བོད་ལྗོངས།
ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ཐོ་འགོད་ལ་ཞུགས་པ།

    རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ཐོ་འགོད་ལས་དོན་ད་ཆ་རྒྱལ་ཡོངས་སུ་སྤེལ་བཞིན་ཡོད། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་སྣེ་ཁྲིད་དེ་མི་འབོར་ཡོངས་བཤེར་ཐོ་འགོད་ནང་ཞུགས་པ་རེད།

    ཡོངས་བཤེར་ཐོ་འགོད་བྱེད་རིང་། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་མི་འབོར་ཡོངས་བཤེར་མི་སྣའི་ས་གནས་ས་ཐོག་གི་བློ་འདྲི་དང་ལེན་ནན་ཏན་གནང་བ་དང་འབྲེལ་དྲི་བ་རེ་རེ་བཞིན་ལ་ལན་ཡང་བསྐྱོན་པ་རེད། ཡོངས་བཤེར་མི་སྣས་ཡོངས་བཤེར་ཐོ་འགོད་ཀྱི་བླང་བྱར་ནན་པོར་གཞིགས་ཏེ་གློག་རྡུལ་ཅན་གྱི་ཆ་འཕྲིན་འཚོལ་བསྡུ་བྱས་པ་དང་། ཐོ་འགོད་བྱེད་མཇུག་འགྲིལ་རྗེས། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་དཀའ་སྤྱད་ལས་བརྩོན་བྱེད་མཁན་ཡོངས་བཤེར་མི་སྣར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ད་ཐེངས་ཀྱི་ཡོངས་བཤེར་ཐོ་འགོད་ལས་དོན་གྱི་གནས་ཚུལ་ཡང་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཝུའུ་དབྱིང་ཅེས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པ་ནི་དུས་རབས་གསར་པར་སྤེལ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་གལ་ཆེན་ཐེངས་ཤིག་བྱས་པ་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན། དེས་མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། དེས་ན་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་འབོར་ཡོངས་བཤེར་ཐོ་འགོད་ལ་ཞུགས་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱར་ནན་པོ་གཞིགས་པ། “རྒྱལ་ཡོངས་ཀྱི་གཅིག་གྱུར་འགོ་ཁྲིད་དང་། སྡེ་ཚན་གྱི་ལས་བགོས་རོགས་ལས། ས་གནས་ཀྱི་རིམ་དབྱེ་འགན་འཁུར། ཕྱོགས་ཁག་མཉམ་དུ་ཞུགས་པ”བཅས་ཀྱི་བླང་བྱར་གཞིགས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། རང་ལྗོངས་ཀྱི་མི་འབོར་གྱི་གྲངས་འབོར་དང་། གྲུབ་ཆ། ཁྱབ་ཚུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་རྩད་གཅོད་གསལ་པོ་བྱེད་པ། མི་འབོར་འགྱུར་ལྡོག་གི་འཕེལ་ཕྱོགས་དང་ཁྱད་ཆོས་གནད་ལ་འཁེལ་པོས་མཚོན་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕྱིར་ཚན་རིག་དང་མཐུན་ལ་ཡང་དག་པའི་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་བྱེད་དགོས། ཡོངས་བཤེར་མི་སྣས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ཡོངས་བཤེར་དང་ཁྲིམས་བཞིན་ཡོངས་བཤེར་མཐའ་འཁྱོངས་བྱེད་པ། གྲངས་གཞིའི་སྤུས་ཚད་ཀྱི་མཐའ་ཚད་བརྟན་པོར་སྲུང་བ། ཡོངས་བཤེར་གྱི་ཇུས་གཞི་ལག་ལེན་ནན་པོ་བསྟར་བ། དཀའ་ངལ་ཁྱད་བསད་བྱེད་པ། ས་གནས་ས་ཐོག་གི་ཐོ་འགོད་སྒྲིག་འཛུགས་ནན་ཏན་བྱེད་པ། གྲངས་གཞི་བདེན་པ་བདེན་ཐུག་ཡོང་བའི་འགན་ལེན་བཅས་བྱས་ནས་མི་འབོར་ཡོངས་བཤེར་གྱི་ལས་འགན་སྤུས་ཚད་མཐོ་བའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། ཁྱིམ་ཚང་རེ་རེ་དང་སྤྱི་དམངས་རེ་རེས་ཡོངས་བཤེར་ལས་དོན་ལ་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་བྱས་ཏེ་སྒོ་འཕར་ཡངས་པོར་ཕྱེ་བ་དང་། ཡོངས་བཤེར་དང་ལེན་བྱེད་པ། འོས་འགན་སྒྲུབ་པ། དྲང་པོ་དྲང་གཞག་གིས་ཐོ་འགོད་བྱེད་པ་བཅས་ཀྱི་ཐོག་ནས་མི་འབོར་ཡོངས་བཤེར་བདེ་བླག་ངང་ལེགས་གྲུབ་ཡོང་བ་དང་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394928121