བོད་ལྗོངས།
བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མཉམ་དུ“ཚོང་པར་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བ།

    ལྷ་སའི་རྒྱ་ཆེའི་གྲོང་མི་དང་ཁྲོམ་རའི་བྱེད་པོའི་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱས་ན་གསར་གཏོད་ལ་སྲུང་སྐྱོང་བྱས་པ་ཡིན་པའི་འདུ་ཤེས་འཇགས་པ་བྱ་ཆེད། ཉེ་ཆར་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མཉམ་དུ་ལྷ་ས་ཝན་ཏྭ་ཚོང་རར“ཚོང་པར་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་རིམ་གཉིས་མི་དམངས་ཁྲིམས་ཁང་གིས“ཤེས་བྱའི་བདག་དབང”གི་དྲིལ་བསྒྲགས་གསལ་བརྡ་200ལྷག་ཙམ་བཟོས་ནས་ཝན་ཏྭ་ཚོང་རའི་དྲིལ་བསྒྲགས་སྒྲོམ་བྱང་ཁག་ཏུ་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་ཡོད་ནང་དོན་འགྲེམས་སྟོན་བྱས་ནས། ཁེ་ལས་ཀྱི་འགན་འཁུར་བར་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་ངོ་སྤྲོད་བྱས་པ་དང་འབྲེལ། 《ཤེས་བྱའི་བདག་དབང་གི་གྱོད་གཞི་ཞུ་གཏུག་གི་ཤེས་བྱ》དང་། 《ཤེས་བྱའི་བདག་དབང་གི་དམངས་དོན་ཞུ་གཏུག་དཔང་རྟགས་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཏན་འབེབས་འགའ་ཞིག》 《ཤེས་བྱའི་བདག་དབང་གི་དཔེ་མཚོན་གྱོད་དཔེ》སོགས་དྲིལ་བསྒྲགས་ལག་དེབ་སྤྲད་པ་དང་། ས་གནས་ས་ཐོག་ཏུ་ཤེས་བྱའི་བདག་དབང་གི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་ལ་ལན་བཏབ་ཡོད། ཝན་ཏྭ་ཚོང་རའི་ཚོང་པ་ལི་ལགས་ཀྱིས“བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བྱ་ཐབས་འདིར་བསྔགས་བརྗོད་མང་པོ་བྱས་པ་མ་ཟད། ཁོང་གིས“ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ན་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་ཁྲོམ་རའི་ཐོག་ཐོན་རྒྱུ་ཉུང་དུ་འགྲོ་བར་ཕན་པ་ཡོད་པས། དྲིལ་བསྒྲགས་ཀྱི་བྱེད་སྒོ་འདི་རིགས་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད”ཅེས་བཤད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397581641