བོད་ལྗོངས།
བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་བདེ་ཐང་སླར་གསོ་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོ་དང་ཁོང་ཚོ་བརྒྱུད་དེ་ལྗོངས་ཡོངས་ཀྱི་དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་གྱི་ལས་དོན་མི་སྣར་དུས་ཆེན་གྱི་སྨོན་འདུན་བཟང་པོའང་ཞུས་པ་དང་རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡ་ལིན་སོགས་ལྷན་དུ་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་དང་བཅས་པ་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་བདེ་ཐང་སླར་གསོ་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་དབང་པོ་སྐྱོན་ཅན་དང་། དབང་པོ་སྐྱོན་ཅན་གྱི་སློབ་མ། དབང་པོ་སྐྱོན་ཅན་གྱི་ལས་བཟོ་བཅས་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་ཕན་ཚུན་འཚམས་འདྲི་ཞུས་པ་མ་ཟད། ཚང་མར་རེ་རེ་བཞིན་མཇལ་དར་ཡང་བསྒྲོན་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་ཚང་མར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཏེ་བདེ་ཐང་སླར་གསོ་ལྟེ་གནས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་དོན་སྒྲུབ་མཁན་གྱིས་དཀའ་སྤྱད་འབད་འཐབ་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མི་བརྗེད་པ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། དྲག་སྐྱེད་ལྟེ་གནས་ནི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཡིན་པས་ཚང་མས་མཐུན་སྒྲིལ་མཛའ་བརྩེ་དང་། ཕན་ཚུན་རོགས་རམ། ཐུན་མོང་ཐོག་ཡར་རྒྱས་བཅས་བྱེད་པ་དང་། ལས་དོན་མི་སྣས་དབང་པོ་སྐྱོན་ཅན་གཉེན་ཉེར་བརྩིས་ནས་བརྩེ་སེམས་དངོས་ལ་བརྟེན་ཏེ་དབང་པོ་སྐྱོན་ཅན་ལ་འཐུས་སྒོ་ཚང་ཞིང་ཞིབ་ཚགས་པའི་ཞབས་འདེགས་ཞུ་དགོས། དབང་པོ་སྐྱོན་ཅན་ནི་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཞིག་ཡིན་པས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་ལ་ཐུགས་ཁུར་དང་དོ་ཁུར་ལྷག་པར་བྱེད་པ་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་དབང་པོ་སྐྱོན་ཅན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་ཤུགས་རྒྱག་དགོས། རིམ་ཁག་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་འཁྲི་ཏན་ཏིག་འཁུར་ནས་དབང་པོ་སྐྱོན་ཅན་ལ་དཀའ་ངལ་སེལ་རོགས་བྱེད་པ་དང་ཏང་དང་སྲིད་གཞུང་ལ་དཀའ་ངལ་མཉམ་སེལ་བྱས་ཏེ་དབང་པོ་སྐྱོན་ཅན་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397346431