བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་བདུན་པས་ལྷ་ས་གྲོང་ཁྱེར་དང་ཆུ་ཤུར་རྫོང་སོགས་རྫོང(ཆུས)ཁག་གི་དག་ཐེར་གནས་ཚུལ་ལ་སྐོར་གཟིགས་བྱས་པ།

    སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་དག་ཐེར་ལ་སྔར་བས་དམ་འཛིན་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་དུས་ལྗོངས་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་བདུན་པས་ལྷ་ས་གྲོང་ཁྱེར་དང་ཆུ་ཤུར་རྫོང་སོགས་རྫོང(ཆུས)20ལྷག་ཙམ་གྱི་དག་ཐེར་གནས་ཚུལ་ལ་སྐོར་གཟིགས་བྱས་ཚུལ་གསེད་བཀྲོལ་བྱས་པ་རེད། ད་ལྟ་སྐོར་གཟིགས་དག་ཐེར་གྱི་ཡོངས་བསྒྲགས་ལས་དོན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ཁྱབ་བསྒྲགས་བྱ་རྒྱུ་གཤམ་གསལ།

    ལྷ་ས་གྲོང་ཨུད་ཀྱིས་སྐོར་གཟིགས་བྱེད་རིང་ཚུར་ལན་བྱས་པའི་ཕྱོགས་4ཡི་གནད་དོན་16ལ་དམིགས་ནས་དག་ཐེར་བྱེད་ཐབས་ཁག་242བཟོས་པ་རེད། ཟླ་བ་3གྱི་གཅིག་སྡུད་དག་ཐེར་དུས་ཚོད་མ་ཐིམ་བར་གནད་དོན་13དག་ཐེར་དང་དག་ཐེར་བྱེད་ཐབས་233དོན་འཁྱོལ་བྱས་པར་དག་ཐེར་བྱེད་ཚད་96.28%ཟིན་པ་དང་སྒྲིག་སྲོལ་ལམ་ལུགས་ཁག་224བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་7ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་དང་། མི་16ལ་རྩ་འཛུགས་ཀྱིས་ཐག་གཅོད་བྱས་པ། མི་5ལ་ཁ་ཏ་བསླབ་འདོམས་བྱས་པ། མི་11ལ་དྲན་སྐུལ་ཁ་ཏ་བྱས་པ། མི་4ལ་བརྡ་ཁྱབ་བཏང་བ། སྒྲིག་འགལ་ངང་སྤྲད་པའི་དངུལ་སྒོར་ཁྲི་45.04བདའ་འདེད་བཏང་བ་བཅས་རེད།

    ཁྲེང་ཀོན་ཆུས་ཀྱིས་སྐོར་གཟིགས་བྱེད་རིང་ཚུར་ལན་བྱས་པའི་ཕྱོགས་4ཡི་གནད་དོན་13ལ་དམིགས་ནས་དག་ཐེར་བྱེད་ཐབས་ཁག་49བཟོས་པ་རེད། ཟླ་བ་3གྱི་གཅིག་སྡུད་དག་ཐེར་དུས་ཚོད་མ་ཐིམ་བར་གནད་དོན་13དག་ཐེར་དང་དག་ཐེར་བྱེད་ཐབས་46དོན་འཁྱོལ་བྱས་པར་དག་ཐེར་བྱེད་ཚད་93.88%ཟིན་པ་དང་སྒྲིག་སྲོལ་ལམ་ལུགས་ཁག་12བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་1ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་དང་། མི་2ལ་རྩ་འཛུགས་ཀྱིས་ཐག་གཅོད་བྱས་པ། མི་2ལ་ཁ་ཏ་བསླབ་འདོམས་བྱས་པ། མི་29ལ་དྲན་སྐུལ་ཁ་ཏ་བྱས་པ། མི་8ལ་བརྡ་ཁྱབ་བཏང་བ། སྒྲིག་འགལ་ངང་སྤྲད་པའི་དངུལ་སྒོར་ཁྲི་280.71བདའ་འདེད་བཏང་བ་བཅས་རེད།

    ཁང་དམར་རྫོང་གིས་སྐོར་གཟིགས་བྱེད་རིང་ཚུར་ལན་བྱས་པའི་ཕྱོགས་4ཡི་གནད་དོན་17ལ་དམིགས་ནས་དག་ཐེར་བྱེད་ཐབས་ཁག་132བཟོས་པ་རེད། ཟླ་བ་3གྱི་གཅིག་སྡུད་དག་ཐེར་དུས་ཚོད་མ་ཐིམ་བར་གནད་དོན་16དག་ཐེར་དང་དག་ཐེར་བྱེད་ཐབས་129དོན་འཁྱོལ་བྱས་པར་དག་ཐེར་བྱེད་ཚད་97.73%ཟིན་པ་དང་སྒྲིག་སྲོལ་ལམ་ལུགས་ཁག་24བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་2ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་དང་། མི་1ལ་རྩ་འཛུགས་ཀྱིས་ཐག་གཅོད་བྱས་པ། མི་11ལ་དྲན་སྐུལ་ཁ་ཏ་བྱས་པ། སྒྲིག་འགལ་ངང་སྤྲད་པའི་དངུལ་སྒོར་ཁྲི་19.05བདའ་འདེད་བཏང་བ་བཅས་རེད།

    མཚོ་སྣ་རྫོང་གིས་སྐོར་གཟིགས་བྱེད་རིང་ཚུར་ལན་བྱས་པའི་ཕྱོགས་4ཡི་གནད་དོན་15ལ་དམིགས་ནས་དག་ཐེར་བྱེད་ཐབས་ཁག་167བཟོས་པ་རེད། ཟླ་བ་3གྱི་གཅིག་སྡུད་དག་ཐེར་དུས་ཚོད་མ་ཐིམ་བར་གནད་དོན་14དག་ཐེར་དང་དག་ཐེར་བྱེད་ཐབས་165དོན་འཁྱོལ་བྱས་པར་དག་ཐེར་བྱེད་ཚད་98.80%ཟིན་པ་དང་སྒྲིག་སྲོལ་ལམ་ལུགས་ཁག་29བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་4ལ་ཁ་ཏ་བསླབ་འདོམས་བྱས་པ་དང་། མི་9ལ་དྲན་སྐུལ་ཁ་ཏ་བྱས་པ། ཏང་ཀྲི་པུའུ་6བརྡ་ཁྱབ་བཏང་བ། སྒྲིག་འགལ་ངང་སྤྲད་པའི་དངུལ་སྒོར་ཁྲི་85.18བདའ་འདེད་བཏང་བ་བཅས་རེད།

    སྨན་གླིང་རྫོང་གིས་སྐོར་གཟིགས་བྱེད་རིང་ཚུར་ལན་བྱས་པའི་ཕྱོགས་4ཡི་གནད་དོན་13ལ་དམིགས་ནས་དག་ཐེར་བྱེད་ཐབས་ཁག་94བཟོས་པ་རེད། ཟླ་བ་3གྱི་གཅིག་སྡུད་དག་ཐེར་དུས་ཚོད་མ་ཐིམ་བར་གནད་དོན་12དག་ཐེར་དང་དག་ཐེར་བྱེད་ཐབས་92དོན་འཁྱོལ་བྱས་པར་དག་ཐེར་བྱེད་ཚད་97.87%ཟིན་པ་དང་སྒྲིག་སྲོལ་ལམ་ལུགས་ཁག་10བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་1ལ་ཁ་ཏ་བསླབ་འདོམས་བྱས་པ་དང་། མི་1ལ་དྲན་སྐུལ་ཁ་ཏ་བྱས་པ། ཚན་པ་8ལ་བརྡ་ཁྱབ་བཏང་བ། སྒྲིག་འགལ་ངང་སྤྲད་པའི་དངུལ་སྒོར་ཁྲི་3.73བདའ་འདེད་བཏང་བ་བཅས་རེད།

    འབྲི་རུ་རྫོང་གིས་སྐོར་གཟིགས་བྱེད་རིང་ཚུར་ལན་བྱས་པའི་ཕྱོགས་4ཡི་གནད་དོན་13ལ་དམིགས་ནས་དག་ཐེར་བྱེད་ཐབས་ཁག་164བཟོས་པ་རེད། ཟླ་བ་3གྱི་གཅིག་སྡུད་དག་ཐེར་དུས་ཚོད་མ་ཐིམ་བར་གནད་དོན་11དག་ཐེར་དང་དག་ཐེར་བྱེད་ཐབས་157དོན་འཁྱོལ་བྱས་པར་དག་ཐེར་བྱེད་ཚད་95.73%ཟིན་པ་དང་སྒྲིག་སྲོལ་ལམ་ལུགས་ཁག་28བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་1ལ་རྩ་འཛུགས་ཀྱིས་ཐག་གཅོད་བྱས་པ་དང་མི་15ལ་དྲན་སྐུལ་ཁ་ཏ་བྱས་པ་རེད།

    སྒར་རྫོང་གིས་སྐོར་གཟིགས་བྱེད་རིང་ཚུར་ལན་བྱས་པའི་ཕྱོགས་4ཡི་གནད་དོན་18ལ་དམིགས་ནས་དག་ཐེར་བྱེད་ཐབས་ཁག་196བཟོས་པ་རེད། ཟླ་བ་3གྱི་གཅིག་སྡུད་དག་ཐེར་དུས་ཚོད་མ་ཐིམ་བར་གནད་དོན་17དག་ཐེར་དང་དག་ཐེར་བྱེད་ཐབས་193དོན་འཁྱོལ་བྱས་པར་དག་ཐེར་བྱེད་ཚད་98.47%ཟིན་པ་དང་སྒྲིག་སྲོལ་ལམ་ལུགས་ཁག་17བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་10ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་དང་། མི་10ལ་རྩ་འཛུགས་ཀྱིས་ཐག་གཅོད་བྱས་པ། མི་5ཡི་གོ་གནས་ཕྱིར་འཐེན་བྱས་པ། མི་33ལ་དྲན་སྐུལ་ཁ་ཏ་བྱས་པ། སྒྲིག་འགལ་ངང་སྤྲད་པའི་དངུལ་སྒོར་ཁྲི་36.05བདའ་འདེད་བཏང་བ་བཅས་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397657671