བོད་ལྗོངས།
བཅའ་ཁྲིམས་ལ་བརྩི་སྲུང་དང་སྒྲིག་ལམ་བསྲུངས་ནས་བདེ་འཇགས་ལྡན་ལ་ཡ་རབས་ཀྱི་སྒོ་ནས་འགྲོ་སྐྱོད་བྱེད།

    འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་བུད་མེད་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་མཱ་ཤིན་ཧུང་གིས་བོད་རྒྱ་ཡིག་རིགས་གཉིས་འཁོད་པའི་འགྲིམ་འགྲུལ་འགན་འཁྲིའི་ཁུལ་དབྱེ་བའི་ལྡེ་མིག་འདོགས་བྱེད་ལེན་མཁན་གྱི་གྲོང་མིར་འབྲེལ་ཡོད་ཀྱི་འགྲིམ་འགྲུལ་སྒྲིག་ལམ་འགྲེལ་བཤད་ནན་ཏན་རྒྱག་པའི་གནས་ཚུལ་ཡིན་པ།

    ཟླ་12ཚེས་2ཉིན་ནི“བཅའ་ཁྲིམས་ལ་བརྩི་སྲུང་དང་སྒྲིག་ལམ་བསྲུངས་ནས་བདེ་འཇགས་ལྡན་ལ་ཡ་རབས་ཀྱི་སྒོ་ནས་འགྲོ་སྐྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོ”ཐེངས་དྲུག་པ་དེ་རེད། ཞོགས་པའི་ཆུ་ཚོད་8པར་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་མི་དམངས་ཉེན་རྟོག་པ་བརྒྱ་ལྷག་ཙམ་ཁྲོམ་གཞུང་ཆེ་ཆུང་གི་ཡ་རབས་ལྡན་པའི་འགྲིམ་འགྲུལ་དྲིལ་བསྒྲགས་ས་ཚིགས་སུ་བསྐྱོད་པ་རེད།

    ལྷ་ས་གྲོང་ཁྱེར་དམངས་ཕན་ཞབས་ཞུ་ལྟེ་གནས་ཀྱི་དྲིལ་བསྒྲགས་ས་ཚིགས་སུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཁྲིམས་འཛིན་ལྟ་སྐུལ་རུ་ཆེན་གྱི་རུ་དཔོན་རྒན་པ་ཧོའུ་ཝུན་གྱིས“གྲོང་ཁྱེར་ནང་ཡ་རབས་ལྡན་པར་འགྲོ་སྐྱོད་བྱེད་པ་ནི་མི་ཚང་མར་རག་ལུས་ཡོད་པ་དང་ཚང་མར་འགན་འཁྲི་ཡོད། དེ་རིང་ང་ཚོས་ཡ་རབས་ལྡན་པའི་འགྲིམ་འགྲུལ་དྲིལ་བསྒྲགས་ས་ཚིགས་8བཙུགས་ཡོད་ལ། བྱ་སྤྱོད་ཆུང་ཙག་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་གྱི་བདེ་འཇགས་དང་། ཤར་གཏོང་། ཡ་རབས། གོ་རིམ་ལྡན་པ་བཅས་ཀྱི་གཞུང་ལམ་འགྲིམ་འགྲུལ་ཁོར་ཡུག་ཅིག་མཉམ་དུ་བསྐྲུན་རྒྱུའི་རེ་བ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།  

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001367989031