བོད་ལྗོངས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་འདིང་བ།

    —— རང་ལྗོངས་ཀྱི“བདུན་ལྔའི”བཅའ་ཁྲིམས་ཁྱབ་གདལ་ལས་དོན་སྐོར་གྱི་སྒྲིལ་གླེང་།

    “བདུན་ལྔའི”བཅའ་ཁྲིམས་ཁྱབ་གདལ་བཏང་ཚུན། རང་ལྗོངས་ཀྱི་རིམ་ཁག་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལས་དོན་ཁྲོད་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་རྨང་གཞིའི་རང་བཞིན་དང་སྔོན་ཁྲིད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དམངས་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་ཡོད། “ཁྲིམས་སྐྱོང་བོད་ལྗོངས”ཀྱི་བཅའ་ཁྲིམས་ཁྱབ་གདལ་སྤུས་རྟགས་ཞིབ་ཚགས་བཏོད་པས་ལྗོངས་ཡོངས་ཀྱི“བདུན་ལྔའི”བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    གནད་འཕིགས་སྲིད་ཇུས་མཐའ་འཁྱོངས་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ཕྱོཌ་ཡོངས་ནས་གཏིང་ཟབ་སྤེལ་བ།

    “རྩ་ཁྲིམས་སློབ་སྦྱོང་དང་། རྩ་ཁྲིམས་གོང་བཀུར། རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་སྲུང་སྐྱོང་། རྩ་ཁྲིམས་བེད་སྤྱོད”བཅས་བརྗོད་དོན་གཙོ་བོར་བྱས་ནས། “རྩ་ཁྲིམས་མཐའ་མཚམས་སུ་ཁྱབ་གདལ་གཏོང་བ”སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་རྩ་ཁྲིམས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། དེའི་ནང་རྩ་ཁྲིམས་ཀྱི་ཤེས་བྱ་དྲ་ཐོག་ནས་གཅིག་གྱུར་རྒྱུགས་ལེན་བྱ་རྒྱུའི་སྒྲིག་འཛུགས་བྱས་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི་270ཞུགས་ནས་ཡིག་རྒྱུགས་ནང་ཞུགས་ཚད་95.4%ཟིན་པ་དང་ཡིག་རྒྱུགས་ལོན་ཚད་99%ཟིན་ཡོད། རྩ་ཁྲིམས་རིག་གནས་ཀྱི་བྱེད་སྒོ་སྤེལ་ཡུལ་50ལྷག་ཙམ་བསྐྲུན་ནས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་སྤེལ་བའི་རྩ་ཁྲིམས་རིག་གནས་བྱེད་སྒོ་མཚོན་བྱེད་དུ་བྱེད་པ་དང་ལྗོངས་ཡོངས་ལ་ཁྱབ་པའི་ཁྲིམས་སྐྱོང་རིག་གནས་ཀྱི་གཡུལ་སའི་དྲ་རྒྱའི་མ་ལག་རགས་ཙམ་ཆགས་ཡོད།

    འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་བཅའ་ཁྲིམས་སློབ་སྦྱོང་དང་དཔེ་སྟོན་ངང་བཅའ་ཁྲིམས་སྲུང་བརྩི་བྱ་རྒྱུ་དེ་ཁྲིམས་སྐྱོང་འདུ་ཤེས་འཛུགས་པའི་གནད་འགག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་འགོ་ཁྲིད་ལས་བྱེད་པས་བཅའ་ཁྲིམས་སློབ་སྦྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་འགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣས་རྩ་ཁྲིམས་ལྟར་སྲིད་སྐྱོང་དང་ཁྲིམས་ལྟར་སྲིད་འཛིན་བྱེད་ནུས་སྔར་བས་ཆེ་རུ་བཏང་ཡོད་པ་རེད། “ཁྲིམས་སྐྱོང་བོད་ལྗོངས”ཀྱི་གཞུང་ཕྱོགས་དཔོད་ཕྲན་ལ་བརྟེན་ནས། ཏང་སྲོལ་སྲིད་གཙང་དང་། ལས་བྱེད་པ་འདེམས་བསྐོ། རྩ་ཁྲིམས། ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག་སོཌ་བརྗོད་དོན་གཙོ་བོར་བྱས་པའི་ཏང་ཡོན་ལས་བྱེད་པའི་དྲ་ཐོག་བཅའ་ཁྲིམས་ཤེས་བྱའི་ཡིག་རྒྱུགས་སྒྲིག་འཛུགས་བྱས་ཤིང་། ཁྱོན་བསྡོམས་མི་ཐེངས་ཁྲི་157.3ལྷག་ཙམ་ཞུགས་ཡོད།

    འཕེལ་རྒྱས་བརྟན་ལྷིང་གི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་ནུས་ལྡན་བཏང་བ།

    ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས། རྒྱ་བོད་སྐད་གཉིས་ཀྱི《ཏོག་གསར་ནད་དུག་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱའི་དྲིས་ལན》དང《རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དཔེ་མཚོན་གྱོད་དཔེའི་གྱོད་གཞིར་བརྟག་ནས་ཁྲིམས་འགྲེལ་རྒྱག་པའི་ཀློག་དེབ》རྩོམ་སྒྲིག་བྱས་པ་དང་། དེབ་ཁྲི་11བཟོས་ནས་གྲོང་ཁྱེར་དང་ས་ཁུལ་7དང་རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་ཚན་པར་སྤྲད་པ་རེད། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ལྗོངས་ཡོངས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་ཐེངས་ཁྲི་301ལྷག་ཙམ་སྤེལ་བ་དང་མང་ཚོགས་མི་ཐེངས་ཁྲི་380ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

    “སྤྱི་ཚོགས་གླེང་ཕྱོགས་ཀྱི་འཕེལ་ཕྱོགས་ཁྲིད་སྟོན་དང་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་རམ་འདེགས་བྱེད་པའི”བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ་དང་། ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དྲ་ཐོག་གི་ཤེས་བྱའི་ཚད་ལེན་ཚོད་ལྟ་བྱས་པ་རེད། ཡིག་རྒྱུགས་ནང་ཞུགས་མཁན་མི་ཐེངས་ཁྲི་16ཟིན་ནས་ཡིག་རྒྱུགས་ལོན་ཚད་98.14%ཟིན་ཡོད་པ་རེད། “ཁྲིམས་སྐྱོང་བོད་ལྗོངས”ཀྱི་སྐད་འཕྲིན་སྤྱི་རྟཌ་ལ“དྲ་ཐོག་ཐེར་འདོན”བྱ་རྒྱུ་ཤར་གཏོང་བྱས་ཡོད་པས་ཐེར་འདོན་ཁུངས་སྣེ་35བསྡུ་རུབ་བྱས་ཏེ། ནག་སེལ་གཤེད་བཅོམ་ནང་མི་ཚང་མ་ཞུགས་པ་དང་ནག་གཤེད་ཕྱོགས་གཏོགས་ལ་ཚང་མས་རྡུང་རྡེག་གཏོང་བའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

    སྨྱན་སྦྱོར་གསར་པའི་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་ལས་ཀའི་བྱ་ཐབས་གསར་གཏོད་བྱས་པ།

    “ཁྲིམས་སྐྱོང་བོད་ལྗོངས”ཀྱི་སྐད་འཕྲིན་སྤྱི་རྟགས་དང་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་བཅའ་ཁྲིམས་ཁྱབ་གདལ་སྤྱི་རྟགས་ཤར་གཏོང་བྱས་པ་དང་རང་ལྗོངས་ཀྱི་ཁྲིམས་སྐྱོང་ཆ་འཕྲིན་གྱི་བསྡུ་འགྲེམས་ལྟེ་གནས་དང་སྨྱན་སྦྱོར་གསར་པའི་སྟེགས་བུ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། “བོད་རང་སྐྱོང་ལྗོངས་ཀྱི་རིག་ནུས་སྒུལ་བདེའི་བཅའ་ཁྲིམས་ཁྱབ་གདལ”གྱི་སྟེགས་བུ་བསྐྲུན་པ་དང་རིག་ནུས་ཀྱི་ཁྲིམས་ལུགས་ཁྱབ་གདལ་འཕྲུལ་མི་དང་། སྐད་འཕྲིན་སྤྱི་རྟགས། སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་སོགས་སྨྱན་སྦྱོར་བརྒྱུད་རིག་ནུས་ཀྱི་བཅའ་ཁྲིམས་ཁྱབ་གདལ་འཕྲུལ་མི་དང་མི་ཐབས་ལ་བརྟེན་པའི་ཞབས་ཞུ་ཆུ་ཚོད་7×24སྦྲེལ་མཐུད་ཐུབ་ཡོད། མི་ཐེངས་ཁྲི་39.2ལྷག་ཙམ་ལ་ཆེད་ལས་བཅའ་ཁྲིམས་ཀྱི་ལན་འདེབས་ཞབས་ཞུ་ཐོབ་ནས་ཆ་སྙོམས་ཉིན་རེར་མི་ཐེངས་300ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396291411