གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། རྒྱལ་ ཡོངས་ ཀྱི་ བོད་ སྐད་ ཡིག་ བརྡ་ ཆད་ ཚད་ ལྡན་ ཅན་ ལས་ དོན་ ཨུ་ ཡོན་ ལྷན་ ཁང་ གི་ སྐབས་ གསུམ་ པའི་ ཚོགས་ འདུ་ ཐེངས་ གཉིས་ པ་ པེ་ ཅིང་ དུ་ འཚོགས་ པ།
2014-04-30        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    གདན་ཞུས་ལྟར་རག་སྡིས་ཀྱིས་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འགན་བཞེས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

     ཟླ་4ཚེས་28ཉིན་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་སྐབས་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་དེ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་ཤིང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་དང་།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་སྲི་ཐར།   རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དོན་གྲུབ་དབང་འབུམ།ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཧྲུའུ་ཅི་ཡིའུ་ལུའོ་ཕིང་།   སྤྱི་ཁྱབ་ལས་འཛིན་ལྷག་པ་ཕུན་ཚོགས།སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་བཅས་དང་དེ་བཞིན་བོད་དང་ཞིང་ཆེན་བཞི་ཡི་བོད་རིགས་ས་ཁུལ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།  སློབ་གསོ་པུའུ།  རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་པུའུ་ཨུད་ཀྱི་འགོ་ཁྲིད་དང་དེ་བཞིན་རིགས་གཅིག་མཁས་ཅན་དང་མཁས་དབང་80ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།  རག་སྡིས་ཀྱིས་གསུང་བཤད་གལ་ཆེན་གནང་བ་རེད།

    ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་བརྡ་ཆད་ཚད་ལྡན་ཅན་ལས་དོན་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་བཙུགས་ནས་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་བརྡ་ཆད་ཚད་ལྡན་ཅན་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱས་པ་རེད།  ཨུ་ཡོན་ལྷན་ཁང་དེའི་ཁོངས་མིའི་ཚན་པའི་ནང་རྒྱལ་ཁབ་ཀྱི་པུའུ་ཨུད་ལྔ་དང་བོད་དང་ཞིང་ཆེན་བཞི་ཡི་བོད་རིགས་ས་ཁུལ་གྱི་ཚན་པ་16ཡོད་པ་དང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱིས་གདན་ཞུས་ལྟར་ཀྲུའུ་རེན་ཨུ་ཡོན་གྱི་འགན་བཞེས་པ་རེད།

    རག་སྡིས་ཀྱིས་གསུང་བཤད་གནང་སྐབས་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གིས་རང་ངོས་ཀྱི་རྩ་འཛུགས་འཛུགས་སྐྱོང་དང་ཐ་སྙད་གསར་པ་དང་བརྡ་ཆད་ཡིག་སྒྱུར་དང་།  བཀས་བཅད།  ཁྱབ་བསྒྲགས་བཅས་དང་དེ་བཞིན་འབྲེལ་ཡོད་བྱ་ཐབས་བཟོ་བ་སོགས་ཐད་ཐོབ་པའི་གྲུབ་འབྲས་རབ་དང་རིམ་པར་ཁས་ལེན་གང་ལེགས་གནང་བ་རེད།

    རག་སྡིས་ཀྱིས་བོད་སྐད་ཡིག་ལས་དོན་དེ་བོད་རིགས་ས་ཁུལ་གྱི་ལས་དོན་གཞན་དང་འདྲ་བར་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དེ་བོད་རིགས་ས་ཁུལ་དུ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་འབྲེལ་བ་ཡོད་པ་དང་།  བོད་མི་རིགས་ཀྱི་ཚན་རིག་དང་མཐུན་པའི་རིག་གནས་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་འབྲེལ་བ་ཡོད་པ།  བོད་རིགས་ས་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པ།  ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་དང་འཐབ་རྩོད་བྱེད་པའི་དགོས་མཁོ་དང་འབྲེལ་བ་ཡོད་པ།  རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་མི་རིགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ཁོང་དུ་ཡང་དག་ཆུད་རྒྱུ་དང་འབྲེལ་བ་ཡོད་པ་བཅས་རེད།བོད་སྐད་ཡིག་གི་བརྡ་ཆད་ཚད་ལྡན་ཅན་ལས་དོན་དེ་ནི་ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་གཟི་བརྗིད་ཆེ་ལ་དཀའ་ཚེགས་ཆེ་བའི་འགན་འཁྲི་ཞིག་ཡིན་པ་དང་ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་དང་ཡང་དག་ངང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་གལ་ཆེའི་ལས་འགན་ཞིག་ཡིན་པས་འགན་འཁྲི་གཟི་བརྗིད་ཆེ་ལ་ལས་འགན་ལྕི་བ་ཞིག་ཡིན།  དེར་བརྟེན་ངེས་པར་དུ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རླུང་འཕྲིན་དང་།  བརྙན་འཕྲིན།  ཚགས་པར་སོགས་དང་དེ་བཞིན་དྲ་སྦྲེལ་སོགས་ཆ་འཕྲིན་སྨྱན་སྦྱོར་གྱི་ཐབས་ལམ་གསར་པ་བརྒྱུད་སྤྱི་ཚོགས་ཧྲིལ་པོ་དང་ལྷག་དོན་དུ་བོད་རིགས་མང་ཚོགས་ཚོས་ལས་དོན་དེའི་གལ་ཆེའི་དོན་སྙིང་ཤེས་རྟོགས་དང་ངོས་འཛིན་གང་ལེགས་ཐུབ་པ་བྱེད་དགོས།  བོད་སྐད་ཡིག་གི་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྤེལ་རིང་འཕྲད་སྲིད་པའི་དཀའ་ངལ་དང་གནད་དོན་མཐའ་དག་བོད་རིགས་ས་ཁུལ་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་ཆབ་སྲིད་ཀྱི་ལས་འགན་ཞིག་ལ་བརྩིས་ནས་དུས་ཐོག་ཏུ་རྒྱབ་སྐྱོར་དང་ཐག་གཅོད་བྱེད་རོགས་བྱས་ཏེ་ལས་དོན་དེའི་ཐད་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་གཏོད་རྒྱུ་དེ་ནི་ང་ཚོ་ཚང་མའི་དོར་ཐབས་བྲལ་བའི་ཐུན་མོང་གི་འགན་འཁྲི་ཞིག་ཡིན་ཞེས་ནན་བཤད་གནང་བ་རེད།

    རྒྱལ་ཡོངས་ཀྱི་བོད་སྐད་ཡིག་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་ལྷག་པ་ཕུན་ཚོགས་ཀྱིས་ཚོགས་འདུའི་ཐོག་ལས་དོན་སྙན་ཞུ་གནང་ནས་2013ལོའི་ལས་དོན་ལ་ཕྱིར་དྲན་དང་།  བོད་སྐད་ཡིག་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཐད་འཕྲད་པའི་དུས་བབ་ལ་དབྱེ་ཞིབ།2014ལོའི་ལས་འགན་བཏོན་གནང་བ་རེད།ཚོགས་འདུའི་ཐོག་ད་དུང་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་གི་ཐ་སྙད་གསར་པ་དང་བརྡ་ཆད་ཡིག་སྒྱུར་དང་བཀས་བཅད་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་ཁྱོན་བོད་སྐད་ཡིག་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་41གིས་གདན་ཞུས་ལྟར་ཨུ་ཡོན་གྱི་འགན་བཞེས་ཡོད་པ་རེད།  རྒྱལ་ཡོངས་ཀྱི་བོད་སྐད་ཡིག་གི་ཐ་སྙད་གསར་པ་དང་བརྡ་ཆད་ཡིག་སྒྱུར་དང་བཀས་བཅད་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་ནི་བོད་སྐད་ཡིག་ཁྱབ་ཁོངས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་རིགས་གཅིག་མཁས་ཅན་གྱི་རྩ་འཛུགས་ཐོག་མ་དེ་ཡིན་པ་དེས་བོད་སྐད་ཡིག་བརྡ་ཆད་ཡིག་སྒྱུར་དང་བཀས་བཅད་ལས་དོན་གྱི་འགན་འཁུར་རྒྱུ་རེད།  ཚོགས་འདུའི་ཐོག་ད་དུང《རྒྱལ་ཡོངས་ཀྱི་བོད་སྐད་ཡིག་བརྡ་ཆད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐ་སྙད་གསར་པ་དང་བརྡ་ཆད་བོད་ཡིག་ཏུ་བསྒྱུར་རྒྱུ་ཚད་ལྡན་དང་ཁྱབ་གདལ་བེད་སྤྱོད་བྱ་ཐབས》ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་སྟེ་སླད་ཕྱིན་བོད་སྐད་ཡིག་གི་ཐ་སྙད་གསར་པ་དང་བརྡ་ཆད་འཚོལ་བསྡུ་ལེགས་སྒྲིག་དང་ཡིག་སྒྱུར་བཀས་བཅད་ནས་ཁྱབ་གདལ་དང་བེད་སྤྱོད་བཅས་ཚང་མར་གཞི་འཛིན་ས་ཞིག་ཡོང་རྒྱུ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001333005381