན་འཁུར་མཁས་པ་སོགས་ཕྱོགས་ལྔའི་ཐད་ནས་ལུགས་མཐུན་དང་གསོན་ཉམས་དོད་པའི་སྒོ་ནས་བློ་མཐུན་ཅའོ་ཡུས་ལུའུ་ཡི་སྤྱི་ཞབས་པའི་བསམ་པ་དང་།བདེན་འཚོལ་གྱི་སྤྱོད་ཚུལ།  འབད་འཐབ་ཀྱི་སྙིང་སྟོབས་དང་ཀུན་སྤྱོད་ཀྱི་བསམ་བློ་བཅས་གསལ་འགྲེལ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་འགྲེལ་བཤད་གསལ་པོ་བརྒྱབ་ནས་ཚོགས་ཞུགས་མི་སྣ་ཡོངས་ལ་གསོན་ཉམས་དོད་པའི་སློབ་ཚན་ཞིག་འཁྲིད་པ་དང་།  དེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྔར་བས་གཏིང་ཟབ་བྱེད་པ་དང་།  ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་འགོ་མཇུག་ཡོད་པའི་སྒོ་ནས་ཡག་པོ་སྤེལ་བ།  བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ཚེ་སློབ་གསོའི་དོན་སྙིང་ཧ་ཅང་བཟང་པོ་ལྡན་ཡོད་པ་རེད།

    ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་ལས་འགན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་དུས་མཚམས་གོང་མའི་སློབ་སྦྱོང་ལག་བསྟར་གྱི་རྨང་གཞིའི་ཐོག་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་སྔར་བས་མཐོ་རུ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལས་ཁུངས་དང་།  ཁེ་ལས།གྲོང་གསེབ།སྡེ་ཁུལ།སློབ་གྲྭདམག་སྒར།  དགོན་སྡེ་བཅས་སུ་ཁྱབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།  ཇི་མ་ཇི་བཞིན་སློབ་སྦྱོང་བྱེད་པ་དང་།  སློབ་སྦྱོང་གཏིང་ཟབ་དང་རྒྱུན་རིང་བྱེད་པ།དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་པ།སྙིང་དོན་ལ་གོ་བ་ལོན་པ་དང་།མཐའ་གསལ་མཐིལ་རྟོགས་བྱེད་པ།  མི་སེམས་སུ་གཏིང་ཟབ་ཟུག་པ་བྱེད་པ།གོ་བ་དངོས་ལེན་པ་དང་བེད་སྤྱོད་དངོས་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྤྱད་དེ་བསམ་བློར་དྲག་ཆས་ཏན་ཏིག་སྤྲོས་པ་དང་།ལག་ལེན་ལ་མཛུབ་ཁྲིད་བྱེད་པ།  ལས་དོན་ལ་སྐུལ་འདེད་བཏང་ནས་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་ཧུར་ཐག་སྤེལ་ཏེ་གྲུབ་འབྲས་དངོས་ཀྱི་ཐོག་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་ཞེས་བསྟན་པ་རེད།

    ཁོང་གིས་སླད་ཕྱིན་གྱི་སློབ་སྦྱོང་ཁྲོད་གཅིག་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་།  གཉིས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ།  གསུམ་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ།  བཞི་ནས་དམངས་ལ་ལེགས་སྐྱེས་འབུལ་རྒྱུ་རྒྱུན་འཁྱོངས་བྱེད་པ།  ལྔ་ནས་སྲིད་བརྩོན་དངོས་སྒྲུབ་བྱེད་པ།  དྲུག་ནས་སྤྱོད་གཙང་གཞུང་དྲང་མཐའ་འཁྱོངས་བྱེད་པ།  བདུན་ནས་སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ།  བརྒྱད་ནས་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་བོད་ཀྱི་ཡུན་རིང་བདེ་འཁོད་དང་མཐའ་མཚམས་ས་ཁུལ་བདེ་འཇགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ་དང་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332777101