བོད་ལྗོངས།
ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་ཞུས་ནན་ཕིང་བཅས་པ་དང་བཞུགས་མོལ་གནང་བ།

    ཚེས་26ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚན་རྩལ་པུའི་པུའུ་ཀྲང་གཞོན་པ་ཞུས་ནན་ཕིང་བཅས་པ་དང་བཞུགས་མོལ་གནང་ནས། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་བོད་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྤེལ་རེས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་བཞུགས་མོལ་ནང་ཕེབས་པ་རེད།

    དང་ཐོག་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཞུས་ནན་ཕིང་གིས་ལས་དོན་ཚོགས་ཆུང་གི་སྣེ་འཁྲིད་དེ་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་རང་ལྗོངས་ཀྱི་ཚན་རྩལ་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་རེད། རང་ལྗོངས་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་སྤེལ་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས། ཝུའུ་དབྱིང་ཅེས་དུས་ཡུན་རིང་པོའི་ནང་ཚན་རྩལ་པུས་བོད་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་མང་པོ་གནང་བ་དང་། བོད་ཀྱི་ཚན་རྩལ་བྱ་གཞག་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་མངོན་འགྱུར་ཡོང་བར་རམ་འདེགས་གནང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་སྒུལ་ཤུགས་བསྣན་ཡོད།

    ཚན་རྩལ་པུས་ནས་ཀྱི་ཐོན་འཕར་དང་འབྲི་གཡག་རྒྱུད་སྤེལ་སོགས་རང་ལྗོངས་ཀྱི་གཙོ་གནད་ཐོན་ལས་ཀྱི་ཞན་ཆའི་ལྷུ་ཚིགས་ལ་དམིགས་ནས་རྒྱལ་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་བོད་དུ་སོན་བཟང་དང་རྒྱུད་བཟང་འདེམས་གསོ་བྱེད་པར་ཡོང་རྒྱུར་མཐུན་སྦྱོར་བྱས་ཏེ། བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་ཤུགས་ཆེན་བྱེད་པ་དང་བོད་ཀྱི་ཚན་རིག་ཁྱབ་གདལ་གྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་དེང་རབས་ཚན་རྩལ་གྱི་འདུ་ཤེས་གོང་དུ་བཀུར་བ་དང་། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ལ་ཁྲིད་སྟོན་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཞུས་ནན་ཕིང་གིས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཚན་རྩལ་པུས་སྔར་རྒྱུན་བཞིན་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས་བོད་ཀྱི་ཚན་རྩལ་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱེད་པ་དང་། པུའུ་དང་རང་སྐྱོང་ལྗོངས་དབར་གྱི་མཉམ་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་པ། བོད་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱེད་པ། རིམ་པ་མཐོ་བའི་ཚན་རྩལ་ཤེས་ལྡན་པ་ནང་འདྲེན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བོད་ཀྱི་ས་གནས་དེ་རང་གི་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་དུས་བདེ་འཛུགས་སྐྱོང་བཅས་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་དེ་བས་མང་བ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392508691