བོད་ལྗོངས།
བོད་ལྗོངས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་དངུལ་ལོར་རྫུས་མ་བཀག་འགོག་གི་འཛིང་རགས་བརྟན་པོ་བསྐྲུན་པ།

    དངུལ་ཁང་ལས་རིགས་དང་དངུལ་རྩའི་སྒྲིག་གཞིས་ཕྱི་ཕྱོགས་ལ་དངུལ་ལོར་རྫུས་མ་གཏོང་ནོར་ཤོར་བ་ཐར་པར་གཏན་ནས་མི་གཏོང་བ།

    གསར་འགོད་པར་ཉེ་ཆར་རང་སྐྱོང་ལྗོངས་དངུལ་ལོར་རྫུས་མར་ངོ་རྒོལ་ལས་དོན་གྱི་མཐུན་འབྲེལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་དངུལ་ལོར་རྫུས་མར་ངོ་རྒོལ་ལས་དོན་གྱི་མཐུན་འབྲེལ་ཚོགས་འདུའི་གཞུང་ལས་ཁང་གིས། དངུལ་ཁང་ལས་རིགས་དང་དངུལ་རྩའི་སྒྲིག་གཞིའི་དངུལ་ལོར་རྫུས་མར་ངོ་རྒོལ་གྱི་འབྲེལ་གཏུག་ལམ་སྲོལ་གྱི་ལས་སྟེགས་ཀྱི་ནུས་པ་གང་ལེགས་བཏོན་ནས། དུས་བཀག་ལྟར་འབྲེལ་གཏུག་པའི་ཚོགས་འདུ་འཚོགས་པ་དང་། དངུལ་ལོར་རྫུས་མར་ངོ་རྒོལ་གྱི་ཆ་འཕྲིན་སྙན་སེང་དང་སྤེལ་རེས་ལམ་སྲོལ་འཐུས་སྒོ་ཚང་པོ་འཛུགས་པ། དངུལ་ལོར་རྫུས་མར་བཀག་འགོག་བྱེད་པའི་འཛིང་རགས་བཙན་པོ་སྐྲུན་པ་བཅས་བྱས་པ་རེད། 2019ལོར་ལྗོངས་ཡོངས་ཀྱི་དངུལ་ཁང་ལས་རིགས་དང་དངུལ་རྩའི་སྒྲིག་གཞིས་དངུལ་ལོར་རྫུས་མ་སྒོར་ཁྲི་69.7བསྡུས་ནས། དངུལ་ཁང་ལས་རིགས་དང་དངུལ་རྩའི་སྒྲིག་གཞིས་ཕྱི་ཕྱོགས་སུ་དངུལ་ལོར་རྫུས་མ་གཏོང་ནོར་ཤོར་རིགས་ཐར་པར་གཏན་ནས་བཏང་མེད་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་དངུལ་ལོར་རྫུས་མར་ངོ་རྒོལ་གཞུང་ལས་ཁང་གིས། 2019ལོའི་དཔར་མ་ལྔ་པའི་སྒོར་50དང་དེ་མན་གྱི་མི་དམངས་ཤོག་སྒོར་གྱི་འཕྲུལ་འཁོར་རིམ་སྤོར་དང་ལས་མིར་གསོ་སྦྱོང་ལས་དོན་ཧུར་ཐག་སྤེལ་བ་མ་ཟད། ཁོངས་གཏོགས་ཁུལ་ཡོངས་ལ་དངུལ་བཤེར་འཕྲུལ་འཁོར་3169དང་། དངུལ་བཅོལ་དངུལ་ལེན་གཞི་གཅིག་ཅན་གྱི་འཕྲུལ་འཁོར་335 དབྱེ་འབྱེད་འཕྲུལ་འཁོར་376བཅས་བཀོད་སྒྲིག་བྱས་ནས། རང་ལྗོངས་སུ་2019ལོའི་དཔར་མ་གསར་པའི་མི་དམངས་ཤོག་སྒོར་བདེ་བླག་ངང་འགྲེམས་སྤེལ་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001389338861