བོད་ལྗོངས།
ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཞིང་ལས་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ།

    ཟླ་1ཚེས་6ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཞིང་ལས་རིགས་ཁོངས་ཚོགས་ཆུང་དུ་ཕེབས་ཏེ། སྲིད་གྲོས་ཀྱི་ཨུ་ཡོན་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་ཁོང་ཚོ་དང་ལྷན་དུ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་སྒྲོན་ལ་གྲོས་བསྡུར་ཡང་གནང་བཞིན་པ།

    ཟླ་1ཚེས་6ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་སྙན་སྒྲོན་ལ་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཞིང་ལས་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ཚོགས་རར་ཕེབས་ཏེ། སྲིད་གྲོས་ཀྱི་ཨུ་ཡོན་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་ཁོང་ཚོ་དང་ལྷན་དུ་གྲོས་བསྡུར་ཡང་གནང་བ་རེད།

    ལིའུ་ཅང་དང་། རྒྱལ་མཚན། ཀའོ་དབྱང་སོགས་གྲོས་བསྡུར་ནང་ཞུགས་ཡོད་པ་རེད།

    སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཝུའུ་དབྱིང་ཅེས་སྲིད་གྲོས་ཀྱི་ཨུ་ཡོན་ཚོར་བྱམས་བརྩེའི་ངང་ཕྱག་བཏང་སྟེ་འཚམས་འདྲི་གནང་བ་རེད།

    ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་ཅིང་། ཁྲེན་ཆན་དང་། ཉོག་ཆུང་ཆུང་། བཀྲ་ཤིས་ཚེ་མཚོ། དབང་འདུས། བཀྲ་ཤིས་བསམ་གྲུབ། བསོད་ནམས་སྟོབས་རྒྱལ་སོགས་ཨུ་ཡོན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་སྙན་སྒྲོན་ལ་དམ་པོར་དམིགས་ཏེ། རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བསམ་འཆར་ཧུར་ཐག་བཏོན་གནང་བ་རེད། ཚང་མས་མྱོང་ཚོར་གླེང་བ་དང་། གནད་དོན་འཚོལ་བ། གྲོས་འགོ་འདོན་པ་བཅས་ཀྱི་ཐོག་ནས་གང་བསམ་ལྷུག་གླེང་གནང་བ་རེད། ཝུའུ་དབྱིང་ཅེས་གསན་ཞོར་དུ་ཟིན་བྲིས་བསྐྱོན་གྱིན་འབྲེལ་ཡོད་གནས་ཚུལ་ཡང་སེ་སྐད་ཆ་དྲིས་གནང་བ་མ་ཟད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་། དབུལ་སྒྲོལ་འགག་སྒྲོལ། ས་བབ་ཤིན་ཏུ་མཐོ་བའི་ཁུལ་གྱི་སྣོད་བཅུད་གནས་སྤོ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན། དམངས་ཕན་གྱི་ཁ་གསབ་ཁག ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནད་དོན་ཐད་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་བ་རེད།

    ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། འབྱོར་འབྲིང་མངོན་འགྱུར་བྱུང་མིན་གཙོ་བོ་ཡུལ་མི་སྤུན་ཟླ་ཚོར་བལྟ་དགོས། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་ཡིན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལ་དམ་པོར་དམིགས་པ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་པའི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གཉིས་ཁོང་དུ་བརྟན་པོར་ཆུད་པ་བྱེད་པ། ཞན་ཆ་གསབ་རྒྱུ་དང་རྨང་གཞི་བརྟན་གཏོང་ཐད་འབད་བརྩོན་ཤུགས་ཆེན་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུར་རྒྱུན་མཐུད་ངང་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟབ་ཏུ་ཏན་ཏིག་གཏོང་དགོས་པ་སྟེ།

    གཅིག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་རྒྱལ་ཡོངས་ཀྱི་ས་གནས་གཞན་གྱི་མང་ཚོགས་ཀྱིས་ལོངས་སྤྱོད་བྱེད་མྱོང་མེད་པའི་གཟིགས་སྐྱོང་སྲིད་ཇུས་དང་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་འགྱུར་ལྡོག་ཧ་ཅང་ཆེན་པོ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། མང་ཚོགས་ཚོར“མོས་སེམས་ལྔ”ཟབ་ཏུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཏང་གི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅིའི་གནས་བབ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་དབུས་སུ་གཏིང་ཟབ་ཟུག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲག་རྒྱུན་དུ་གཏིང་ཟབ་འདྲེས་པར་བྱེད་དགོས།

    གཉིས་ནས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་ཏུ་གཏོང་བ། དུས་ཡུན་ཐུང་ངུའི་ནང་མང་ཚོགས་ལ་འབབ་འཕར་ཡོང་བ་དང་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ནུས་པ་འདོན་ཐུབ་པའི་ནས་ཐོན་འཕར་དང་འབྲི་གཡག་བཤས་གཏོང་སོགས་མྱུར་སྒྲུབ་རྣམ་གྲངས་ཀྱི་དམངས་ཕྱུག་ཐོན་ལས་དང་། ནུས་རྒྱུ་གཙང་མ་དང་ཡུལ་སྐོར་སོགས་ཕུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་གྱི་ནུས་པ་འདོན་ཐུབ་པའི་འཐབ་ཇུས་ཐོན་ལས་ལ་སྤྱི་འདོམས་འཆར་འགོད་བྱས་ཏེ། ཞིང་འབྲོག་ཐོན་རྫས་གཙོ་བོའི་མཁོ་སྤྲོད་འགན་ལེན་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་ལྟེ་བར་བྱེད་པ་དང་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་རྒྱ་ཁྱོན་གཅིག་སྡུད་འོས་འཚམ་ལ་སྐུལ་འདེད་བཏང་ནས། ཐོན་ལས་དག་མང་ཚོགས་འབབ་འཕར་བརྟན་པོ་དང་ཕྱུག་འགྱུར་ཡོང་བའི་རམ་འདེགས་སུ་འགྱུར་བར་བྱེད་པ་དང་། མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་ས་ནས་ཐོན་ལས་འཕེལ་རྒྱས་ལ་ཞུགས་སུ་བཅུག་སྟེ་འབབ་འཕར་བརྟན་པོ་དང་ཕྱུག་འགྱུར་ཡོང་བར་བྱེད་དགོས།

    གསུམ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང“མཚམས་འཇོག་མི་བྱེད་པ་བཞིའི”བླང་བྱ་ལྟར་བྱ་ཐབས་ཁག་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། ཐོན་ལས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་རྒྱུན་མཐུད་གཏོང་བ་དང་། དབུལ་པོ་རང་ལོག་འགོག་པའི་ལམ་སྲོལ་འཛུགས་པ། དབུལ་སྒྲོལ་གྱི་སྤུས་ཀར་འགན་ལེན་བཅས་བྱེད་དགོས་པ་དང་། ལྷག་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། གཅིག་ནས་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་དང་། གཉིས་ནས་བསམ་བློའི་གནད་དོན་ཐག་གཅོད་མཐའ་འཁྱོངས་དང་། དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་ཟུང་འབྲེལ་མཐའ་འཁྱོངས། མང་ཚོགས་ཀྱི་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པ། མང་ཚོགས་ལ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་སློབ་གསོ་རྒྱག་པ། ཤེས་དཔལ་གྱི་འདུ་ཤེས་དང་གོམས་སྲོལ་ངན་པ་སྒྱུར་བ། ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པ་བཅས་བྱེད་དགོས།

    བཞི་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་ནས་སེལ་བ་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྐྱེལ་བ་མཐའ་འཁྱོངས་བྱེད་པ། སྤྱི་པའི་ཞབས་འདེགས་གཤམ་འོག་ཏུ་ཞུ་བར་སྐུལ་སྤེལ་གང་མགྱོགས་གཏོང་བ་དང་། ཤེས་ལྡན་པ་གཤམ་འོག་ཏུ་འགྲོ་བར་སྐུལ་སྤེལ་ཤུགས་ཆེན་གཏོང་བ། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ལ་སྐུལ་འདེད་བརྟན་པོ་གཏོང་བ། མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་བ། བདེ་འཇགས་འཐུང་ཆུ་སོགས་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་དང་། རེ་སྒུག་ཆེ་ཤོས། དཀའ་ངལ་ཆེ་ཤོས་བཅས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་རྒྱུན་ཆད་མེད་པར་ཐག་གཅོད་ཡག་པོ་བྱེད་དགོས།

    ལྔ་ནས“ཞིང་གསུམ”གྱི་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩི་བ་མ་ཟད། འགོ་ཁྲིད་ལ་ཤུགས་སྣོན་དང་། ཐོན་ཁུངས་གཅིག་སྡུད། འགན་སྲུང་ལ་ཤུགས་སྣོན། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པའི“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་མཐའ་གཅིག་ཏུ་གསབ་དགོས། མི་འབོར་དང་སྤྱི་པའི་ཐོན་ཁུངས་སོགས་གཅིག་སྡུད་འོས་འཚམ་བྱེད་པའི་གནད་དོན་ལ་ཞིབ་འཇུག་དང་དོན་འཁྱོལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། གཞི་ཁྱོན་ཅན་གྱི་གཉེར་སྐྱོང་གཅིག་སྡུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་དེ་བས་ལེགས་པའི་སྒོ་ནས་མཐོ་རུ་གཏོང་བར་རྨང་གཞི་བརྟན་པོ་འདིང་དགོས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386842461