བོད་ལྗོངས།
བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ལྗོངས་ཀྱི་དམངས་སྲིད་དབུལ་སྐྱོར་དངུལ་རྩའི་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ།

    ཚེས་20ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱིས་དཀའ་ངལ་གྱི་གནས་སུ་ལྷུངས་པའི་བྱིས་པའི་རིགས་དབྱེའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ཐག་གཅོད་དང་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་པ། དབུལ་སྐྱོར་རྣམ་གྲངས་ཁས་ལེན་དོ་དམ། འགན་བཅོལ་ལས་རིགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པ་བཅས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། དཀའ་གནས་སུ་ལྷུངས་པའི་བྱིས་པའི་རིགས་དབྱེའི་འགན་སྲུང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། ཁྲིམས་ལྟར་སྲུང་སྐྱོང་མཐའ་འཁྱོངས། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་རིགས་དབྱེ་ཇུས་བསྟར་དང་གནད་སྨིན་འགན་སྲུང་གིས་སྲིད་གཞུང་ནས་གཙོ་ཁྲིད་དང་། སྡེ་ཚན་དབར་མཐུན་སྦྱོར། སྤྱི་ཚོགས་ཞུགས་པ། ཁྱིམ་ཚང་གིས་འགན་འཁུར་བ་བཅས་ཀྱི་དཀའ་ངལ་གྱི་གནས་སུ་ལྷུངས་པའི་བྱིས་པའི་རིགས་དབྱེའི་འགན་སྲུང་ལས་དོན་ལམ་སྲོལ་ཧུར་ཐག་འཛུགས་དགོས། དངུལ་རྩའི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐབས་ལམ་ཤར་བགྲོད་དང་། བྱེད་ཐབས་གསར་གཏོད། དྲིལ་བསྒྲགས་ལ་ཤུགས་སྣོན་བཅས་ཀྱིས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ལ་སྔོན་འགོག་དང་ཐག་གཅོད་བྱེད་པའི་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིམས་འགལ་གྱི་མ་རྩ་བསྡུ་རུབ་ལ་རྡུང་རྡེག་ནན་པོ་གཏོང་བའི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་དངུལ་རྩའི་ཁྱབ་ཁོངས་ཀྱི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱེད་དགོས། གནད་སྨིན་གྱི་རྩ་དོན་ལ་དམ་པོར་དམིགས་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོར་གཞིགས་ཏེ་དབུལ་སྐྱོར་རྣམ་གྲངས་ཀྱི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རྣམ་གྲངས་ཀྱི་གནད་སྨིན་རང་བཞིན་དང་ཚན་རིག་རང་བཞིན་ཆེ་རུ་གཏོང་དགོས། གནས་གཏན་འཁེལ་གྱི་རྩ་དོན་དང་། གནད་སྨིན་གྱི་རྩ་དོན། དམིགས་བསལ་གཟིགས་སྐྱོང་གི་རྩ་དོན། གསར་གཏོད་ཀྱི་རྩ་དོན་བཅས་མཐའ་འཁྱོངས་ཀྱིས་དམངས་འཚོ་དང་། ལས་ཞུགས། བདེ་ཐང་། ཐོན་ལས། གསར་གཏོད་ལས་གཏོད་སོགས་འགན་བཅོལ་ཞབས་ཞུའི་དགོས་མཁོར་གཞིགས་ནས་རང་ལྗོངས་ཀྱི་གནས་བབ་དང་འཚམ་པ་དང་གནད་སྨིན་དབུལ་སྒྲོལ་ལ་མཁོ་བའི་འགན་བཅོལ་ལས་སྒོ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་འགན་བཅོལ་ལས་རིགས་ཀྱི་སྒྲིག་སྲོལ་ལམ་སྲོལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་འགན་བཅོལ་ལས་རིགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368450041