བོད་ལྗོངས།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གི་མཉམ་འབྲེལ་ཚོགས་འདུ་འཚོགས་པ།

    ཚེས་21ཉིན་གྱི་སྔ་དྲོ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གི་མཉམ་འབྲེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་དང་བོད་རིག་པའི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་ཁྲིད་སྟོན་དང་“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་གྲོས་བསྡུར་གཏིང་ཟབ་བྱ་རྒྱུ་དེ་རེད།

    བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་པད་མ་རྣམ་རྒྱལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་ནས་བཟུང་ཡུན་ནན་དང་། ཀན་སུའུ། བོད་ལྗོངས་སོགས་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་སྒོ་འབྱེད་ཀྱི་མཇུག་གྲལ་ནས་སྒོ་འབྱེད་ཀྱི་མདུན་ཕྱོགས་སུ་རིམ་བཞིན་བསྐྱོད་པ་ལས་རང་རྒྱལ་དུ་རྒྱལ་ཕྱི་རྒྱལ་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རེས་ཀྱི་སྒོ་འབྱེད་རྣམ་པ་ཆགས་པར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་བསྟན་ཡོད།

    ཚོགས་འདུའི་ཐོག་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ནན་ཏན་བྱེད་པ་དང་། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་ཧ་ཅང་ཁ་གསལ་བའི་རིགས་པའི་གཞུང་ལུགས་ཀྱི་རང་རྟོགས་དང་། བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་ཀྱི་དད་སེམས། ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་བཅས་སུ་འགྱུར་བ་བྱེད་དགོས། རང་རང་སོ་སོའི་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་གཞིགས་ནས་བློ་གྲོས་ལྡན་པའི་ཇུས་འདོན་པ་དང་དངོས་སྒྲུབ་ཀྱི་ཐབས་འདོན་པ་དང་འབྲེལ་མཉམ་ལས་སྔར་བས་ཟབ་གཏོང་གིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྣམ་པ་གསར་པ་ཆགས་པར་ཐབས་དང་ཇུས་འདོན་དགོས། རྒྱ་ཆེའི་སྤྱི་ཚོགས་ཚན་རིག་ལས་དོན་པས་དུས་རབས་ཀྱི་རླབས་རྒྱུན་མདུན་དུ་ལངས་ཐུབ་པ་དང་། གནའ་དེང་གི་འཕོ་འགྱུར་ཤེས་པ། བསམ་བློའི་འབོད་སྒྲ་སྔོན་དུ་སྒྲོག་ཐུབ་པ་བཅས་བྱས་ནས་ཏང་དང་མི་དམངས་ཆེད་དུ་རིག་གཞུང་གི་ཇུས་ཐག་གཅོད་པ་དང་ཐབས་དང་ཇུས་འདོན་དགོས་ལ། རང་རྒྱལ་གྱི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ནན་བཤད་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001367738961