བོད་ལྗོངས།
ཝུའུ་དབྱིང་ཅེས་དཔལ་མགོན་རྫོང་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་བ།

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་དུ་ཕེབས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེ་དཔལ་མགོན་རྫོང་ཉི་མ་ཤང་འུར་ཆེན་གྲོང་ཚོའི་གྲོང་མི་པ་ལའི་ཁྱིམ་གྱི་གཟན་ཁང་དུ་ཕེབས་ནས་དགུན་དུས་ཀྱི་ཕྱུགས་རྩྭ་གྲ་སྒྲིག་ཐད་ལྟ་ཞིབ་གནང་བའི་གནས་ཚུལ་ཡིན་པ།

    ཉེ་ཆར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཁོང་གི་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་ཡིན་པའི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4750ཡན་ཟིན་པའི་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་དུ་ཕེབས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་དཔལ་མགོན་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གསལ་པོ་ཤེས་པ་དང་། བྱང་ཆུབ་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་ཀྱི་ཐད་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དངོས་འབྲེལ་སྤྱད་དེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱས་ནས་ཕར་ཆིན་རྒྱག་པའི་སྙིང་སྟོབས་ཀྱི་ཐོག་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ལེགས་པར་བསྒྲུབས་ཐོག་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    དཔལ་མགོན་རྫོང་བལ་ལ་གྲོང་རྡལ་མ་རོང་སྒང་དེའུ་གྲོང་ལྷན་དུ་ཝུའུ་དབྱིང་ཅེས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་དང་གྲོང་ཚོ་ཨུ་ལྷན་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་སྐལ་བཟང་དཔལ་སྐྱིད་ནང་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། ལོ་གཉིས་རིང་སྐལ་བཟང་དཔལ་སྐྱིད་ཀྱིས་རང་གི་བུ་དང་མནའ་མ་དང་མཉམ་དུ་མོག་མོག་ཚོང་ཁང་ཞིག་བཙུགས་ནས་རང་སྟོབས་རང་སྤེལ་བྱས་པ་བརྒྱུད་དབུལ་པོའི་ཞྭ་མོ་ཕུད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཡོད། ཝུའུ་དབྱིང་ཅེས་ཐུགས་བཟང་ཚིག་ནན་གྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་ནས“ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁག་གཅིག་གཏན་འཁེལ་གནང་ཡོད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཕན་པའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་གནང་ཡོད། ཁྱེད་རང་སྡོད་སའི་ཁང་པ་འདི་བོད་སྐྱོར་ཁེ་ལས་ཀྱིས་བསྐྲུན་པ་ཞིག་རེད་ལ་སྒོ་འགྲམ་གྱི་སྣུམ་ནག་གཞུང་ལམ་འདི་འང་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་བསྐྲུན་པ་ཞིག་རེད། ཉེ་ལམ་ལོ་ཤས་རིང་བོད་ལ་འཕེལ་རྒྱས་དང་འགྱུར་ལྡོག་མི་ཉུང་ཞིག་བྱུང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་དང་ཁ་བྲལ་ཐབས་མེད་ལ། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཡང་ཁ་བྲལ་ཐབས་མེད་ཅེས་བརྗོད་ཆོག ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཡུན་རིང་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་གྱུར་ཡོད་ཅེས་བསྟན་ཡོད། བོད་ལྗོངས་ནི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་གཙོ་གནད་ས་ཁུལ་ཞིག་ཡིན་པས་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་རེད་ལ་ཚང་མའི་འཚོ་བའང་ཇེ་ལེགས་སུ་འགྲོ་ངེས་རེད། ཁྱེད་ཚོས་ཆུ་འཐུང་དུས་ཆུ་འགོ་དྲན་དགོས་ཞེས་པ་ལྟར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ་ལས་ལ་བརྩོན་པའི་ལག་གཉིས་ལ་མང་ཙམ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས། ཞལ་གྱེས་མཚམས་སུ་ཝུའུ་དབྱིང་ཅེས་མ་རོང་སྒང་དེའུ་གྲོང་ལྷན་ལ་བོད་ཡིག་པར་གཞིའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གི་དཔེ་དེབ་སྤྲད་གནང་ནས་གཞི་རིམ་རྩ་འཛུགས་ཀྱིས་ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་དཔེ་མཚོན་མང་ཙམ་དྲངས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མའི་སེམས་སུ་ཟུག་པ་བྱེད་རྒྱུའི་ཐུགས་རེ་གནང་བ་རེད།

    རྟོག་ཞིབ་གནང་རིང་ཝུའུ་དབྱིང་ཅེས་དཔལ་མགོན་རྫོང་གི་ལས་དོན་སྙན་སེང་གསན་པ་དང་འབྲེལ་དཔལ་མགོན་རྫོང་གི་ལས་བྱེད་ལས་བཟོ་དང་སྤེལ་རེས་གཏིང་ཟབ་གནང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཇུས་ཆེན་ལ་ལྷན་དུ་གྲོས་མོལ་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་འགག་རྩའི་དུས་མཚམས་སུ་འཚོགས་པའི་ཧ་ཅང་གལ་འགངས་ཆེ་བའི་ཚོགས་ཆེན་ཞིག་རེད། དཔལ་མགོན་རྫོང་གི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཇི་མ་ཇི་བཞིན་དང་། མགོ་ནས་མཇུག་བར། དོན་དངོས་དང་ཟུང་འབྲེལ། གོ་དོན་མཐིལ་རྟོགས་བཅས་ཀྱི་སྒོ་ནས་སློབ་སྦྱོང་བྱས་ཏེ་གཞི་ཚུགས་ས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པ་ཡིན་པའི་ཐོག་དམིགས་པ་དང་། ལོ་ལྔའི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཐོག་དམིགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་གྱུར་བ་སོགས་ཀྱི་ཆོད་གཏམ་གལ་ཆེན་གནང་བའི་ཤུགས་རྐྱེན་ཟབ་མོའི་ཐོག་དམིགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་དམིགས་པ། བློ་མཐུན་ཞི་ཅི་ཕིང་གིས་སྲོག་ཤིང་གནང་བའི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བརྩི་བཀུར་དང་ཡིད་ཆེས་ཆེན་པོ་ཐོབ་པའི་འགོ་ཁྲིད་མཉམ་སྡེབ་ཡིན་པའི་ཐོག་དམིགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་བརྩི་བཀུར་བྱེད་པ་དང་། མི་དམངས་ཀྱིས་དགའ་ཞེན་བྱེད་པ། བསྙོན་མེད་ཀྱི་ཏང་གི་གཙོ་འཛིན་ཡིན་པའི་ཐོག་དམིགས་པ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། དད་མོས། འགན་འཁུར། འཇོན་ཐང། འགན་འཁྲི། ངར་ཤུགས་བཅས་ཤེས་པར་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དངོས་འབྲེལ་སྤྱད་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།

    ཝུའུ་དབྱིང་ཅེས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་ནི་རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཁས་ལེན་ནན་པོ་བྱས་པ་ཞིག་རེད། དཔལ་མགོན་རྫོང་ནི་ཤིན་ཏུ་དབུལ་པོའི་ས་ཁུལ་ཞིག་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དབུལ་པོའི་ནང་གི་དབུལ་པོ་དང་། དཀའ་ངལ་ནང་གི་དཀའ་ངལ། དཀའ་གནད་ནང་གི་དཀའ་གནད། འགག་སྒྲོལ་ནང་གི་འགག་སྒྲོལ་བཅས་རེད། དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་དགོངས་པ་གལ་ཆེན་དང་། ལྷག་དོན་དུ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ལ་བརྟེན་ནས་གཏན་འཁེལ་ཟིན་པའི་དམིགས་ཚད་ལས་འགན་ལ་དམིགས་པ་དང་ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་བཏང་ཐོག་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། གནད་དོན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ཐབས་ཇུས་ཆེན་པོ་མཐའ་འཁྱོངས་བྱས་ནས་གནད་སྨིན་ལ་ཤུགས་ནུས་ལྡན་བརྒྱབ་སྟེ་གྲོང་ཚོ་དང་། དུད་ཚང་། མི་བཅས་ལ་གནད་སྨིན་ཐུབ་པར་བྱེད་པ་དང་། ཡུལ་བབ་དང་བསྟུན་པ་དང་། དབུལ་པོའི་གནས་ཚུལ་ལ་གཞིགས་ནས་བྱེད་ཐབས་འདོན་པ། གནད་སྨིན་ཤུགས་འདོན་བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མ་དངུལ་དང་རྣམ་གྲངས་དེ་བས་མང་བ་ཤིན་ཏུ་དབུལ་པོའི་ཤང་དང་གྲོང་ཚོར་གཟིགས་སྐྱོང་བྱས་ཏེ་གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱི་སྒོས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་དགོས། ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་ནས་འབྲོག་ལས་ཀྱི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། མཉམ་ལས་རྩ་འཛུགས་གོང་འཕེལ་གཏོང་བ། གསོ་ཚགས་གཞི་རྒྱ་ཆེ་རུ་གཏོང་བ། གཟན་རྩྭ་དང་རྒྱགས་གསོ་ཁྱབ་སྤེལ་གཏོང་བ། ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་བ་བཅས་བྱས་ནས་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་དགོས། ཁེ་གྲགས་དོན་གཉེར་མི་བྱེད་པའི་བསམ་བློ་བརྟན་པོ་བཅངས་ནས་དུས་ཐུང་རྣམ་གྲངས་དང་ཡུན་རིང་རྣམ་གྲངས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས་ཤུགས་ནུས་ཆད་མེད་དང་སྙིང་རུས་བརྟན་འཁྱོངས་བྱེད་དགོས། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་དཀའ་སྤྱད་འབད་འཐབ་དང་རང་རྟོགས་རང་སྤེལ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་དབུལ་སྐྱོར་དང་བློ་སྐྱོར་དང་རིག་སྐྱོར་ཟུང་འབྲེལ་དམ་ཟབ་བྱས་ཏེ་མང་ཚོགས་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཧུར་སེམས་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱེད་དགོས། ཏང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཆེན་པོ་ཆགས་པར་སྐུལ་འདེད་གཏོང་དགོས། ཆེས་ནན་པའི་དཔྱད་ཞིབ་དཔྱད་དཔོག་ལམ་ལུགས་ལག་ལེན་བསྟར་བ་དང་། རྫོང་དབུལ་པོའི་དབུལ་སྒྲོལ་མ་ཐུབ་པ་དང་དབུལ་པོའི་ཞྭ་མོ་མ་ཕུད་ཚེ་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྫོང་དཔོན་གྱི་ལས་གནས་མི་སྒྱུར་བའི་སྒྲིག་ཁྲིམས་ནན་པོ་ལག་ལེན་ནན་པོ་བསྟར་ནས་ལེགས་པར་བྱ་དགའ་དང་ཞན་པར་ཆད་པ་གཅོད་པའི་སྟོན་ཕྱོགས་ཡག་པོ་བཏོད་དེ་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་དང་། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368018321