བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ།

    ཚེས་20ཉིན་རང་སྐྱོང་ལྗོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ་རྒྱལ་ཡོངས་བརྟན་ལྷིང་སྲུང་སྐྱོང་གཞུང་ལས་ཁང་གི་ཀྲུའུ་རེན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཉེ་དུས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དུས་བབ་དང་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་མངོན་གསལ་དོད་པའི་གནས་ཚུལ་བརྡ་ཁྱབ་བཏང་བ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་བཅས་ཡིན་པའི་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲང་ཕེ་ཀྲུང་དང་། ཁྲེན་ཏུང་། ལིའུ་ཧན་ལིན་བཅས་ཚོགས་འདུར་ཕེབས་པ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགལ་ཟླ་དང་རྩོད་གཞི་ཧུར་ཐག་སེལ་བ་དང་གསང་འཕྲིན་འཚོལ་ཞིབ་གཏིང་ཟབ་བྱས་ནས་སྤྱི་པའི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། དྲ་སྦྲེལ་དང་། དཔོད་ཆུང་། སྐད་འཕྲིན་སོགས་གསར་དར་སྨྱན་སྦྱོར་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ་སྔ་ཕྱི་བར་གསུམ་དུ་བདེ་སྡོད་ཉེན་བསམ་དང་ཉེན་བརྡ་རྒྱུན་སྒྲོག་ཐུབ་པ་དང་། སེམས་ཁྲལ་གྱི་འདུ་ཤེས་དང་། ཉེན་ཁའི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ། བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་བྱེད་པ། བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཨང་དང་པོ་མུ་མཐུད་ལག་ལེན་བསྟར་བ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་དགོས་པ། ལོ་མཇུག་དང་ལོ་འགོའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་དང་། ལྷོད་གཡེང་གི་བསམ་པ་དང་དམག་འཐབ་ལ་སུན་སྣང་བྱེད་པའི་བསམ་པ་ཁྱད་དུ་བསད། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ། བརྟན་ལྷིང་སྲུང་སྐྱོང་གི་གནོན་ཤུགས་བརྒྱུད་སྤྲོད་བཅས་བྱས་ནས་རྒྱུན་རྣམ་ཅན་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367738821