བོད་ལྗོངས།
བོད་ཀྱི“རིག་ལྡན་ཏང་འཛུགས་སྐྱོང”གི་དྲ་ཐོག་ལས་སྟེགས་རབ་དང་རིམ་པ་སྤྱོད་འགོ་ཚུགས་པ།

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རིག་ནུས་ཅན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉིན་ཤས་གོང་། བོད་ལྗོངས་ཀའོ་ཁྲེ་ཚན་རྩལ་ཆ་འཕྲིན་ཐོན་རྫས་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིས་ཞིབ་སྤེལ་བྱས་པའི་དྲ་ཐོག་གི“རིག་ལྡན་ཏང་འཛུགས་སྐྱོང་གི་ལས་སྟེགས”དང“ཆབ་སྲིད་ནུས་པ་ཆེར་གཏོང་གི་ལས་སྟེགས”དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཏང་ཡོན་གྱི་སྐོར་སྐྱོད་རང་བཞིན་ཆེ་བ་དང་། རྩ་འཛུགས་ཀྱི་འཚོ་བའི་དཔྱད་གཞིའི་ཡིག་ཆ་རྙོག་འཛིང་ཆེ་བ། ཏང་དངུལ་བསྡུ་མཁན་ཡོད་དགོས་པ། ཀྲི་པུའི་དོ་དམ་བྱེད་ཐབས་མང་པོ་མེད་པ་སོགས་ཀྱི་གནད་འགག་ལ་དམིགས་ཏེ། “རིག་ལྡན་ཏང་འཛུགས་སྐྱོང་གི་ལས་སྟེགས”ཀྱི་དྲ་ཐོག་མ་ལག་ཐོག་ནས་རྩ་འཛུགས་ཀྱི་འཚོ་བའི་དཔྱད་གཞིའི་ཡིག་ཆ་བརྒྱུད་བསྐུར་དང་། ཉར་ཚགས། དུས་ཐོག་ཏུ་ལྟ་ཞིབ་བཅས་ཐུབ་ཀྱི་ཡོད། དེས་མ་ཚད་མ་ལག་དེར་ཁྱབ་ཁོངས་དེ་ག་དང་ཚན་པ་དེ་རང་གིས་དྲ་ཐོག་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་།

    ཏང་དོན་ཡོངས་བསྒྲགས། ཏང་དངུལ་དྲ་ཐོག་ནས་སྐྱེལ་པ། ཏང་རྩ་འཛུགས་ཀྱི་འབྲེལ་བ་དྲ་ཐོག་ནས་བསྒྱུར་བ། ཏང་ཡོན་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་དོ་དམ། ཏང་ཡོན་གྱི་ཡིག་ཚགས་དྲ་ཐོག་ནས་དོ་དམ། ཏང་རྩ་འཛུགས་ཀྱི་གྲུབ་ཆ་དང་ཏང་ཡོན་གྱི་འབྲེལ་གཏུག་ཁ་པར། གྲངས་གཞི་བསྡོམས་རྩིས་དང་གྲངས་གཞི་ཆེན་པོར་དབྱེ་ཞིབ་སོགས་ཀྱི་ནུས་པ་མང་པོ་ལྡན་ཡོད། གཞན་ཡང་དུས་མཉམ་དུ་གསར་སྤེལ་བྱས་པའི་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུར། དྲ་ཐོག་ནས་ཏང་དངུལ་སྐྱེལ་བ་དང་། ཏང་དངུལ་བསྡོམས་རྩིས་དང་གློག་རྡུལ་གྱི་དངུལ་འཇལ་ཟིན་ཐོ་རང་འགུལ་དུ་གྲུབ་པ། དྲ་ཐོག་སློབ་སྦྱོང་སོགས་ཀྱི་ནུས་པ་ལྡན་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391800841