བོད་ལྗོངས།
༄༅།།རང་སྐྱོང་ལྗོངས་འཚམས་འདྲི་ཚོགས་ཆུང་གིས་གཞི་རིམ་གྱི་ཕུལ་བྱུང་དགེ་རྒན་དང་དགེ་རྒན་དབུལ་པོར་འཚམས་འདྲི་བྱས་པ།

    ཚེས་4ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥང་ལིང་མའེ་ཡིས་རུ་སྣེ་འཁྲིད་པའི་རང་སྐྱོང་ལྗོངས་འཚམས་འདྲི་ཚོགས་ཆུང་དང་བཅས་པ་འདམ་གཞུང་རྫོང་སློབ་འབྲིང་དང་ཡངས་པ་ཅན་ལྟེ་བའི་སློབ་ཆུང་དུ་བསྐྱོད་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་གཞི་རིམ་གྱི་ཕུལ་བྱུང་དགེ་རྒན་དང་དགེ་རྒན་དབུལ་པོར་གཟིཌ་པ་དང་འཚམས་འདྲི་གནང་བ་དང་སྦྲགས་ཁོང་ཚོ་བརྒྱུད་ཞིང་འབྲོག་ཁུལ་གྱི་རྒྱ་ཆེའི་གཞི་རིམ་དགེ་རྒན་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་རེད།

    འཚམས་འདྲི་ཚོགས་ཆུང་གིས་རྒྱ་ཆེའི་གཞི་རིམ་དགེ་རྒན་གྱིས་ཁྲིམས་ལྟར་དང་། ཚན་རིག་དང་མཐུན་པ། བརྟན་པོ་བཅས་ཀྱི་སྒོ་ནས་སྐད་གཉིས་སློབ་གསོར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་རང་བྱུང་ཚན་རིག་ཚན་ཁག་གི་སློབ་ཁྲིད་ལ་དམ་འཛིན་ནན་པོ་བྱས་ཏེ་སྐད་གཉིས་སློབ་གསོའི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་ནས་གྲངས་ཉུང་མི་རིགས་སློབ་མ་ཚང་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཞི་རྩའི་ཆ་ནས་ཁོང་དུ་ཆུད་པ་དང་བེད་སྤྱོད་ཐུབ་པའི་འགན་ལེན་བྱས་ཏེ་སློབ་གསོའི་མི་འདང་ས་ཁ་གསབ་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་སློབ་གསོ་དེང་རབས་ཅན་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱ་རྒྱུར་ལེགས་སྐྱེས་འབུལ་ཐུབ་པ་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001349864801