བོད་ལྗོངས།
རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ཐོ་འགོད་ལས་དོན་བོད་དུ་སྤེལ་བཞིན་པ།

    ཟླ་11ཚེས་1ཉིན་ནས་བཟུང་། རང་ལྗོངས་སུ་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ཐོ་འགོད་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ཐོ་འགོད་ལས་དོན་ནང་རང་ལྗོངས་སུ་གཙོ་བོ་མི་འབོར་དང་ཁྱིམ་དུད་ཀྱི་གཞི་རྩའི་གནས་ཚུལ་ལ་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་། དེའི་ནང་རང་མིང་དང་། སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། ཕོ་མོ། ལོ་ཚད། མི་རིགས། སློབ་ཚད། ལས་རིགས། གནས་སྤོ་འགྲོ་འོང་། གཉེན་སྒྲིག་བུ་བཙའ། སྡོད་ཁང་གི་གནས་ཚུལ་སོགས་ཀྱི་ནང་དོན་ཚུད་ཡོད། “ད་ཐེངས་ཀྱི་མི་འབོར་ཡོངས་བཤེར་དེ་སྔོན་མ་དང་མི་འདྲ་ས་ནི། གཅིག་ནས་གློག་རྡུལ་ཅན་གྱི་འཚོལ་བསྡུའི་སྒྲིག་ཆས་ཐེངས་དང་པོ་སྤྱད་པ་དང་། གཉིས་ནས་ཡོངས་བཤེར་གྱི་ནང་དོན་ནང་སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་གསར་སྣོན་བྱས་པ། གསུམ་ནས་ཡོངས་བཤེར་བྱ་ཡུལ་གྱིས་རང་བརྟེན་ངང་རེའུ་མིག་རྒྱོང་རྒྱུ་འདེམས་ཆོག་པ”བཅས་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་སུ་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ཐོ་འགོད་ལས་དོན་སྤེལ་ཚུན། རང་ལྗོངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་འབོར་ཡོངས་བཤེར་གཞུང་ལས་ཁང་གི་གཅིག་གྱུར་བཀོད་སྒྲིག་ལ་ནན་པོར་གཞིགས་ནས་རྩ་འཛུགས་ཀྱི་སྒྲིག་གཞི་འཛུགས་སྐྱོང་དང་། ཡོངས་བཤེར་དྲིལ་བསྒྲགས། དངོས་ཟོག་འགྲོ་གྲོན་འགན་ལེན། ཕྱོགས་བསྡུས་ཚོད་ལྟ། ལས་སྒོའི་གསོ་སྦྱོང་། སྡེ་ཚན་གྱི་དཔྱད་གཞི་ལེགས་སྒྲིག མི་འབོར་ཡོངས་བཤེར་གྱི་དྲིལ་བསྒྲགས་ཟླ་བ། ཡོངས་བཤེར་མཐིལ་རྟོགས་དང་ཐོ་འགོད་ལས་དོན་བཅས་ལ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395027711