གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཀྲུང་ གོ་ གོ་ མིན་ ཏང་ གསར་ བརྗེ་ ཨུ་ ཡོན་ ལྷན་ ཁང་ ཀྲུང་ དབྱང་ གི་ རྟོག་ ཞིབ་ ཚོགས་ པས་ རང་ སྐྱོང་ ལྗོངས་ ཀྱི་ ལས་ དོན་ སྙན་ ཞུ་ གསན་ པ།
2014-09-15        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཟླ་9ཚེས་10ཉིན་གྱི་ཕྱི་དྲོ་བོད་དུ་བྱང་ཐང་དང་ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱ་ཚུལ་རྟོག་ཞིབ་གནང་བར་འབྱོར་བའི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་རྟོག་ཞིབ་ཚོགས་པས་ལྷ་སར་རང་སྐྱོང་ལྗོངས་ཀྱི་ལས་དོན་སྙན་ཞུ་གསན་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆི་ཤུས་ཁྲུན་དང་།རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲེང་ཅན་པང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོརང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ།སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་སོགས་ཚོགས་འདུར་ཞུགས་པ་རེད།

    ཁྲེན་ཆོན་གོ་ཡིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་རྟོག་ཞིབ་ཚོགས་པ་དང་བཅས་པ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གིས་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེའང་ཞུས་ཤིང་།ཁོང་གིས་ཉེ་བའི་ལོ་ཤས་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གིས་གཏན་འཁེལ་ཁ་གསལ་གནང་བའི“ལྟེ་བ་གཅིག”དང་།“དོན་ཆེན་གཉིས”“འགན་ལེན་བཞི”བཅས་ལ་དམ་པོར་དམིགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་།སྤྱི་ཚོགས་བརྟན་ལྷིང་།མི་རིགས་མཐུན་སྒྲིལ།དམངས་འཚོ་ལེགས་གཏོང་།ཆོས་ལུགས་ཞི་མཐུན།སྣོད་བཅུད་བཟང་པོ།ཏང་འཛུགས་སྐྱོང་ལ་ཤུགས་སྣོན།མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་ཅེས་གསུངས་པ་རེད།

    ཁྲེན་ཆོན་གོ་ཡིས་བོད་རང་སྐྱོང་ལྗོངས་ཀྱིས“སྣོད་བཅུད་ཤེས་དཔལ་ལ་ཚད་མཐོའི་མཐོང་ཆེན”བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་པ་དང་།ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མ་མཐའི་མཚམས་ཐིག་དང་།དམར་ཐིགམཐོ་གནོན་གློག་སྐུད་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་པ།སྦགས་བཙོག་ཆེ་བ་དང་།བཙོག་འབུད་ཆེ་བ།ནུས་རྒྱུ་ཟད་གྲོན་ཆེ་བ་བཅས་ཀྱི་རྣམ་གྲངས་བོད་དུ་ནང་འདྲེན་བྱ་རྒྱུ་གཏན་འགོག་བྱས་པ།གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱ་རྒྱུ་ཚོད་འཛིན་ནན་པོ་བྱས་པ།རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་ཡག་པོ་བྱས་པ།སྣོད་བཅུད་ཁོར་ཡུག་འཆར་གཞི་བཀོད་ནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་ཀྱི་རི་ཀླུང་ཆུ་གསུམ་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་དང“འཛམ་གླིང་ཐོག་གི་དག་པའི་ཞིང་ཁམས་མཐའ་མར”སྲུང་སྐྱོང་ཡག་པོ་བྱས་ཡོད་ཅེས་བསྟན་གནང་བ་རེད།ཁོང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གིས་སྔར་རྒྱུན་བཞིན་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་།རིམ་པ་ཅུང་མཐོ་བ་དང་།ཤེས་ལྡན་པ་འཛོམས་ཆེ་བ།རིག་སྟོབས་འདུ་ཆེ་བ།འབྲེལ་རྒྱ་ཆེ་བ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ།བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ཁག་ལ་རོགས་སྐྱོར་སྔར་བས་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་ཕྱིར་སྒུལ་ཤུགས་གསར་པ་སྦྱིན་རྒྱུ་དང་འདེགས་སྐྱོར་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཆི་ཤུས་ཁྲུན་གྱིས་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་།ཁོང་གིས་ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་དམ་པོར་བརྟེན་པ་དང་།མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དཀའ་སྤྱད་འབད་འཐབ་བྱས་པ།གསར་འབྱེད་གསར་གཏོད་ཀྱིས་དམ་པ་དོན་གཉེར་བྱས་པ་ལས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་།སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་བྱུང་བ།སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱུང་བ།མི་དམངས་བདེ་སྡོད་ལས་བརྩོན་བྱུང་བ།དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ།ཆོས་ལུགས་ཞི་མཐུན་བྱུང་བ་དང་།ལྷག་པར་དུ་མི་རིགས་མཐུན་སྒྲིལ་སྲ་བརྟན་གོང་འཕེལ་གཏོང་རྒྱུ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་སོགས་ཀྱི་སྲིད་ཇུས་བཟང་པོ་རབ་དང་རིམ་པ་བཏོན་པ་དང་ཉམས་མྱོང་ཡག་པོ་རབ་དང་རིམ་པ་བསགས་པ་ནི་ནན་ཏན་ངང་ཕྱོགས་སྡོམ་བྱེད་འོས་པ་ཞིག་རེད་ལ་ཁྱབ་གདལ་གཏོང་འོས་པ་ཞིག་ཀྱང་རེད།བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དེ་དག་མཐོང་སྐབས་ང་ཚོར་དགའ་ཚོར་དཔག་མེད་བྱུང་ལ་སེམས་འགུལ་ཆེན་པོའང་ཐེབས་བྱུང་ཞེས་གསུངས་པ་རེད།

    ཆི་ཤུས་ཁྲུན་གྱིས་མཐའ་མཚམས་མི་རིགས་ས་ཁུལ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ཕྱོགས་དང་པོ་ཡིན་པའི་བོད་འདི་ཉིད་མཐོ་ཞིང་གྲང་ངར་ཆེ་བ་དང་།གསོ་རླུང་དཀོན་པ།ཆ་རྐྱེན་སྐྱོ་བ།ལས་འགན་ལྕི་བ།འགན་འཁྲི་ཆེན་པོ་ཡོད།དུས་ཡུན་རིང་པོའི་ནང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྐད་གྲགས་མེད་པར་ས་མཐོ་སྲུང་བ་དང་།ལྷོ་ནུབ་མཐའ་མཚམས་སྲུང་བ།ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་བོད་འཕེལ་རྒྱས་བརྟན་ལྷིང་ཡོང་བ་དང་།མི་རིགས་ཁག་མཐུན་སྒྲིལ་ཆེན་པོ་ཡོང་བ།རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ཐུབ་པ་དང་མངའ་ཁོངས་ཆ་ཚང་ཡོང་བ་བཅས་བྱ་ཕྱིར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།ང་ཚོས་ཁྱེད་ཚོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཆི་ཤུས་ཁྲུན་གྱིས་ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བའི་འཐབ་ཇུས་གནས་བབ་ཐོག་བཞག་སྟེ།ཚད་མཐོའི་མཐོང་ཆེན་དང་།ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད།བྱེད་ཤུགས་ཆེར་གཏོང་།བྱེད་ཐབས་དོན་འཁྱོལ་བཅས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་བོད་སྐྱོད་རྟོག་ཞིབ་ཚོགས་པས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བརྟག་ཞིབ་བྱེད་པར་སྐྱོད་པ་དང་།ནན་ཏན་ངང་ཉམས་མྱོང་ཕྱོགས་སྡོམ་བྱེད་པ།དཀའ་གནད་ཇི་མ་ཇི་བཞིན་དུ་གོང་ཞུ་བྱེད་པ།འཐབ་ཇུས་རིམ་ངོས་ཀྱི་བསམ་འཆར་དང་གྲོས་འགོ་ཧུར་ཐག་འདོན་པ་བཅས་ཀྱི་ཐོག་ནས་ཀྲུང་གུང་ཀྲུང་དབྱང་གིས་ཐབས་ཇུས་གཏན་ལ་འབེབས་རྒྱུར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་དང་།སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཕྱིར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001336435381