བོད་ལྗོངས།
ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་མཁན་འཐུས་མི་དང་། ཆེད་མངཌ་གདན་ཞུས་འཐུས་མི། ཟུར་ཞུཌ་མི་སྣ་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ།

    ཟླ་10ཚེས་25ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་མཁན་འཐུས་མི་དང་། ཆེད་མངགས་གདན་ཞུས་འཐུས་མི། ཟུར་ཞུཌ་མི་སྣ་བཅས་དང་དྲན་རྟེན་སྐུ་པར་བསྐྱོན་ཞིང་། འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་འཐུས་མིར་བྱམས་བརྩེའི་ངང་ཕྱག་གཏོང་གནང་བའི་གནས་ཚུལ་ཡིན་པ།

    ཚེས་25ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་མཁན་འཐུས་མི་དང་། ཆེད་མངགས་གདན་ཞུས་འཐུས་མི། ཟུར་ཞུགས་མི་སྣ་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

    ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཀྲང་ཀའོ་ལི། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཏིང་ཤུའེ་ཞང་། མཱ་ཁའེ། ཝང་ཁྲེན། ལིའུ་ཧོ། ལིའུ་ཡན་ཏུང་། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཅན་གོ ལི་ཧུང་ཀྲུང་། ལི་ཡོན་ཁྲའོ། དབྱང་ཅེ་ཁྲེ། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་མིན་ཨེར། ཧྥན་ཁྲང་ལུང་། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཅང་ཙེ་མིན། ཧུའུ་ཅིན་ཐའོ། ལི་ཕུང་། ཀྲུའུ་རུང་ཅི། ལི་རུའེ་ཧོན། ཝུའུ་པང་གོ དབུན་ཅ་པའོ། ཅ་ཆིང་ལིང་། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཡིའུ་ཆོན། དབྱང་ཅིང་། ཏུའུ་ཆིང་ལིང་། ལིའུ་ཆི་པའོ། ཀྲང་ཁྲུན་ཞན། མོང་ཅན་ཀྲུའུ། ཀུའོ་ཅིན་ལུང་། ཀྲའོ་ཧུང་ཀྲུའུ་བཅས་མཇལ་འཕྲད་ནང་ཞུགས་པ་རེད།

    གློག་འོད་རྣམ་པར་བཀྲ་བའི་མི་དམངས་ཚོགས་ཁང་ཆེ་མོའི་གསོལ་སྟོན་ཚོམས་ཆེན་དུ་ཚང་མ་ལྷན་དུ་འཛོམས་ནས་དགའ་སྟོན་རྟེན་འབྲེལ་ཞུ་བའི་རྣམ་པས་ཁེངས་ཤིང་། འཐུས་མི་དང་། ཆེད་མངགས་གདན་ཞུས་འཐུས་མི། ཟུར་ཞུགས་མི་སྣ་བཅས་2700ལྷག་ཙམ་གྱིས་དེ་གར་འཛོམས་པ་དང་། ཁོང་རྣམ་པས་གྱོན་གོས་གྲལ་སྒྲིག་པོར་གྱོན་པ་དང་། སྙིང་སྟོབས་རབ་ཏུ་འཕེལ་བ། དགའ་བ་དཔག་མེད་བྱེད་པ་བཅས་ཀྱི་སྒོ་ནས་འགོ་ཁྲིད་བློ་མཐུན་ཕེབས་སྒུག་ཞུས་པ་རེད།

    ཕྱི་དྲོའི་ཆུ་ཚོད་བཞི་པར་ཞི་ཅིན་ཕིང་སོགས་གསོལ་སྟོན་ཚོམས་ཆེན་དུ་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལུགས་མཚོན་པར་གནང་ཞིང་། འཐུས་མི་ཚོའི་མདུན་དུ་ཕེབས་ནས་མདུན་གྲལ་གྱི་བློ་མཐུན་ཚོར་བྱམས་བརྩེའི་ངང་ཕྱག་བཏང་སྟེ་ཕན་ཚུན་སྤེལ་རེས་ཡང་ཡང་གནང་བ་དང་སྦྲགས་ཁོང་ཚོར་འཚམས་འདྲི་ཡང་གནང་བ་རེད། འཐུས་མི་ཚོས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ལ་གུས་ལུགས་མཚོན་པར་བྱས་པ་དང་སྦྲགས་སྤྲོ་སེམས་འཁོལ་པོས་འཚམས་ལན་ཡང་ཞུས་པ་རེད། ཚོམས་ཆེན་ནང་ཕན་ཚུན་བརྩེ་བའི་རྣམ་པས་ཁེངས་ལ་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲའང་ཡང་ནས་ཡང་དུ་གྲགས།

    མཇལ་འཕྲད་ནང་ཞུགས་མཁན་གྲས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་འགོ་ཁྲིད་ལས་གནས་ནས་བབས་གནང་བའི་འགོ་ཁྲིད་བློ་མཐུན་ཡང་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367075201