བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དཔེ་སྟོན་རྟེན་གཞི་སྟོད་ལུང་བདེ་ཆེན་ཆུས་ཀྱི་རྟེན་གཞིའི་སྒོ་བྱང་བཀལ་བ།

    ལྗོངས་ཡོངས་ཀྱི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དཔེ་སྟོན་རྟེན་གཞི་སྐྲུན་པའི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། ཉེ་དུས་བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དཔེ་སྟོན་རྟེན་གཞི་སྟོད་ལུང་བདེ་ཆེན་ཆུས་ཀྱི་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གདོང་དཀར་སྡེ་ཁུལ་དུ་འཚོགས་པ་རེད།

    སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝང་ཏན་ཏན་གྱིས“སྟོད་ལུང་བདེ་ཆེན་ཆུས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དེ་ཉིད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དཔེ་སྟོན་རྟེན་གཞི་ཁག་དང་པོར་གཏན་འཁེལ་བྱས་པས་ང་ཚོས་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་དང་འབྲེལ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི‘མེ་སོན’རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པའང་དངོས་སུ་བཙུགས་པ་རེད། སླད་ཕྱིན་ང་ཚོས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་སྒྲོག་འགྲེལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། སྒྲོག་འགྲེལ་བྱེད་ཐབས་གསར་གཏོད། མང་ཚོགས་དང་འབྲེལ་འདྲིས་ཀྱི་སྒྲོག་འགྲེལ་བསླབ་གཞི་རྩོམ་སྒྱུར། སྒྲོག་འགྲེལ་འཐབ་ས་སྣ་ཚོགས་གསོན་ཉམས་དོད་པོས་སྤྱོད་པ། བྱང་ཚད་ལེགས་པའི་སྒྲོག་འགྲེལ་དཔུང་ཁག་འཛུགས་པ་བཅས་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོ་ནས་བཟུང་སྟོད་ལུང་བདེ་ཆེན་ཆུས་འདི་ཉིད་རྒྱལ་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་ཚོད་ལྟའི་རྫོང་དང་ཆུས་སུ་གཏན་འཁེལ་བྱས་ཚུན། སྟོད་ལུང་བདེ་ཆེན་ཆུས་ཀྱིས་གཞི་རིམ་གྱི་བསམ་བློ་ཆབ་སྲིད་ལས་དོན་གྱི་འཐབ་ས་བསྐྲུན་རྒྱུར་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ནས་དཔེ་སྟོན་སྒྲོག་འགྲེལ་ཚོགས་པ་དང་། ལས་བྱེད་པ་རྒན་གྲས་ཀྱི་དང་བླངས་སྒྲོག་འགྲེལ་ཚོགས་པ། ཞིང་འབྲོག་པའི་སྒྲོག་འགྲེལ་ཚོགས་པ་སོགས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་སྒྲོག་འགྲེལ་དཔུང་ཁག་7བཙུགས་པ་དང་ཁྱོན་སྒྲོག་འགྲེལ་པ་389ཡོད་པ་རེད། དཔེ་སྟོན་སྒྲོག་འགྲེལ་དང་། སྐོར་སྐྱོད་སྒྲོག་འགྲེལ། ས་ཆ་དེ་རང་དུ་སྒྲོག་འགྲེལ་སོགས་ཀྱི་རྣམ་པ་སྤྱད་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་མི་ཚང་མ་དང་དུད་ཚང་ཚང་མས་ཤེས་རྟོགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397657541