བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གཏོང་ཕྱོགས་སྐོར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད།

    —— 2021ལོའི་ཟླ་1ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ།

    ཆེད་སྒྲོམ་དང་པོ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གཙོ་བོའི་དམིགས་ཚད་ལེགས་གྲུབ་བྱུང་ཚུལ།

    ཆེད་སྒྲོམ་གཉིས་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་ སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་ཚད་གཙོ་བོ།

    དཀར་ཆག

    ལེ་ཚན་དང་པོ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་རྒྱུའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་བོད་ལྗོངས་ཀྱི་ལེའུ་བརྩམ་འགོ་ཚུགས་པ།

    ལེའུ་དང་པོ། སྤྱིའི་དུས་བབ།

    ས་བཅད་དང་པོ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

    ས་བཅད་གཉིས་པ། གོང་འཕེལ་གྱི་ཁོར་ཡུག་གི་ཁྱད་ཆོས།

    ས་བཅད་གསུམ་པ། 2035ལོའི་རྒྱང་རིང་དམིགས་ཚད།

    ལེའུ་གཉིས་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་སྤྱིའི་བླང་བྱ།

    ས་བཅད་དང་པོ། མཛུབ་ཁྲིད་བསམ་བློ།

    ས་བཅད་གཉིས་པ། གཞི་རྩའི་རྩ་དོན།

    ས་བཅད་གསུམ་པ། དམིགས་ཚད་གཙོ་བོ།

    ལེ་ཚན་གཉིས་པ། མཐུན་སྦྱོར་ངང་གོང་འཕེལ་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ་ཁུལ་ཁོངས་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་རྒྱུ།

    ལེའུ་གསུམ་པ། ཁུལ་ཁོངས་གོང་འཕེལ་གྱི་ཁྱབ་བཀོད་ལེགས་སུ་གཏོང་རྒྱུ།

    ས་བཅད་དང་པོ། ལྷ་སའི་ལྟེ་བའི་འཕར་སྣེ་སྟོབས་ཆེར་གཏོང་རྒྱུ།

    ས་བཅད་གཉིས་པ། ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ་གཏོད་རྒྱུ།

    ས་བཅད་གསུམ་པ། མཐའ་མཚམས་ལམ་རྒྱུད་དང་ལྕགས་ལམ“ཁུལ་རྒྱུད་གཉིས”གོང་འཕེལ་གང་མགྱོགས་གཏོང་རྒྱུ།

    ས་བཅད་བཞི་པ། “ཁུལ་གསུམ”འཛུགས་སྐྲུན་གྱི་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་གཏོང་རྒྱུ།

    ལེའུ་བཞི་པ། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་རྒྱུ།

    ས་བཅད་དང་པོ། ཞིང་འབྲོག་ལས་ཀྱི་གནས་སྒྱུར་མི་འབོར་གྲོང་ཁྱེར་གྱི་གྲོང་དམངས་ལ་འགྱུར་བར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་གཉིས་པ། གྲོང་ཁྱེར་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་རྒྱུ།

    ས་བཅད་གསུམ་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ལེའུ་ལྔ་པ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ།

    ས་བཅད་དང་པོ། དབུལ་འགྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ།

    ས་བཅད་གཉིས་པ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་སྔོན་ལ་གོང་འཕེལ་གཏོང་རྒྱུ།

    ས་བཅད་གསུམ་པ། རྫོང་ཁོངས་དཔལ་འབྱོར་གང་མགྱོགས་གོང་འཕེལ་གཏོང་རྒྱུ།

    ས་བཅད་བཞི་པ། ཞིང་འབྲོག་ཁུལ་ལ་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ།

    ལེ་ཚན་གསུམ་པ། འཐབ་ཇུས་ཀྱིས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་རྨང་གཞིའི་སྒྲིག་བཀོད་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ།

    ལེའུ་དྲུག་པ། འགྲིམ་འགྲུལ་ཟོག་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་ཚགས་ཚུད་དུ་གཏོང་རྒྱུ།

    ས་བཅད་དང་པོ། ཕྱོགས་མཐའ་ཀུན་ལ་ཁྱབ་པའི་འགྲིམ་འགྲུལ་དྲ་རྒྱ་གཏོད་རྒྱུ།

    ས་བཅད་གཉིས་པ། ཕན་ཚུན་སྦྲེལ་མཐུད་ཀྱི་སྐྱེལ་འདྲེན་མྱུར་ལམ་འཛུགས་སྐྲུན་བྱེད་རྒྱུ།

    ས་བཅད་གསུམ་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    ལེའུ་བདུན་པ། གཏན་འཇགས་དང་ཡིད་རྟོན་རུང་བའི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་འཛུགས་རྒྱུ།

    ས་བཅད་དང་པོ། ཕྱོགས་བསྡུས་ནུས་རྒྱུ་མཁོ་སྤྲོད་བྱེད་ནུས་ཆེ་རུ་གཏོང་རྒྱུ།

    ས་བཅད་གཉིས་པ། ནུས་རྒྱུའི་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་བྱེད་རྒྱུ།

    ས་བཅད་གསུམ་པ། ཕྱོགས་བསྡུས་ནུས་རྒྱུ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུ།

    ལེའུ་བརྒྱད་པ། བདེ་འཇགས་ཕྱོད་ཆེའི་ཕྱོགས་བསྡུས་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ།

    ས་བཅད་དང་པོ། ཆུའི་ཐོན་ཁུངས་བགོ་སྒྲིག་བྱེད་སྟེངས་ལེགས་སུ་གཏོང་རྒྱུ།

    ས་བཅད་གཉིས་པ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་གོང་འཕེལ་གཏོང་རྒྱུ།

    ས་བཅད་གསུམ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་བྱེད་ནུས་ཆེ་རུ་གཏོང་རྒྱུ།

    ལེའུ་དགུ་པ། རྣམ་གསར་རྨང་གཞིའི་སྒྲིག་བཀོད་ཉེར་སྤྱོད་ཀྱི་བཀོད་པ་བཟོ་མགྱོགས་སུ་གཏོང་རྒྱུ།

    ས་བཅད་དང་པོ། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུ།

    ས་བཅད་གཉིས་པ། དྲ་རྒྱའི་ཆ་འཕྲིན་ལག་རྩལ་བེད་སྤྱོད་བྱེད་མགྱོགས་སུ་གཏོང་རྒྱུ།

    ལེ་ཚན་བཞི་པ། གསར་གཏོད་ཀྱིས་སྐུལ་འདེད་བྱེད་ཤུགས་ཆེ་རུ་བཏང་ནས་ས་མཐོའི་དགེ་ཚན་ལྡན་པའི་ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་གཏོང་རྒྱུ།

    ལེའུ་བཅུ་པ། ཚན་རྩལ་གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ།

    ས་བཅད་དང་པོ། ཁུལ་ཁོངས་མཉམ་ལས་དང་གསར་གཏོད་ཀྱི་དྲ་རྒྱ་གཏོད་རྒྱུ།

    ས་བཅད་གཉིས་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་རྒྱུ།

    ས་བཅད་གསུམ་པ། ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    ས་བཅད་བཞི་པ། ཚན་རྩལ་གསར་གཏོད་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ལེའུ་བཅུ་གཅིག་པ། སྤུས་ཚད་མཐོ་བའི་སྒོ་ནས་ཐོན་ལས་ཆེན་པོ་བདུན་གོང་འཕེལ་གཏོང་རྒྱུ།

    ས་བཅད་དང་པོ། ཐོན་ལས་ཀྱི་བར་མཐོངས་བཀོད་པ་ལེགས་སུ་གཏོང་རྒྱུ།

    ས་བཅད་གཉིས་པ། སྲོལ་རྒྱུན་ཐོན་ལས་སྲ་བརྟན་དང་གོང་མཐོར་གཏོང་རྒྱུ།

    ས་བཅད་གསུམ་པ། གསར་དར་ཐོན་ལས་གོང་འཕེལ་དང་སྟོབས་ཆེར་གཏོང་རྒྱུ།

    ལེའུ་བཅུ་གཉིས་པ། ཐོན་ལས་གོང་འཕེལ་གྱི་གཞི་རྟེན་གཏོད་རྒྱུར་ཤུགས་རྒྱག་རྒྱུ།

    ས་བཅད་དང་པོ། གཙོ་གནད་སྡེ་གླིང་གི་སྤུས་རིམ་གང་མགྱོགས་མཐོ་རུ་གཏོང་རྒྱུ།

    ས་བཅད་གཉིས་པ། “ས་གོ་ལའི་གླིང་སྣེ་གསུམ་པའི”ཁུལ་ཁོངས་ཀྱི་སྤྱི་པའི་གྲགས་རྟགས་གཏོད་རྒྱུ།

    ས་བཅད་གསུམ་པ། ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ།

    ལེ་ཚན་ལྔ་པ། གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་རྒྱུ།

    ལེའུ་བཅུ་གསུམ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་མཐོ་རུ་གཏོང་རྒྱུ།

    ས་བཅད་དང་པོ། ཐབས་ལམ་མང་པོའི་ཐོག་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུ།

    ས་བཅད་གཉིས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་སྣོན་ལམ་སྲོལ་ལེགས་སུ་གཏོང་རྒྱུ།

    ལེའུ་བཅུ་བཞི་པ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་དང་པོ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ།

    ས་བཅད་གཉིས་པ། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་གསུམ་པ། ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ།

    ས་བཅད་བཞི་པ། གསར་གཏོད་ལས་གཏོད་ལ་སྐུལ་མ་ཧུར་ཐག་གཏོང་རྒྱུ།

    ལེའུ་བཅོ་ལྔ་པ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་སྐྲུན་མགྱོགས་སུ་གཏོང་རྒྱུ།

    ས་བཅད་དང་པོ། རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོར་གཏོང་འཆར་གཞི་ལག་བསྟར་བྱེད་རྒྱུ།

    ས་བཅད་གཉིས་པ། ལས་རིགས་སློབ་གསོའི་ཁྱད་ཆོས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ།

    ས་བཅད་གསུམ་པ། མཐོ་སློབ་སློབ་གསོ་བསྒྱུར་བཅོས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ།

    ས་བཅད་བཞི་པ། སློབ་གསོར་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    ལེའུ་བཅུ་དྲུག་པ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ།

    ས་བཅད་དང་པོ། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།

    ས་བཅད་གཉིས་པ། སྨན་བཅོས་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ།

    ས་བཅད་གསུམ་པ། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་བཞི་པ། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུ།

    ས་བཅད་ལྔ་པ། དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    ལེའུ་བཅུ་བདུན་པ། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་རྒྱུ།

    ས་བཅད་དང་པོ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་རྒྱུ།

    ས་བཅད་གཉིས་པ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་གསུམ་པ། རིག་རྩལ་གསར་གཏོད་དང་སྤེལ་རེས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུ།

    ས་བཅད་བཞི་པ། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ།

    ལེའུ་བཅོ་བརྒྱད་པ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་དང་པོ། སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་གཉིས་པ། སྤྱི་ཚོགས་འགན་བཅོལ་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་གསུམ་པ། སྤྱི་ཚོགས་རོགས་སྐྱོབ་ཀྱི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    ས་བཅད་བཞི་པ། རྒན་གསོ་དང་བྱིས་སྐྱོང་གི་ཞབས་ཞུའི་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་ལྔ་པ། སྡོད་ཁང་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    ལེ་ཚན་དྲུག་པ། བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་རྒྱུ།

    ལེའུ་བཅུ་དགུ་པ། གཙོ་གནད་ཁྱབ་ཁོངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ།

    ས་བཅད་དང་པོ། སྲིད་གཞུང་གི་འགན་ནུས་གང་མགྱོགས་བསྒྱུར་རྒྱུ།

    ས་བཅད་གཉིས་པ། ནོར་ཁྲལ་གྱི་དངུལ་རྩའི་ལམ་སྲོལ་བསྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ།

    ས་བཅད་གསུམ་པ། གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ།

    ལེའུ་ཉི་ཤུ་པ། དེང་རབས་ཀྱི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་དང་པོ། རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་གཉིས་པ། རིན་གོང་བཟོ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་གསུམ་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་རྒྱུ།

    ས་བཅད་བཞི་པ། དམངས་གཉེར་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ།

    ལེའུ་ཉེར་གཅིག་པ། ཤེས་ལྡན་པའི་སྟོབས་ཆེའི་ལྗོངས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ།

    ས་བཅད་དང་པོ། ཤེས་ལྡན་མི་སྣའི་དཔུང་ཁག་གོང་འཕེལ་དང་སྟོབས་ཆེར་གཏོང་རྒྱུ།

    ས་བཅད་གཉིས་པ། ཤེས་ལྡན་མི་སྣའི་ཐོན་ཁུངས་ལེགས་སྒྲིག་བྱེད་རྒྱུ།

    ས་བཅད་གསུམ་པ། ཤེས་ལྡན་མི་སྣའི་གོང་འཕེལ་ཁོར་ཡུག་བཟང་པོ་གཏོད་རྒྱུ།

    ལེ་ཚན་བདུན་པ། སྒོ་མོ་འབྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ནས་གོང་འཕེལ་གྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཡོང་བ་བྱེད་རྒྱུ།

    ལེའུ་ཉེར་གཉིས་པ། རྒྱལ་སྤྱི་རྒྱལ་ནང་གི་འཁོར་རྒྱུག་གཉིས་ནང་མཉམ་འདྲེས་ཟབ་མོ་ཡོང་བ་བྱེད་རྒྱུ།

    ས་བཅད་དང་པོ། ལྗོངས་ནང་ཁུལ་གྱི་ཁྲོམ་ར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ།

    ས་བཅད་གཉིས་པ། ས་ཁོངས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱུག་རྒྱུ།

    ལེའུ་ཉེར་གསུམ་པ། ཁ་གཏད་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ།

    ས་བཅད་དང་པོ། བློ་རིག་བོད་སྐྱོར་ལ་ཤུགས་སྣོན་རྒྱག་རྒྱུ།

    ས་བཅད་གཉིས་པ། བོད་སྐྱོར་མ་དངུལ་རྣམ་གྲངས་ཀྱི་ཕན་འབྲས་འདོན་སྤེལ་བྱེད་རྒྱུ།

    ས་བཅད་གསུམ་པ། ཁྲོམ་རའི་མཉམ་ལས་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ།

    ལེའུ་ཉེར་བཞི་པ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་བསྐྲུན་རྒྱུ།

    ས་བཅད་དང་པོ། ཕྱི་ཕྱོགས་དང་མཉམ་ལས་བྱེད་པའི་ལས་སྟེགས་བསྐྲུན་རྒྱུ།

    ས་བཅད་གཉིས་པ། དཔལ་འབྱོར་ཚོང་དོན་དང་རིག་གནས་མཉམ་ལས་ཟབ་ཏུ་གཏོང་རྒྱུ།

    ས་བཅད་གསུམ་པ། སྒོ་དབྱེའི་སྲིད་ཇུས་འཐུས་ཚང་དང་རྒྱ་ཆེར་གཏོང་རྒྱུ།

    ལེ་ཚན་བརྒྱད་པ། འབྱུང་འཕྲོད་གོང་འཕེལ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུ།

    ལེའུ་ཉེར་ལྔ་པ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་བརྟན་དུ་གཏོང་རྒྱུ།

    ས་བཅད་དང་པོ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ།

    ས་བཅད་གཉིས་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུ།

    ལེའུ་ཉེར་དྲུག་པ། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཁྱོངས་རང་བཞིན་མཐོ་རུ་གཏོང་རྒྱུ།

    ས་བཅད་དང་པོ། སྐྱེ་ཁམས་བར་མཐོངས་ཀྱི་བཀོད་པ་ལེགས་སུ་གཏོང་རྒྱུ།

    ས་བཅད་གཉིས་པ། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱུག་རྒྱུ།

    ས་བཅད་གསུམ་པ། སྐྱེ་ཁམས་མ་ལག་གི་ལས་གྲྭ་གལ་ཆེན་ལག་ལེན་བསྟར་རྒྱུ།

    ལེའུ་ཉེར་བདུན་པ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ།

    ས་བཅད་དང་པོ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱུག་རྒྱུ།

    ས་བཅད་གཉིས་པ། དེང་རབས་ཁོར་ཡུག་གི་བཅོས་སྐྱོང་མ་ལག་བསྐྲུན་རྒྱུ།

    ལེའུ་ཉེར་བརྒྱད་པ། འབྱུང་འཕྲོད་གོང་འཕེལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    ས་བཅད་དང་པོ། སྐྱེ་ཁམས་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་གཉིས་པ། འབྱུང་འཕྲོད་དཔལ་འབྱོར་གོང་འཕེལ་ཤུགས་ཆེར་གཏོང་རྒྱུ།

    ས་བཅད་གསུམ་པ། འབྱུང་འཕྲོད་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་རྒྱུ།

    ལེ་ཚན་དགུ་པ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བསྲུངས་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་རྒྱུ།

    ལེའུ་ཉེར་དགུ་པ། དཔལ་འབྱོར་འཛུགས་སྐྱོང་དང་རྒྱལ་སྲུང་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱེད་རྒྱུ།

    ས་བཅད་དང་པོ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་རྒྱུ།

    ས་བཅད་གཉིས་པ། དངོས་ཟོག་འགན་ལེན་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།

    ས་བཅད་གསུམ་པ། མཐུན་སྦྱོར་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ལེའུ་སུམ་བཅུ་པ། མཐའ་མཚམས་ས་ཁུལ་གྱི་མི་འབོར་དང་དཔལ་འབྱོར་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    ས་བཅད་དང་པོ། མཐའ་མཚམས་ས་ཁུལ་གྱི་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ།

    ས་བཅད་གཉིས་པ། མཐའ་མཚམས་ས་ཁུལ་ལ་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ།

    ས་བཅད་གསུམ་པ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ།

    ལེ་ཚན་བཅུ་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ།

    ལེའུ་སོ་གཅིག་པ། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ།

    ས་བཅད་དང་པོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ།

    ས་བཅད་གཉིས་པ། སྤྱི་ཚོགས་བདེ་འཇགས་དང་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་རྒྱུ།

    ས་བཅད་གསུམ་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་རྒྱུ།

    ས་བཅད་བཞི་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ།

    ས་བཅད་ལྔ་པ། སྤྱི་པའི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ལེའུ་སོ་གཉིས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ།

    ས་བཅད་དང་པོ། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ།

    ས་བཅད་གཉིས་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ།

    ས་བཅད་གསུམ་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་རྒྱུ།

    ལེའུ་སོ་གསུམ་པ། ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ།

    ས་བཅད་དང་པོ། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ།

    ས་བཅད་གཉིས་པ། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ།

    ས་བཅད་གསུམ་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་རྒྱུ།

    ལེ་ཚན་བཅུ་གཅིག་པ། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འཆར་འགོད་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ལེའུ་སོ་བཞི་པ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ།

    ས་བཅད་དང་པོ། ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་རྒྱུ།

    ས་བཅད་གཉིས་པ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ།

    ལེའུ་སོ་ལྔ་པ། འཆར་འགོད་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་དང་པོ། 《རྩ་གནད》ཀྱི་འཐབ་ཇུས་སྟོན་ཕྱོགས་ནུས་པ་འདོན་སྤེལ་བྱེད་རྒྱུ།

    ས་བཅད་གཉིས་པ། སྲིད་ཇུས་མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    ས་བཅད་གསུམ་པ། འཆར་འགོད་ཀྱི་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ།

    ས་བཅད་བཞི་པ། སྤྱི་ཚོགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་རྒྱུ།

    བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི(2021-2025ལོ་བར)འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད་འདི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འགོར》གཞིགས་ཏེ་བཟོ་སྒྲིག་བྱས་ཤིང་། འདིའི་ནང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་བསམ་གཞིར་གསལ་འགྲེལ་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་ལས་འགན་ཁ་གསལ་བཟོས་པ་དང་སྦྲགས། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་འདུན་མཚོན་པ་དང་ཁྲོམ་ར་གཉེར་མཁན་གྱི་བྱ་སྤྱོད་ལ་ཁྲིད་སྟོན་བྱས་ཡོད་པས། འདི་ནི་ཕྱིས་འབྱུང་དུས་སྐབས་ཤིག་རིང་གི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་བརྗིད་ཆེའི་དཔེ་རིས་ཤིག་ཡིན་ལ། སྲིད་གཞུང་གིས་འགན་འཁྲི་སྒྲུབ་པའི་གཞི་འཛིན་ས་གལ་ཆེན་ཞིག་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཀྱང་ཡིན།

    ལེ་ཚན་དང་པོ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་རྒྱུའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་བོད་ལྗོངས་ཀྱི་ལེའུ་བརྩམ་འགོ་ཚུགས་པ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་རང་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་རྗེས། སྐབས་བསྟུན་འཕྲལ་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་རྒྱུའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཐོག་རྒྱང་སྐྱོད་བྱེད་པའི་ལོ་ལྔ་ཚན་དང་པོ་དེ་ཡིན་པས་ངེས་པར་དུ་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་སྟངས་འཛིན་ནན་པོ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་དང་སྦྲགས། སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་སྤེལ་གང་ཐུབ་གཏོང་རྒྱུ།

    ལེའུ་དང་པོ། སྤྱིའི་དུས་བབ།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་ལ་ཐོབ་པའི་ཡར་རྒྱས་ཆེན་པོ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་དམིགས་ཏེ་འཕྲད་པའི་གོ་སྐབས་དང་ཉེན་ཁའི་འགྲན་སློང་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དུས་བབ་གསར་པར་སྟངས་འཛིན་ཡང་དག་བྱེད་རྒྱུ་དེ་ཡིན།

    ས་བཅད་དང་པོ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། བཅུ་དགུ་པ། དེ་བཞིན་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བཅས་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་བཞག་ནས་བསམ་གཞིགས་དང་ཇུས་འགོད་བྱས་ཤིང་། བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པར་བྱས་རྗེས་འཇོག་པར་འབད་བརྩོན་བྱེད་པའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུ་འདོན་པ་དང་རྒྱུན་འཁྱོངས་ལྷོད་མེད་ངང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམ་པའི་སྣེ་ཁྲིད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན། ཡུན་རིང་ཐག་གཅོད་བྱེད་དགོས་བསམ་ཀྱང་ཐག་གཅོད་མ་ཐུབ་པའི་གནད་དོན་མང་དག་ཅིག་ཐག་གཅོད་ཐུབ་པ་དང་། དེ་སྔ་སྒྲུབ་མ་ཐུབ་པའི་དོན་ཆེན་མང་དག་ཅིག་བསྒྲུབས་ཐུབ་ནས་བྱ་གཞག་ཁག་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སྤྱི་ཚོགས་ཀྱི་དུས་བབ་བརྟན་འཁྱོངས་བྱུང་བ། མང་ཚོགས་ཀྱི་བདེ་སྣང་རྒྱུན་ཆད་མེད་པར་ཤུགས་ཆེར་སོང་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་ཐུབ་པ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་རགས་ཙམ་ཆགས་པ། མི་རིགས་ཁག་གི་མང་ཚོགས་ཚོས་བརྟན་ལྷིང་ཐད་རང་འགུལ་བྱེད་པའི་འདུ་ཤེས་མངོན་གསལ་དོད་པོས་ཤུགས་ཆེར་སོང་ཡོད། དཔལ་འབྱོར་རྒྱུན་སྲིང་ངང་གོང་འཕེལ་ཕྱིན་པ། 2020ལོར་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་དེ་སྒོར་དུང་ཕྱུར་1900ལས་བརྒལ་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལོར་ཆ་སྙོམས་8.97%འཕར་བ། མི་རེའི་ཆ་སྙོམས་ཀྱི་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་དེ་སྒོར་50000ལས་བརྒལ་ཞིང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཆེན་པོ་བདུན་གོང་འཕེལ་ཇེ་མགྱོགས་སུ་སོང་བ་དང་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་ཡོད་ལ། ཚན་རྩལ་ལ་བརྟེན་ནས་འདེགས་སྐྱོར་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཤུགས་ཆེར་ཕྱིན་ཡོད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་སོང་བ། 2020ལོར་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་སྒོར་41156དང་སྒོར་14598ཟིན་ཞིང་། 2015ལོ་དང་བསྡུར་ན་ཁག་སོ་སོར་ལྡབ་1.6དང་ལྡབ་1.8འཕར་ཡོད། སློབ་གསོ་དང་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། ལས་ཞུགས་སོགས་ཀྱི་ཐད་ལོ་ལྔའི་རིང་སྡེབ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2470བཏང་ཞིང་། ལོ་ལྔ་ཚན་བཅུ་གཉིས་པ་དང་བསྡུར་ན་98.3%འཕར་ཡོད། སློབ་གསོའི་ཐད་ཀྱི“100% ལྔའི”དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ཞིང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་དང་འགག་སྒྲོལ་ལས་དོན་དུས་བཀག་ལྟར་ལེགས་གྲུབ་བྱུང་ནས་སློབ་གསོ་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་སླེབས་ཡོད། གྲོང་ཁྱེར་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ནས་ཚབས་ཆེའི་ནད་རིགས་400ལྷག་ཙམ་བོད་ལྗོངས་ནང་ཁུལ་དུ་སྨན་བཅོས་ཐུབ་པ་དང་། ནད་གཞི་འབྲིང་རིགས་ས་གནས(གྲོང་ཁྱེར)ཁག་ཏུ་སྨན་བཅོས་ཐུབ་ཀྱི་ཡོད། སྦྲུམ་མ་དང་བྱིས་པ་ཤི་ཚད་ཆ་སྙོམས་50%དམའ་རུ་སོང་བ་དང་། མི་རེའི་ཆ་སྙོམས་ཚེ་ཚད་དེ་ལོ་71.1བར་རིང་དུ་སོང་ཡོད། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་ཡོད། དབུལ་གྲོལ་འགག་སྒྲོལ་ཐད་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ནས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་མི་འབོར་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། དབུལ་པོའི་རྫོང་(ཆུད)74ཚང་མ་དབུལ་ཞྭ་ཕུད་དེ་ཡུན་རིང་དཀའ་ངལ་ཁྲོད་གནས་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དབུལ་པོའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ཀྲུང་དབྱང་གི་ཕྱོགས་བསྡུས་གདེང་འཇོག་བཟང་པོ་བསྟུད་མར་ཐོབ་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་སོང་བ། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་སོགས་གལ་ཆེའི་རྣམ་གྲངས་ཁག་གཅིག་དོན་འཁྱོལ་བྱུང་ནས་ཕན་འབྲས་དངོས་ཐོན་ཡོད།

    ལྷ་ཉིང་རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་པ་དང་གཞུང་ལམ་ཤར་གཏོང་གི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་2.6རིང་དུ་སོང་ཡོད། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་བསྐྲུན་ཟིན་གྲབས་ཡོད་པ་དང་། གཡག་རྔ་ནས་ཉིང་ཁྲིའི་ལམ་དུམ་གྱི་ལས་འགོ་བཙུགས་ཟིན་ཡོད། མཚོ་བོད་ལྕགས་ལམ་གོར་ལྷའི་དུམ་མཚམས་རྒྱས་སྐྲུན་བྱེད་པའི་ལས་གཞི་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཡོད། རྒྱལ་ཕྱི་རྒྱལ་ནང་གི་མཁའ་ལམ་130ཟིན་ཡོད། གློག་འདོན་འཕྲུལ་ཚན་གྱི་གློག་ཤོང་ཚད་ཆན་ཝཱ་ཁྲི་419ཟིན་པ་དང་། མངའ་རིས་དང་བོད་དབུས་རྒྱུད་ཀྱི་གློག་དྲ་སྦྲེལ་མཐུད་ལས་གཞི་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཤིང་། གློག་དྲ་ཨ་མ་དེ་ལྗོངས་ཡོངས་ཀྱི་རྫོང(ཆུས)ཁག་74ཚང་མར་ཁེབས་ཡོད། སྡེབ་རྩིས་ལྟར་ན་གློག་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་རེར་ཆན་ཝཱ་དུང་ཕྱུར་63ཟིན་ཡོད། ཆུ་འདྲེན་ཐུབ་པའི་ཞིང་ཁའི་རྒྱ་ཁྱོན་མུའུ་ཁྲི་418ཟིན་པ་དང་། ཞིང་འབྲོག་མང་ཚོགས་ཁྲི་203གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་ངང་གོང་མཐོར་སོང་ཡོད། བསྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་སོང་བ། གལ་ཆེའི་བསྒྱུར་བཅོས་ཀྱི་ལས་འགན་ཁག་482ལེགས་གྲུབ་ཟིན་ཞིང་། གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་བསྒྱུར་བཅོས་བྱེད་མགྱོགས་སུ་སོང་བ་དང་། “1+6”གི་གྲོང་གསེབ་བསྒྱུར་བཅོས་ཚོད་ལྟ་ཁུལ་དུ་ཁྱབ་གདལ་གཏོང་རུང་བ་དང་དཔེ་ལེན་རུང་བའི་ཉམས་མྱོང་ཁག་གཅིག་གྲུབ་ཡོད། “ཐེངས་གཅིག་རང་དུ་ལེགས་སྒྲུབ”བྱེད་རྒྱུ་དང་ཞིབ་མཆན་འགོད་པའི་ཞབས་ཞུ་སྟབས་བདེ་རུ་བཏང་བ་དང་། “དྲ་སྦྲེལ་+སྲིད་དོན་ཞབས་ཞུར”བརྟེན་ནས“9070”ཡི་དམིགས་ཚད་ཚད་བརྒལ་ལེགས་གྲུབ་བྱས་ཡོད། ཚོང་འགུག་མ་འདྲེན་གྱི་མ་དངུལ་ཐོ་འགོད་བྱེད་ཚད་སྒོར་དུང་ཕྱུར་2535ཟིན་ཞིང་། ལོ་ལྔ་ཚན་བཅུ་གཉིས་པ་དང་བསྡུར་ན་ལྡབ་2.4འཕར་ཡོད། ལྗོངས་ཡོངས་སུ་ཁྲོམ་ར་གཉེར་མཁན་ཁྱིམ་དུད་ཁྲི་36.5ཟིན་ཞིང་། 2015ལོ་དང་བསྡུར་ན་ལྡབ་2.3འཕར་ཡོད། སྐྱིད་གྲོང་གི་རྒྱལ་ཁབ་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་རེ་ཞུ་བྱེད་རྒྱུའི་ལས་དོན་སྤེལ་ཤུགས་ཇེ་མགྱོགས་སུ་བཏང་བ་དང་། འགྲམ་འགག་སྒོའི་ཟོག་འདྲེན་འཁོར་སྐྱོད་བྱེད་ནུས་སླར་གསོ་ཐུབ་ཡོད། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་ནས་བསྐྲུན་ཚར་ཡོད། ཁ་གཏད་བོད་སྐྱོར་ལས་དོན་ཟམ་མི་ཆད་པར་ཤུགས་ཆེར་སོང་ཞིང་། སྡེབ་རྩིས་ལྟར་ན་བོད་སྐྱོར་རྣམ་གྲངས་2000མ་ཟིན་ཙམ་ལག་བསྟར་བྱས་པ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་224དོན་འཁྱོལ་བྱས་ཡོད། ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་དང་དབུལ་གྲོལ་འགག་སྒྲོལ་ཐད་མ་དངུལ་སྒོར་དུང་ཕྱུར་1047བཏང་ཡོད། སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཉིན་རེ་བཞིན་བརྟན་དུ་སོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོ གས་སུ་སོང་བ་དང་། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པའི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་སྟེ་སྦགས་བཙོག་འགོག་བཅོས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད། ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་རི་དང་། ཆུ། ནགས། ཞིང་ཁ། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་བྱས་ཡོད། གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ་བྱེད་རྒྱུ་དང་། ལྷ་སའི“སྔོ་ལྗང་ལྕགས་རི”དང་ཆུ་རྒྱུད་བསྒྱུར་བཀོད་བྱས་འབྲས་སྲ་བརྟན་དུ་བཏང་ནས་གཙོ་གནད་ཁུལ་ཁོངས་ཀྱི་སྐྱེ་ཁམས་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཡོད། ལོ་ལྔའི་ནང་སྡེབ་རྩིས་ལྟར་ན་ནགས་བཟོ་མུའུ་ཁྲི་596བྱས་ཤིང་། “ལོ་ལྔ་ཚན་བཅུ་གཉིས་པ”དང་བསྡུར་ན་15.5%འཕར་བ་དང་། ནགས་ཚལ་ཁེབས་ཚད་12.31%ཟིན་ཡོད། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་འགྱུར་ཁེབས་ཚད་47%ཟིན་ནས་བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་གྲས་ཤིག་ཡིན། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་པར་གང་མགྱོགས་སྐུལ་སྤེལ་བཏང་བ། མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་604བསྐྲུན་ཟིན་པ་དང་། མཐའ་མཚམས་རྫོང་གི་མི་འབོར་དེ་མི་གྲངས་ཁྲི་48.5མང་དུ་སོང་ཡོད། མཐའ་མཚམས་རྫོང་གི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་2.27ཟིན་ནས་མཐའ་མཚམས་ཀྱི་རྫོང་ཡོངས་རྫོགས་དང་མཐའ་སྲུང་དམག་དཔུང་ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་ཡོད། གཞི་རིམ་གྱི་འཐབ་ས་མདུན་མར་གནས་པའི་ཤང་དང་གྲོང་རྡལ་གྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་86%ཟིན་ཡོད། གློག་སྤྱོད་མཁན་མི་འབོར་གྱི་ཁེབས་ཚད་92.2%ཟིན་པ་དང་། སྲིད་འཛིན་གྲོང་ཚོ་ཡོངས་རྫོགས་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ཚོད་ལྟ་སྤེལ་ཁོངས་སུ་བཅུག་པས་མཐའ་སྲུང་མཐའ་བརྟན་གྱི་ནུས་པ་སྔར་བས་ཆེ་རུ་སོང་ཡོད། མིག་སྔར། རང་ལྗོངས་ནི་དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་ཞི་མཐུན། སྐྱེ་ཁམས་བཟང་བ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་མཚམས་སྲ་བརྟན། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མི་དམངས་བདེ་སྐྱིད་ལྡན་པ་བཅས་བྱུང་ནས་ལོ་རྒྱུས་ཐོག་དུས་སྐབས་ཡག་ཤོས་ཀྱི་གྲས་སུ་སླེབས་ཡོད།

    གྲུབ་འབྲས་དེ་དག་ཐོབ་པའི་ཆེས་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྲོག་ཤིང་དང་། དམག་དཔུང་གི་དམག་སྤྱི། མི་དམངས་ཀྱི་གཙོ་འཛིན་བཅས་ཀྱི་ལམ་སྟོན་གནང་བ་ལས་བྱུང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་ཀྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལས་བྱུང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི“ལོ་ལྔ་ཚན་བཅུ་གསུམ་པའི”མ་དངུལ་རྣམ་གྲངས་ཀྱིས་འདེགས་སྐྱོར་ཤུགས་ཆེ་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་། རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དང་ཁ་བྲལ་ཐབས་མེད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་འབད་འབུངས་ལྷོད་མེད་དང་གསར་གཏོད་ཡར་བརྩོན་བྱས་པ་དང་ཁ་བྲལ་ཐབས་མེད། ཏང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་། སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་བསམ་གཞི་གསར་པ་དང་ཐབས་ལམ་གསར་པ་རབ་དང་རིམ་པ་བཏོན་པ་དེ་དག་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བླང་བྱ་དང་ཡོངས་སུ་འཚམ་ཞིང་། བོད་ཀྱི་ལས་དོན་གྱི་དོན་དངོས་དང་ཤིན་ཏུ་ནས་འཚམ་པ་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་ཐུབ་ཡོད།

    ཟུར་མཆན། 1.ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་གི་འཕར་ཚད་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ཡོད།

    2.འཆར་འགོད་དམིགས་ཚད་ནང་གི་རྟགས[]ནང་ལོ་ལྔའི་རིམ་རྩིས་གྲངས་བཀོད་པ་དང་། ཚད་འཛིན་དུས་ཚོད་ཀྱི()འདིའི་ནང་དངོས་ཡོད་གྲངས་བཀོད་ཡོད།

    3.གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་ཐག་གཅོད་དང་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་རྒྱུའི་གྲོང་ཁྱེར་གྲོང་རྡལ་ཞེས་པ་ནི་ས་གནས(གྲོང་ཁྱེར)བདུན་གྱི་སྲིད་ཧྲུའུ(སྲིད་གཞུང་)གནས་སའི་ས་ཆ་དང་རྫོང་ཚང་མར་ཟེར་བ་ཡིན།

    4.2018ལོའི་ཟླ་11པར་སྐོང་ཚོགས་བྱས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན། བཟོ་ལས་འཕར་ཐང་གི་ལོ་རེའི་ཆ་སྙོམས་འཕར་ཚད་ཀྱི་འཆར་འགོད་དམིགས་ཚད་དེ་15%ནས་13%ལ་ལེགས་སྒྲིག་བྱས་པ་དང་། གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་ཐག་གཅོད་བྱེད་ཚད་ཀྱི་འཆར་འགོད་དམིགས་ཚད་དེ་70%ནས་65%ལ་ལེགས་སྒྲིག་བྱས་པ། གྲོང་ཁྱེར་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་པའི་འཆར་འགོད་དམིགས་ཚད་དེ་98%ནས་95%ལ་ལེཌ་སྒྲིག་བྱས་ཡོད།

    5.2020ལོའི་གྲངས་གཞི་ཁག་གཅིག་ནི་སྔོན་རྩིས་གྲངས་ཡིན་པ་དང་། གྲངས་གཞི་ཁག་གཅིག་ལ་ཆད་ལྷག་བྱུང་ཡོད།

    ས་བཅད་གཉིས་པ། གོང་འཕེལ་གྱི་ཁོར་ཡུག་ཁྱད་ཆོས།

    དེང་གི་འཛམ་གླིང་འདིར་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་འདི་ཡང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད། རང་ལྗོངས་ཀྱིས་ཀྱང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་འགོ་ཚུགས་ནས་གོང་འཕེལ་གྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཤིང་། སྔར་བྱུང་མྱོང་མེད་པའི་གོ་སྐབས་འཕྲད་ནས་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་དུང་བརྡ་བསྒྲགས་ནས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་གཏན་འཁེལ་གནང་བ་དང་། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་ལས་འགན་ཁག་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་ང་ཚོར་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཡོད་ལ། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེ་མོའི་རྣམ་པ་གསར་པར་སྐུལ་འདེད་གཏོང་རྒྱུ་དང་མཐའ་མཚམས་བདེ་འཇགས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་རྒྱུ་སོགས་ཐད་ལ་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གལ་ཆེན་གནང་བས་ང་ཚོར་སྒུལ་ཤུགས་ཆེན་པོ་སྦྱིན་ཡོད། དུས་མཚུངས་ང་ཚོར་རྙོག་འཛིང་ཆེ་ཞིང་ཛ་དྲག་དེ་བས་ཆེ་བའི་དུས་བབ་འཕྲད་པ་དང་། “དུས་སྐབས་ལྔ་སྣོལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཀྱང་མངོན་ཡོད། དེ་ཡང་གཅིག་ནི་ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་བྱེད་རྒྱུ་དེ་གལ་ཆེའི་ཉེན་ཁར་ཁ་གཏད་གཅོག་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་ངོ་བོ་འདྲ་མིན་གྱི་འགལ་ཟླ་ཕན་ཚུན་མཉམ་དུ་གནས་ནས་འཐབ་རྩོད་སྔར་བས་རྣོ་ངར་ཆེ་ཞིང་རྙོག་འཛིང་ལྡན་པ་དང་ཛ་དྲག་པོ་ཡོད། གཉིས་ནི་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་དུས་སྐབས་སུ་སླེབས་ཡོད་པས་ཁ་ཕྲལ་ལ་ངོ་རྒོལ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ། ལྷག་པར་དུ་ཆབ་སྲིད་བདེ་འཇགས་ཀྱི་ལས་འགན་སྔར་བས་དཀའ་ཚེགས་ཆེན་པོ་ཡོད། གསུམ་ནི་སྤུས་ཚད་མཐོ་བའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཁ་སྒྱུར་གྱི་དུས་སྐབས་སུ་སླེབས་ཡོད་པས་གོང་འཕེལ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་སྔར་བས་མངོན་གསལ་དོད་པོ་ཡོད། བཞི་ནི་སྐྱེ་ཁམས་སྲུང་སྐྱོང་བྱེད་རྒྱུ་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་དུས་སྐབས་སུ་སླེབས་ཡོད་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་ལས་འགན་སྔར་བས་ལྗི་པོ་ཡོད། ལྔ་ནི་མཐའ་མཚམས་འཛུགས་སྐྲུན་བྱེད་རྒྱུ་དེ་དམངས་ཕྱུག་མཐའ་དར་གྱི་འགག་སྒྲོལ་དུས་སྐབས་སུ་སླེབས་ཡོད་པས་རྒྱལ་སྲུང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད། མུག་ཟར་ངོ་རྒོལ་འཐབ་རྩོད་གཏིང་ཟབ་བྱེད་རྒྱུ་ནར་འགྱངས་རྩ་བ་ནས་གཏོང་མི་རུང་། ང་ཚོས་གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་ནས་འཐབ་ཇུས་ཀྱི་ངེས་ཤུགས་དང་མཐའ་ཚད་འཛིན་སེམས་རྒྱུན་འཁྱོངས་བྱས་ཏེ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ལས་ཀའི་ཆོས་ཉིད་ལ་སྟངས་འཛིན་ནན་པོ་བྱེད་པ། འགྱུར་བར་ངོས་འཛིན་གནད་འཁེལ་བྱེད་པ། ཚན་རིག་དང་མཐུན་པའི་ཁ་གཏད་གཅོག་པ། ཉེན་ཁའི་ཁྲོད་གོ་སྐབས་གསར་པ་འཚོལ་མཁས་པོ་བྱེད་པ། འགྱུར་བའི་ཁྲོད་འགོ་འཛུགས་ས་གསར་པ་འཚོལ་མཁས་པོ་བྱེད་པ། གོ་སྐབས་དམ་འཛིན་གྱིས་འགྲན་རྩོད་ལ་ཁ་གཏད་གཅོག་པ། ཕན་པ་དོན་གཉེར་གྱིས་གནོད་འཚེ་ལས་གཡོལ་བ། དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་ཡོད།

    ས་བཅད་གསུམ་པ། 2035ལོའི་རྒྱང་རིང་དམིགས་ཚད།

    2035ལོར་རྒྱང་ལྟ་བྱས་ཚེ། རང་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་རྩ་བའི་ཆར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱས་ནས་མཛེས་སྡུག་ལྡན་པའི་གོང་འཕེལ་གྱི་མདུན་ལྗོངས་མངོན་ཐུབ་པ་བྱེད་རྒྱུ། དེ་ཡང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཞི་རྩའི་ཆར་འཛུགས་ཐུབ་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་འགྲན་རྩོད་ནུས་ཤུགས་དང་ཚན་རྩལ་གསར་གཏོད་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་ཐུབ་པ། འཛམ་གླིང་ཡོངས་སུ“ས་གོ་ལའི་གླིང་སྣེ་གསུམ་པའི”གྲགས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་ཐུབ་པ། ཞིབ་བསྡུས་ཕྱོད་ཆེ་དང་། དཔལ་འབྱོར་གོ་ཆོད། རིག་ནུས་འབྱུང་འཕྲོད། བདེ་འཇགས་བློས་འཁེལ་བཅས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་ཐོག་མའི་ཆར་འཛུགས་ཐུབ་པ་བཅས་བྱས་ནས་རྣམ་གསར་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་གཞི་རྩའི་ཆར་མངོན་འགྱུར་ཡོང་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གོང་འཕེལ་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་འགྲོ་ཐུབ་པ་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཐོག་སླེབས་ཐུབ་པ། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་སྤྱིའི་ཆ་ནས་མངོན་འགྱུར་ཡོང་ཐུབ་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་གོམ་སྟབས་བརྟན་པོ་སྤོ་ཐུབ་པ་བྱེད་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཕྱོགས་ཡོངས་ནས་བརྟན་དུ་བཏང་སྟེ་ཀྲུང་ཧྭ་རིག་གནས་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་བརྩེ་སེམས་ཀྱི་འཆང་ས་དང་སེམས་ཀྱི་བརྟེན་ས་ཞིག་ཏུ་འགྱུར་ཐུབ་པ་བྱེད་རྒྱུ། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མང་ཚོགས་ཀྱི་སེམས་ནང་ཟུག་ཐུབ་པ་བྱེད་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་བྱེད་རྒྱུ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཉིན་རེ་བཞིན་སྲ་བརྟན་དུ་བཏང་ནས་གྲོང་ཁྱེར་དང་རྫོང་ཡོངས་རྫོགས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་གི་ཚད་གཞིར་སླེབས་ཐུབ་པ་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཐོག རྒྱལ་ཡོངས་ཙམ་མ་ཟད་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་ཀྱི་མཐོ་ས་ཞིག་ཏུ་བསྐྲུན་ཐུབ་པ་བྱེད་རྒྱུ། སྔོན་ཚུད་དུ་ཐཱན་འབུད་ཚད་མཐོ་ཤོས་དང་ཐཱན་སྙོམས་ཚད་རན་པོ་ཡོང་བ་བྱེད་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་བཙུགས་ཏེ་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ལ་འགན་ལེན་ཐུབ་པ་བྱེད་རྒྱུ། མི་དམངས་ཀྱིས་འདྲ་མཉམ་ངང་ཐེ་ཞུགས་དང་འདྲ་མཉམ་ངང་གོང་འཕེལ་གཏོང་བའི་ཁེ་དབང་ལ་འགན་སྲུང་གང་ལེགས་བྱས་ཏེ་ཁྲིམས་སྐྱོང་སྲིད་གཞུང་དང་ཁྲིམས་སྐྱོང་སྤྱི་ཚོགས་གཞི་རྩའི་ཆར་འཛུགས་ཐུབ་པ་བྱེད་རྒྱུ། ཕྱོགས་ཁག་གི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་གཞི་རྩའི་ཆར་དེང་རབས་ཅན་དུ་འགྱུར་ཐུབ་པ་བྱེད་རྒྱུ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་ཡར་རྒྱས་གསར་པ་ཡོང་ཐུབ་པ་བྱེད་རྒྱུ་དང་། སྤྱི་ཚོགས་ཀྱི་ཤེས་དཔལ་དར་སྤེལ་གཏོང་རྒྱུ་ཚད་གཞི་གསར་པ་ཞིག་ཏུ་སླེབས་ཐུབ་པ་བྱས་ནས་སྤྱི་ཚོགས་ཡོངས་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་བྱེད་རྒྱུ།

    ལེའུ་གཉིས་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་སྤྱིའི་བླང་བྱ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་ངེས་པར་དུ་མཛུབ་ཁྲིད་བསམ་བློ་དང་། རྩ་བའི་རྩ་དོན། གཙོ་བོའི་དམིགས་ཚད་བཅས་ཁ་གསལ་བཟོ་དགོས།

    ས་བཅད་དང་པོ། མཛུབ་ཁྲིད་བསམ་བློ།

    ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།

    ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་རྩ་བའི་རིགས་གཞུང་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་བཅས་བྱས་ནས་དྲག་པོའི་འགྲན་སློང་འོག་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི“རྩ་བ་ལྔའི”ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཡང་དག་དང་ཁོང་དུ་ཟབ་མོ་ཆུད་པ་བྱས་ཐོག “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། “སྤྱི་ཡོངས་གཉིས”ལ་བསམ་བཀོད་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་ཁྱབ་བཀོད་ལ་གཅིག་གྱུར་སྐུལ་སྤེལ་གཏོང་བ། “ཕྱོགས་ཡོངས་བཞིའི”ཐབས་ཇུས་ཁྱབ་བཀོད་ལ་མཐུན་སྦྱོར་ངང་སྐུལ་སྤེལ་གཏོང་བ་བཅས་བྱེད་རྒྱུ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་ཀྱིས་གོང་འཕེལ་གྱི་དུས་མཚམས་གསར་པར་དམིགས་ཏེ་གོང་འཕེལ་གྱི་བསམ་གཞི་གསར་པ་ལག་བསྟར་བྱེད་པ་དང་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་རྒྱུ་མ་ཟད། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུས་གཙོ་དོན་དུ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུས་གཙོ་རྐང་དུ་བྱེད་པ། བསྒྱུར་བཅོས་གསར་གཏོད་བྱེད་རྒྱུས་རྩ་བའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་མཐོ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐོང་རྒྱུས་རྩ་བའི་དམིགས་ཡུལ་དུ་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས།  མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་ཐོག་མའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཡོང་བ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་དང་། བརྟན་ལྷིང་དང་གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱས་ཐོག རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་འགན་ལེན། སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོང་བར་འགན་ལེན། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བར་འགན་ལེན་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་བྱེད་དགོས།

    ས་བཅད་གཉིས་པ། གཞི་རྩའི་རྩ་དོན།

    —— ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བཅས་བྱེད་རྒྱུ་དང་། དེ་བཞིན་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་གོང་འཕེལ་གྱི་དུས་མཚམས་གསར་པར་སྟངས་འཛིན་དང་། གོང་འཕེལ་གྱི་བསམ་གཞི་གསར་པ་ལག་བསྟར། གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་འགན་ལེན་བྱེད་རྒྱུ།

    —— མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། མི་དམངས་ཀྱི་གཙོ་རྐང་གནས་བབ་མཐའ་འཁྱོངས་དང་། ཐུན་མོང་གི་ཕྱུག་འགྱུར་ཁ་ཕྱོགས་མཐའ་འཁྱོངས། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་ནས་ཐག་གཅོད་བྱེད་རྒྱུ་དང་། སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་གང་ཐུབ་ཅི་ཐུབ་དང་རང་ནུས་གང་ལྕོགས་“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”དང་ལེན་དང་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་གོང་འཕེལ་གཏོང་བ་དང་། མི་དམངས་ལ་བརྟེན་ནས་གོང་འཕེལ་གཏོང་བ། གོང་འཕེལ་གྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་བྱས་ཏེ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་ཡོང་ཐུབ་པ་བྱེད་རྒྱུ།

    —— གོང་འཕེལ་གྱི་བསམ་གཞི་གསར་པ་མཐའ་འཁྱོངས་བྱེད་རྒྱུ། གོང་འཕེལ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་དེ་ལས་ཀའི་བྱེད་ཐབས་སུ་འཛིན་རྒྱུ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་དོན་དུ་བྱེད་པ། མེས་རྒྱལ་ནང་ས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཁ་ཕྱོགས་སུ་བྱེད་པ། ནང་གནས་གོང་འཕེལ་གྱི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་དེ་གཙོ་གནད་དུ་བྱེད་པ། གོང་འཕེལ་གྱི་བཀོད་པ་ལེགས་སུ་གཏོང་རྒྱུ་དེ་འཇུག་སྒོར་བྱེད་པ། གཙོ་རྒྱུ་དང་འཛུགས་སྐྲུན་བྱེད་རྒྱུ་དེ་འདེགས་སྐྱོར་དུ་བྱེད་པ། སྒྲིག་སྲོལ་ལམ་སྲོལ་གྱིས་འགན་སྲུང་བྱེད་པ་བཅས་ཀྱི་ཐོག་ནས་གོང་འཕེལ་དང་བདེ་འཇགས་ཡོང་བར་གཅིག་གྱུར་འཆར་འགོད་བྱེད་རྒྱུ་དང་། གོང་འཕེལ་གཏོང་སྟངས་ལེགས་སུ་བཏང་སྟེ་དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་ཕན་ཚུན་མཐུན་སྦྱོར་ངང་གོང་འཕེལ་གཏོང་བའི་འགྲོ་ལམ་ཐོག་བསྐྱོད་རྒྱུ། དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་གསར་སྒྱུར་དང་། ལས་ཕྱོད་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར་བཅས་བྱས་ནས་སྤུས་ཚད་སྔར་བས་མཐོ་བ་དང་། ལས་ཆོད་སྔར་བས་ཆེ་བ། སྔར་བས་དྲང་སྙོམས་ཡིན་པ། སྔར་བས་རྒྱུན་མཐུད་པ། སྔར་བས་བདེ་འཇགས་ལྡན་པ་བཅས་ཀྱི་གོང་འཕེལ་ཡོང་བར་འབད་བརྩོན་བྱེད་རྒྱུ།

    —— བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། བསྒྱུར་བཅོས་ཇི་ཙམ་བྱས་ན་དེ་ཙམ་གྱིས་མང་ཚོགས་ལ་ཕན་པ་ཐོབ་པ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་ལྷིང་གཙོ་བོར་བཟུང་རྒྱུ་དང་། དུས་བབ་དང་བསྟུན་ནས་བསྒྱུར་བཅོས་བྱས་ཏེ་སྤུས་ཚད་མཐོ་བའི་གོང་འཕེལ་དང་། སྤུས་ཚད་མཐོ་བའི་འཚོ་བ། ནུས་ཕྱོད་ཆེ་བའི་དོ་དམ་བཅས་ཀྱི་སྒྲིག་སྲོལ་ལམ་སྲོལ་ལ་འགོག་རྐྱེན་བཟོ་རིགས་གང་ཐུབ་སེལ་རྒྱུ་དང་སྦྲགས། ཐོན་ཁུངས་བགོ་སྒྲིག་ཁྲོད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག ནུས་ལྡན་གྱི་ཁྲོམ་ར་དང་སྲིད་གཞུང་གི་ལས་རྗེས་ཟུང་འབྲེལ་སྔར་བས་ཡག་པོ་བྱེད་རྒྱུ། དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱས་ནས་ལྗོངས་ཕྱི་ནང་གི་གཙོ་རྒྱུའི་རིགས་གོ་རིམ་ལྡན་ལ་རང་མོས་ངང་འཁོར་སྐྱོད་ཐུབ་པ་བྱེད་རྒྱུ་དང་། ཐོན་ཁུངས་ཕྱོད་ཆེའི་སྒོ་ནས་བགོ་སྒྲིག་བྱེད་རྒྱུ། ཁྲོམ་ར་མཉམ་འདྲེས་གཏིང་ཟབ་གཏོང་རྒྱུ་བཅས་ལ་སྐུལ་འདེད་བཏང་སྟེ་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བའི་ལམ་ལུགས་ཀྱི་མ་ལག་ཅིག་ཆགས་པ་བྱེད་རྒྱུ་དང་། གོང་འཕེལ་གྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ།

    —— བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་སྦྲགས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་དང་། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་རྒྱུ་དང་ཁྲིམས་སྐྱོང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུ་དང་། ཁྲིམས་བཞིན་ཁྲིམས་སྒྱུར་བྱེད་རྒྱུ། ཁྲིམས་ལྟར་སྲིད་འཛིན་རྒྱུ་བཅས་མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས་དང་། ཁྲིམས་སྐྱོང་བོད་ལྗོངས་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་ཁོངས་སུ་ཁྲིམས་སྐྱོང་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། མི་རིགས་ཆོས་ལུགས་ལས་དོན་ཁྲིམས་བཞིན་ཐག་གཅོད་བྱེད་རྒྱུ། ཚན་རིག་དང་མཐུན་པའི་ཁྲིམས་བཟོ་རྒྱུ་དང་། ཁྲིམས་སྒྱུར་ནན་པོ་བྱེད་རྒྱུ། གཞུང་དྲང་ཁྲིམས་འཛིན་བྱེད་རྒྱུ། དམངས་ཡོངས་ཀྱིས་ཁྲིམས་སྲུང་རྒྱུ་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    —— སྤྱི་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་རྒྱུ། རྒྱང་ལྟའི་རང་བཞིན་གྱི་བསམ་གཞི་དང་། སྤྱི་ཡོངས་རང་བཞིན་གྱི་འཆར་འགོད། འཐབ་ཇུས་རང་བཞིན་གྱི་ཁྱབ་བཀོད། ཁྱོན་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རང་འགུལ་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་ཀའི་ཐོག་བཞག་ནས་བསམ་གཞིག་དང་འཆར་འགོད་བྱེད་རྒྱུ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བོད་ཀྱི་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་ནས་བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེར་གཏོང་རྒྱུ་བཅས་ཀྱི་དོན་ཆེན་བཞི་གཅིག་གྱུར་འཆར་འགོད་བྱས་ཏེ་རྨང་གཞི་བརྟན་དུ་གཏོང་བ་དང་། ལེགས་ཆ་འདོན་སྤེལ། ཆད་སྐྱོན་སེལ་བ། ཞན་ཆ་ལེགས་གཏོང་བཅས་ལ་ཤུགས་རྒྱག་རྒྱུ། ཚབས་ཆེའི་ཉེན་ཁ་སེལ་རྒྱུ་དང་འགྲན་སློང་ཆེན་པོར་དོགས་ཟོན་བྱས་ནས་གོང་འཕེལ་གྱི་སྤུས་ཚད་དང་། གྲུབ་ཚུལ། གཞི་ཁྱོན། མྱུར་ཚད། ཕན་འབྲས། བདེ་འཇགས་བཅས་གཅིག་གྱུར་ཡོང་ཐུབ་པ་བྱེད་རྒྱུ།

    ས་བཅད་གསུམ་པ། དམིགས་ཚད་གཙོ་བོ།

    སྤྱི་ཚོགས་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བ་བྱེད་རྒྱུ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱི་ཡོངས་རང་འགུལ་ལ་སྟངས་འཛིན་ནན་པོ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་ལ་ཟུག་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་སྤེལ། དཔལ་འབྱོར་གོང་འཕེལ་གྱི་རྣམ་པ་གསར་པ་རྒྱུན་འཁྱོངས་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་སླེབས་སྐབས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་ཐུབ་པ་བྱེད་རྒྱུའམ་ཉེ་བར་སླེབས་ཐུབ་པ་བྱེད་རྒྱུ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་གཙོ་བོའི་དམིགས་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་སླེབས་ཐུབ་པ་བྱེད་རྒྱུ་མ་ཟད། སྐྱེ་ཁམས་ཤེས་དཔལ་ཀྱི་ལམ་ལུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་མཐའ་སྲུང་འཐབ་ཇུས་འགན་ལེན་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་བཙུགས་ནས་2035ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་གཞི་རྩའི་ཆར་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་འགོ་ཡག་པོ་འཛུགས་རྒྱུ་དང་གོམ་སྟབས་བརྟན་པོ་སྤོ་ཐུབ་པ་བྱེད་རྒྱུ།

    —— སྤྱི་ཚོགས་ཡོངས་བདེ་འཇགས་དང་བརྟན་ལྷིང་ཡོང་ཐུབ་པ་བྱེད་རྒྱུ། བརྟན་ལྷིང་སྲུང་སྐྱོང་གི་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། དེང་རབས་ཀྱི་གྲོང་ཁྱེར་མངའ་ཁོངས་ཀྱི་བཅོས་སྐྱོང་མ་ལག་རགས་ཙམ་འཛུགས་རྒྱུ། ཕྱོགས་མཐའ་ཀུན་གྱི་ཟོན་འགོག་མ་ལག་གཞི་རྩའི་ཆར་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་ཤུགས་ཆེར་གཏོང་རྒྱུ། མཉམ་འགོག་མཉམ་བཅོས་ཀྱི་ལས་ཀའི་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཕྲལ་སྡོམ་སྔོན་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་ལ་ཟུག་པ་བྱེད་རྒྱུ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱུ་སྔར་བས་ཇེ་ཟབ་ཏུ་བཏང་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོཌ་རེས། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་དུ་གཏོང་རྒྱུ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ། ཁྲིམས་བཞིན་ཆོས་ལུགས་ལས་དོན་གྱི་དོ་དམ་བྱེད་ནུས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཚད་མངོན་གསལ་དོད་པོས་ཆེ་རུ་བཏང་ནས་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་གཏོད་རྒྱུ།

    —— དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུ། དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུ་དང་གོང་འཕེལ་གྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ། ཁྱད་ལྡན་ཐོན་ལས་གོང་འཕེལ་གསར་པ་ཡོང་ཐུབ་པ་བྱེད་རྒྱུ་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཐོག་མའི་ཆར་བསྐྲུན་ཐུབ་པ་བྱེད་རྒྱུ། དྭངས་གཙང་ནུས་རྒྱུའི་ཐོན་ལས་གང་མགྱོགས་གོང་འཕེལ་གཏོང་རྒྱུ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ། ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་གཞི་རྩའི་ཆར་ཆགས་པ་བྱེད་རྒྱུ་དང་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ། ས་མཐོའི་ཁྱད་ལྡན་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ནུས་པ་མངོན་གསལ་དོད་པོས་ཤུགས་ཆེར་གཏོང་རྒྱུ་དང་ཚོང་གཉེར་སྟབས་བདེ་ཡོང་ཤུགས་ཆེ་རུ་གཏོང་རྒྱུ།

    —— བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བརྟན་པོ་གཏོང་རྒྱུ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་གཞི་རྩའི་ཆ་ནས་འཛུགས་ཐུབ་པ་བྱེད་རྒྱུ་དང་ཁྲོམ་ར་གཉེར་མཁན་གྱི་གསོན་ཤུགས་སྔར་བས་འཕེལ་ཐུབ་པ་བྱེད་རྒྱུ། རྒྱུ་ནོར་བདག་དབང་ལམ་ལུགས་དང་གཙོ་རྒྱུ་ཁྲོམ་ར་ཅན་དུ་བགོ་སྒྲིག་བྱེད་པར་ཡར་རྒྱས་ཆེན་པོ་ཡོང་བ་བྱེད་རྒྱུ། ཚོང་གཉེར་གྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ། གཞུང་དྲང་འགྲན་རྩོད་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་དཔལ་འབྱོར་གྱི་མ་ལག་གསར་པ་གཞི་རྩའི་ཆར་གྲུབ་ཐུབ་པ་བྱེད་རྒྱུ། སྐྱིད་གྲོང་གི་རྒྱལ་ཁབ་ཀྱི་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་ལ་བརྟེན་ནས་ཀྲུང་ནེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བར་སྣེ་ཁྲིད་བྱེད་རྒྱུ། ཧི་མ་ལ་ཡ་བརྒལ་བའི་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་ལམ་གང་མགྱོགས་བསྐྲུན་རྒྱུ་དང་མཐའ་རྒྱུད་ཀྱི་སྒོ་དབྱེའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ།

    —— དམངས་འཚོའི་བདེ་རྩ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ། ཐེམ་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་མང་དུ་གཏོང་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་གནས་སྒྱུར་ལས་ཞུགས་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ། དེང་རབས་ཀྱི་ཐོན་ལས་ལས་བཟོའི་དཔུང་ཁག་སྐྱེད་སྲིང་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གིས་གཙོ་བོར་བྱས་པའི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གཞི་གཅིག་ཅན་གྱི་སློབ་གསོའི་སློབ་ཁྲིད་མ་ལག་སྲ་བརྟན་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་སྨན་བཅོས་ཞབས་ཞུའི་རིམས་འགོག་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བསམ་པའི་རིག་གནས་འཚོ་བ་དེ་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ། རང་བྱུང་རིག་གནས་ཤུལ་བཞག་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱེད་རྒྱུ། བང་རིམ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་སོགས་ཀྱི་འགན་བཅོལ་ལམ་ལུགས་དང་སྡོད་ཁང་འགན་སྲུང་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་ཐུབ་པ་བྱེད་རྒྱུ།

    —— ཁུལ་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ལྡན་པའི་ངང་གོང་འཕེལ་གཏོང་རྒྱུ། ཁུལ་ཁོངས་དཔལ་འབྱོར་གྱི་བཀོད་ཁྱབ་སྔར་བས་ལེགས་སུ་བཏང་སྟེ་ལྟེ་བའི་འཕར་སྣེར་བརྟེན་ནས་སྐུལ་ཁྲིད་ཀྱི་ནུས་པ་ཤུགས་ཆེར་གཏོང་རྒྱུ་དང་། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་ཚད་སྔར་བས་མཐོ་རུ་གཏོང་རྒྱུ། མི་འབོར་དང་རིགས་ཁག་གི་གཙོ་རྒྱུ་རྣམས་འགྲིམ་འགྲུལ་སྟབས་བདེ་ལ་གནམ་གཤིས་ཚ་གྲང་སྙོམས་ཤིང་རྨང་གཞི་ཅུང་ལེགས་པའི་རོང་ཁུལ་དང་གྲོང་ཁྱེར་གྲོང་རྡལ་དུ་མུ་མཐུད་རུབ་འདུས་ཐུབ་པ་བྱེད་རྒྱུ། མཐའ་མཚམས་ས་ཁུལ་གྱི་མི་འབོར་རྒྱུན་མཐུད་མང་དུ་གཏོང་རྒྱུ། གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་ཚད་40%ཡན་ཟིན་པ་བྱེད་རྒྱུ། ས་གནས(གྲོང་ཁྱེར)ཚང་མར་ཁྱད་ལྡན་ལྟེ་བའི་སྡེ་གླིང་བསྐྲུན་རྒྱུ། རྫོང་ཁོངས་ཀྱི་དཔལ་འབྱོར་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་མཉམ་འདྲེས་ཐོག་གོང་འཕེལ་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་ཐོག་མའི་ཆར་ཆགས་པ་བྱེད་རྒྱུ། གྲོང་གསེབ་ཀྱི་རྒྱུ་ནོར་བདག་དབང་ལ་སྲུང་སྐྱོབ་དང་བརྗེ་རེས་ལམ་ལུགས་ཀྱི་སྒྲོམ་གཞི་རྩ་བའི་ཆ་ནས་ཆགས་པ་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱེད་རྒྱུ།

    —— ཤེས་དཔལ་གྱི་ཡོན་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་སུ་ཟུག་ཐུབ་པ་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་དགོངས་པ་རྒྱ་ཁྱབ་ངང་དར་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་ཐུན་མོང་ཐོག་བརྩོན་ལེན་བྱེད་པའི་རིན་ཐང་ཞིག་ཏུ་འགྱུར་ཐུབ་པ་བྱེད་རྒྱུ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་སྔར་བས་བརྟན་དུ་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་འཕེལ་བཏང་སྟེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དེ་གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་ཡོང་བ་བྱེད་རྒྱུ། མང་ཚོགས་ཀྱི་ཀུན་སྤྱོད་བྱང་ཚད་དང་། ཚན་རིག་རིག་གནས་ཀྱི་བྱང་ཚད། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཤུགས་ཆེར་གཏོང་རྒྱུ། དམངས་ཡོངས་ཀྱིས་སློབ་གསོ་དང་ལེན་བྱེད་པའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་མངོན་གསལ་དོད་པོས་ཆུང་དུ་གཏོང་རྒྱུ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དང་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གཙོ་རྒྱུན་སྨྱན་སྦྱོར་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། འགུལ་འཕྲིན་ཅན་བཅས་སུ་འགྱུར་བའི་ཐད་ཕན་འབྲས་མངོན་ཆེ་ཐོབ་པ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་ཞབས་ཞུ་སྒྲུབ་མཁན་སྣ་མང་ཅན་དུ་གོང་འཕེལ་གཏོང་རྒྱུ།

    —— སྐྱེ་ཁམས་འཛུགས་སྐྱོང་ཐད་གྲུབ་འབྲས་བཟང་པོ་ཐོབ་པ་བྱེད་རྒྱུ། རྒྱལ་ཁོངས་ཀྱི་བར་སྟོངས་གསར་སྤེལ་དང་སྲུང་སྐྱོབ་བྱེད་པའི་རྣམ་པ་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་རི་དང་། ཆུ། ནགས། ཞིང་ཁ། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་དུ་འགྱུར་བར་སྲུང་སྐྱོབ་དང་སླར་གསོ་བྱེད་སྲོལ་རགས་ཙམ་ཆགས་པ་བྱེད་རྒྱུ། འབྱུང་འཕྲོད་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཆགས་པ་བྱེད་རྒྱུ། ནུས་རྒྱུའི་ཐོན་ཁུངས་བགོ་སྒྲིག་བྱེད་སྟངས་སྔར་བས་ལུགས་མཐུན་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཙོ་བོའི་བཙོག་སྐྱོན་འབུད་གཏོང་ལ་ཚོད་འཛིན་ནུས་ལྡན་བྱེད་རྒྱུ། དེང་རབས་ཅན་གྱི་ཁོར་ཡུག་བཅོས་སྐྱོང་མ་ལག་གང་མགྱོགས་བསྐྲུན་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འཚོ་སྡོད་བྱེད་སའི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ། སྔ་བར་ཕྱི་གསུམ་དུ་གནམ་སྔོན་པོ་དང་། ཁོར་ཡུག་སྔོ་ལྗང་། ཆུ་དྭངས་གཙང་བཅས་ཡོང་བ་བྱས་ནས་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་ཁུལ་འཛུགས་རྒྱུར་ཕན་འབྲས་མངོན་ཆེ་ཐོན་པ་བྱེད་རྒྱུ། རང་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཡིན་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་ཡར་རྒྱས་ཆེན་པོ་ཡོང་བ་བྱེད་རྒྱུ།

    —— རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་ཤུགས་ཆེན་བྱེད་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཕན་ཚུན་མཉམ་འགུལ་བྱས་ནས་བརྟན་སྲུང་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་དང་མཐའ་མཚམས་འགན་སྲུང་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་སྒྲིག་བཀོད་ཆ་ཚང་བ་དང་། བཀོད་སྒྲིག་ལུགས་དང་མཐུན་པ། བྱེད་ནུས་འཐུས་སྒོ་ཚང་བ་བཅས་ཀྱི་ཁུལ་ཁོངས་གྲོང་ཁྱེར་གྲོང་རྡལ་ཁག་གཅིག་ཆགས་པ་བྱེད་རྒྱུ། གཙོ་གནད་ཁུལ་གྱི་མཐའ་མཚམས་སྲུང་སྐྱོང་དང་སྲ་བརྟན་དུ་གཏོང་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ་དང་། འབྲུ་རིགས་དང་། འཐབ་ཇུས་དངོས་ཟོག དྲ་རྒྱ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ།

    ཆེད་སྒྲོམ་གཉིས་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་ སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་ཚད་གཙོ་བོ།

    ཟུར་མཆན། 1.ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་དེ་བསྡུར་གཞི་ཡོད་པའི་རིན་གོང་བཞིན་རྩིས་རྒྱག་རྒྱུ།

    2.འཆར་འགོད་དམིགས་ཚད་ཀྱི་[]ནང་“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རིམ་རྩིས་གྲངས་འབོར་འགོད་རྒྱུ།

    3.ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱི་སྒྲིག་ཆས་ཤོང་ཚད་ནང་བསྐྲུན་ཟིན་པ་དང་སྐྲུན་བཞིན་པ་ཚུད་ཡོད།

    4.2020ལོའི་གྲངས་གཞི་ཁ་ཤས་ནི་སྔོན་དཔག་གི་གྲངས་ཡིན།

    ལེ་ཚན་གཉིས་པ། མཐུན་སྦྱོར་ངང་གོང་འཕེལ་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ་ཁུལ་ཁོངས་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་རྒྱུ།

    ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བའི་འཐབ་ཇུས་དང་གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གོང་འཕེལ་གྱི་རྣམ་པ་ལེགས་སུ་གཏོང་རྒྱུས་འཇུག་སྒོ་བྱས་ཏེ་མི་ལྟེ་བར་བྱེད་པའི་རྣམ་གསར་གྲོང་ཁྱེར་གྲོང་རྡལ་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུ། “བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུས”གཙོ་དོན་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་ཤུགས་ཆེ་བཏང་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ས་ཁོངས་བར་སྟོངས་ཀྱི་བཀོད་པ་དང་འདེགས་སྐྱོར་མ་ལག་འཛུགས་རྒྱུ།

    ལེའུ་གསུམ་པ། ཁུལ་ཁོངས་གོང་འཕེལ་གྱི་ཁྱབ་བཀོད་ལེཌ་སུ་གཏོང་རྒྱུ།

    ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལ་གཞི་ཚུགས་ཏེ་ས་གནས་སོ་སོའི་ལེགས་ཆ་འདོན་སྤེལ་བྱེད་རྒྱུ་དང་། དེ་བཞིན་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་དང་། གལ་ཆེའི་ཐོན་སྐྱེད་ནུས་ཤུགས། སྤྱི་པའི་ཐོན་ཁུངས་ཀྱི་ཁྱབ་བཀོད་བཅས་ལེགས་སུ་བཏང་ནས་གཙོ་ནུས་མངོན་གསལ་དོད་ལ། ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི“ལྟེ་གཅིག་འཁོར་གཅིག་རྒྱུད་གཉིས་ཁུལ་གསུམ”གྱི་གོང་འཕེལ་རྣམ་པ་གསར་པ་ཆགས་པར་ཤུགས་རྒྱག་རྒྱུ།

    ས་བཅད་དང་པོ། ལྷ་སའི་ལྟེ་བའི་འཕར་སྣེ་སྟོབས་ཆེར་གཏོང་རྒྱུ།

    ལྟེ་བའི་གྲོང་ཁྱེར་གྱི་འདུས་གྲུབ་ནུས་པ་དང་ཁྱབ་འགྱེད་ནུས་པ་འདོན་སྤེལ་བྱས་ཐོག མི་འབོར་དང་གཙོ་རྒྱུ་གཞི་ཁྱོན་ལྡན་པའི་འདུས་གྲུབ་ཡོང་བ་བྱས་ཏེ་ཕྱོགས་ཡོངས་ནས་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་མཐོ་རུ་གཏོང་རྒྱུ་དང་། གལ་ཆེའི་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་དང་། ལྷོ་ཨེ་ཤེ་ཡར་ཕྱོགས་པའི་སྒོ་དབྱེའི་ཁུལ་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་བཅས་བསྐྲུན་རྒྱུ། ལྷ་སའི་གྲོང་ཁྱེར་གྱི་བར་སྟོངས་ཁྱབ་བཀོད་ལེགས་སུ་བཏང་ནས“ལྷོ་འབྲེལ་བྱང་གཏོང”གིས་འདྲེན་ཤུགས་བྱས་ཏེ་ལྷུན་གྲུབ་རྫོང་དང་འབྲེལ་མཐུད་དང་། གཙང་ཆུའི་བྱང་རྒྱུད་དང་འབྲེལ་མཐུད་བྱེད་རྒྱུས་གཙོ་གནད་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ནུས་དང་ཐོན་ཁུངས་བགོ་སྒྲིག་གི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ། རིག་གནས་ཡུལ་སྐོར་དང་། ས་གཙང་བདེ་ཐང་། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་གྲངས་འཛིན་དཔལ་འབྱོར། འབྱུང་འཕྲོད་བཟོ་ལས་བཅས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་སྦྲགས། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། སྣེའུ་ཁུལ་གསར། རིག་གནས་བློ་གསར་ཐོན་ལས་སྡེ་གླིང་། གནམ་ཐང་གསར་སྤེལ་ཁུལ་བཅས་ཀྱི་ཐོན་ལས་རུབ་འདུས་ནུས་པ་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་ཐོན་ལས་གོང་འཕེལ་གྱི་སྤུས་འབོར་ཆེ་རུ་གཏོང་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། སྤུས་ལེགས་སློབ་གསོ་དང་། སྨན་བཅོས། བདེ་ཐང་རྒན་གསོ་སོགས་ཀྱི་ཐོན་ཁུངས་གཙོ་རྒྱུ་དང་ལས་སྟེགས་འདུས་གྲུབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་གྱི་བཀོད་པ་ལེགས་སུ་བཏང་ནས་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱས་ཏེ་ས་མཐོར་འཚོ་སྡོད་རུང་བའི་གྲོང་ཁྱེར་བསྐྲུན་རྒྱུ། ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་དང་། ལས་ཀའི་སྐུལ་འདེད་ལམ་སྲོལ་ཚགས་ཚུད་དུ་བཏང་ནས་འགྲིམ་འགྲུལ་གཞི་གཅིག་ཅན་དང་སྤྱི་པའི་ཞབས་ཞུ་གཞི་གཅིག་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། མཐའ་འཁོར་ས་ཁུལ་དང་མཉམ་སྒྲུབ་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་ཀྱི་ཤར་གཏོང་ནུས་པ་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཐོག་ལྗོངས་ཡོངས་ཀྱི་དཔལ་འབྱོར་གྱི་འཕར་སྣེ་གཏོད་རྒྱུ།

    ས་བཅད་གཉིས་པ། ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ་གཏོད་རྒྱུ།

    ཕྱོགས་བསྡུས་འགྲིམ་འགྲུལ་གྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཁུལ་ཁོངས་ཐོན་ཁུངས་ཀྱི་སྤུས་ནུས་དང་། ཐོན་ལས་ཀྱི་རྨང་གཞི། ཁྲོམ་རའི་འདིང་ཤུགས། ལག་རྩལ་ཆ་རྐྱེན་སོགས་ཀྱི་གཙོ་རྒྱུར་གཞི་ཚུགས་ཏེ་སྒྲིག་སྲོལ་ལམ་སྲོལ་གྱི་བཀག་རྒྱ་མེད་པ་བཟོ་རྒྱུ། སྒྲིག་བཀོད་མཉམ་མཐུད་དང་། ཐོན་ལས་མཉམ་སྒྲུབ། གཙོ་རྒྱུ་འཁོར་རྒྱུག་བཅས་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ། ལྷ་སས་ལྟེ་བར་བྱས་པའི་གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་ལ་ཁྱབ་འགྱེད་བྱས་ཏེ། ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ་གཏོད་རྒྱུ་དང་། གཞིས་རྩེ་དེ་ལྷོ་ཨེ་ཤ་ཡར་ཕྱོགས་པའི་སྒོ་དབྱེའི་མདུན་སའི་ས་ཁུལ་གྱི་ལེགས་ཆ་འདོན་སྤེལ་བྱེད་རྒྱུ། ཉིང་ཁྲི་དེ་རྒྱལ་ཡོངས་གྲགས་ཅན་གྱི་སྐྱེ་ཁམས་ཡུལ་སྐོར་དང་སྤྲོ་གསེང་ལུས་གསོའི་རྟེན་གཞི་ཞིག་ཏུ་བསྐྲུན་རྒྱུ། བོད་བྱང་ཁུལ་གྱི་གལ་ཆེའི་གནད་ཚིགས་ཀྱི་གྲོང་ཁྱེར་གནས་རིམ་མཐོ་རུ་གཏོང་རྒྱུ་དང་ནུབ་རྒྱུད་ཁུལ་གྱི་གལ་ཆེའི་དཔལ་འབྱོར་ཁུལ་བཏོད་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གལ་ཆེའི་འདེགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ།

    ས་བཅད་གསུམ་པ། མཐའ་མཚམས་ལམ་རྒྱུད་དང་ལྕགས་ལམ“ཁུལ་རྒྱུད་གཉིས”གོང་འཕེལ་གང་མགྱོགས་གཏོང་རྒྱུ།

    མཐའ་མཚམས་ལམ་རྒྱུད་ཀྱི་གོང་འཕེལ་གཏོང་ཁུལ་གང་མགྱོགས་བསྐྲུན་ནས་མེ་ཏོག་དང་། གྲོ་མོ། སྐྱིད་གྲོང་། མཚོ་སྣ། སྒར། རུ་ཐོག་སོགས་ཀྱི་མཐའ་མཚམས་གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེག་ནུས་དང་། འབྲེལ་མཐུད། འདུས་གྲུབ་ནུས་པ་བཅས་ཕྱོགས་ཡོངས་ནས་ཤུགས་ཆེར་བཏང་སྟེ་མཐའ་སྲུང་མཐའ་བརྟན་མཐའ་ཕྱུག་མཐའ་སྟོབས་བཅས་ཀྱི་གལ་ཆེའི་འདེགས་སྐྱོར་གཏོད་རྒྱུ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སྤེལ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་ཡུལ་བབ་དང་འཚམ་པའི་ཁྱད་ལྡན་འདེབས་གསོའི་ལས་རིགས་དང་། མི་རིགས་ལག་ཤེས་བཟོ་ལས། མཐའ་མཚམས་ཉོ་ཚོང་ཁྲོམ་ར་བཅས་གོང་འཕེལ་གཏོང་རྒྱུ། འགྲིམ་འགྲུལ་སྟབས་བདེ་དང་། ཚང་སྒྲིག་འཐུས་ཚང་། མི་སྣ་འདུས་གྲུབ། ཐོན་ལས་གོང་འཕེལ། དར་རྒྱས་བརྟན་ལྷིང་བཅས་ཀྱི་མཐའ་མཚམས་ལམ་རྒྱུད་ཀྱི་གོང་འཕེལ་ཁུལ་ཞིག་རིམ་བཞིན་ཆགས་པ་བྱེད་རྒྱུ། མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། ཆ་འཕྲིན་འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་རྒྱུ། སྐྱིད་གྲོང་དང་། སྤུ་ཧྲེང་། ལེགས་རྩེ། འགྲམ། གྲོ་མོ་སོགས་འགག་སྒོའི་བགྲོད་ལམ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་རྒྱུ། མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ཁུངས་ལ་གཞི་ཚུགས་ནས་མཐའ་མཚམས་མི་རིགས་ཀྱི་ཡུལ་སྲོལ་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་གྲས་ཁག་གཅིག་གཙོ་གནད་ཐོག་བསྐྲུན་རྒྱུ། ཀྲུང་ནེའི་རིག་གནས་ཡུལ་སྐོར་སྡེ་གླིང་དང་མེ་ཏོག་རྫོང་གི་རྒྱལ་ཁབ་མཐའ་མཚམས་ཡུལ་སྐོར་ཚོད་ལྟའི་ཁུལ་བསྐྲུན་རྒྱུར་རོགས་རམ་བྱེད་རྒྱུ། ཡུལ་སྐོར་བགྲོད་ལམ་དང་གྲགས་རྟགས་རྩེ་གྲ་ཁག་གཅིག་གསར་སྤེལ་བྱས་ཏེ་མཐའ་མཚམས་ལམ་རྒྱུད་དེ་ཉིད་རྒྱལ་ཁབ་ཀྱི་དངོས་ཤུགས་དང་བོད་ཀྱི་རྣམ་པ་གསར་པའི་གལ་ཆེའི་སྐར་ཁུང་ཞིག་ཏུ་བསྐྲུན་ཐུབ་པ་བྱེད་རྒྱུ། ལྕགས་ལམ་ལམ་རྒྱུད་ཀྱི་དཔལ་འབྱོར་ཁུལ་དར་རྒྱས་གོང་འཕེལ་གཏོང་རྒྱུ་དང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་གོ་སྐབས་ལ་བརྟེན་ནས་མཚོ་བོད་ལྕགས་ལམ་གྱི་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་རྒྱུ། ཁྲོན་བོད་དང་། མཚོ་བོད། ལྷ་གཞིས་སོགས་ལྕགས་ལམ་ལམ་རྒྱུད་ཀྱི་དཔལ་འབྱོར་གོང་འཕེལ་ཁུལ་འཛུགས་རྒྱུར་སྐུལ་འདེད་དང་གཅིག་གྱུར་འཆར་འགོད་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཀོད་པ་ལེགས་སུ་བཏང་ནས་ལམ་རྒྱུད་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཐོན་ལས་ཀྱི་གྲུབ་ཆར་སྐུལ་སྤེལ་གང་མགྱོགས་བཏང་ནས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་ཤུགས་ཆེ་རུ་གཏོང་རྒྱུ། མཛོད་ཉར་ཟོག་འགྲུལ་སྒྲིག་བཀོད་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ནས་དེང་རབས་ཀྱི་ཟོག་འགྲུལ་མ་ལག་འཛུཌ་རྒྱུ། མི་འགྲུལ་དང་། ཟོག་འགྲུལ། དངུལ་འགྲུལ། འཕྲིན་འགྲུལ་བཅས་རྒྱ་ཆེར་བཏང་ནས་གཙོ་རྒྱུ་འདུས་གྲུབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། རང་འགུལ་ངང་ཁྲེང་ཡུས་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་ཕན་ཚུན་འབྲེལ་མཐུད་བྱས་ཏེ་ལྷོ་ཨེ་ཤ་ཡར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཧུར་ཐག་བསྐྲུན་རྒྱུ། རྒྱལ་ནང་གི་འཁོར་རྒྱུག་ཆེ་མོས་གཙོ་རྐང་བྱེད་པ་དང་། རྒྱལ་སྤྱི་རྒྱལ་ནང་རྒྱུན་འཁོར་གཉིས་ཀྱི་རྣམ་པ་གསར་པའི་ནང་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་བཞི་པ། “ཁུལ་གསུམ”འཛུགས་སྐྲུན་གྱི་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་གཏོང་རྒྱུ།

    ཁུལ་ཁོངས་གཅིག་གྱུར་འཆར་འགོད་ཀྱིས་ཁྲིད་སྟོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་གཙོ་ནུས་དང་། ཐོན་ཁུངས་ཀྱི་ལྷན་ནུས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཆུ་ཚད་བཅས་ལ་གཞིགས་ཏེ་བོད་ཀྱི་དབུས་ལྷོ་དང་། བོད་ཤར། བོད་ཀྱི་ནུབ་བྱང་ས་ཁོངས་བཅས་གོང་འཕེལ་གཏོང་བའི་ངེས་གནས་ཁ་གསལ་བཟོ་རྒྱུ། དཔལ་འབྱོར་གྱི་འཕར་སྣེ་དང་། འཕར་གཞི། འཕར་རྒྱུད་བཅས་གང་མགྱོགས་བསྐྲུན་ནས་ལྟེ་བས་ཁྲིད་སྟོན་དང་། ཁུལ་ཁོངས་མཉམ་འགུལ། རྩེ་གྲས་འདེགས་སྐྱོར་བཅས་བྱེད་པའི་ཁུལ་ཁོངས་དཔལ་འབྱོར་གོང་འཕེལ་གྱི་རྣམ་པ་གཏོད་རྒྱུ། བོད་དབུས་ལྷོའི་གཙོ་གནད་གསར་སྤེལ་ཁུལ་མཉམ་སྦྲེལ་མཉམ་མཐུད་ཐུབ་པ་བྱས་ཏེ་གཙོ་རྒྱུ་དང་ཐོན་ལས་འདུས་གྲུབ་ལ་སྐུལ་འདེད་གཏོང་རྒྱུ། ཁྱད་ལྡན་ཡུལ་སྐོར་དང་། དེང་རབས་ཞབས་ཞུ། ཉོ་ཚོང་ཟོག་འགྲུལ། ས་མཐོའི་སྐྱེ་དངོས། འབྱུང་འཕྲོད་བཟོ་ལས་བཅས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། ཁུལ་ཁོངས་ནང་གི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། བོད་དབུས་ལྷོ་དེ་ཉིད་བསྒྱུར་བཅོས་གསར་གཏོད་དང་། ཕྱི་ཕྱོགས་སྒོ་དབྱེ། གྲོང་ཁྱེར་གྲོང་རྡལ་ཅན་གཅིག་གྱུར་འཆར་འགོད། ཁྲོམ་ར་སྐྱེད་སྲིང་སོགས་ཀྱི་ཐད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་གཏོང་རྒྱུ། བོད་ཤར་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་གསར་སྤེལ་ཁུལ་གྱིས་འབབ་རྒྱུད་ཀྱི་འཆར་འགོད་བཀོད་སྒྲིག་མགྱོགས་མྱུར་འཐུས་ཚང་དུ་གཏོང་རྒྱུ། ཡར་ཀླུང་གཙང་པོ་དང་། འབྲི་ཆུ། རྫ་ཆུ་སོགས་རྒྱུག་ཁུལ་གྱི་ཆུ་བོའི་མཛེས་ལྗོངས་ཕྱོགས་བསྡུས་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་རྒྱུ། བོད་གློག་ཕྱིར་འཁྲིད་གཞི་ཁྱོན་ལྡན་པའི་གོང་འཕེལ་ལ་གང་མགྱོགས་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་གཙོ་གནད་དྭངས་གཙང་ནུས་རྒྱུའི་རྒྱུན་མཐུད་རྟེན་གཞི་འཛུགས་རྒྱུ། ཆབ་མདོའི་ས་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་གྱི་བྱེད་ནུས་ཤུགས་ཆེར་གཏོང་རྒྱུ། བོད་མཚོ་ཁྲོན་ཡུན་བཅས་ཀྱི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་རྒྱུ། བོད་ནུབ་བྱང་གི་སྐྱེ་ཁམས་གསོ་འཁྱོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་ཀྱི་བར་སྟོངས་གཅིག་གྱུར་འཆར་འགོད་བྱས་ནས་རྒྱལ་ཁབ་སྤྱི་གླིང་གིས་གཙོ་རྐང་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་རྒྱུ། ནག་ཆུ་དང་མངའ་རིས་སོགས་བོད་ནུབ་བྱང་ས་ཁུལ་གྱི་སྐྱེ་ཁམས་གསོ་འཁྱོངས་ཁུལ་དང་གལ་ཆེའི་གཙང་ཆུའི་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ། མི་འབོར་འོས་འཚམ་གཅིག་འདུས་ཡོང་བ་བྱས་ཏེ་གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། རྨང་གཞིའི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ས་མཐོའི་ཁྱད་ལྡན་འབྲོག་ལས་གོང་འཕེལ་བཏང་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་གལ་ཆེའི་སྐར་ཁུང་གཏོད་རྒྱུ།

    ཆེད་སྒྲོམ་གསུམ་པ། “ལྟེ་གཅིག་འཁོར་གཅིག་རྒྱུད་གཉིས་ཁུལ་གསུམ”

    བཅས་ཀྱི་གོང་འཕེལ་གྱི་རྣམ་པ་གསར་པ། ལྟེ་བ་གཅིག་ནི། ལྷ་སའི་ལྟེ་བའི་འཕར་སྣེར་ཟེར།

    འཁོར་རྒྱ་གཅིག་ནི། ལྷ་ས་ལྟེ་བར་བྱས་པའི་གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་ལ་ཁྱབ་འགྱེད་བྱས་པའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱར་ཟེར།

    རྒྱུད་གཉིས་ནི། མཐའ་མཚམས་རྒྱུད་གོང་འཕེལ་གཏོང་རྒྱུ་དང་ལྕགས་ལམ་རྒྱུད་ཀྱི་དཔལ་འབྱོར་ཁུལ་ལ་ཟེར།

    ཁུལ་གསུམ་ནི། བོད་དབུས་ལྷོའི་གཙོ་གནད་གསར་སྤེལ་ཁུལ་དང་། བོད་ཤར་གྱི་དྭངས་གཙང་ནུས་རྒྱུ་གསར་སྤེལ་ཁུལ། བོད་ནུབ་བྱང་གི་སྐྱེ་ཁམས་གསོ་ཁུལ་བཅས་ལ་ཟེར།

    ལེའུ་བཞི་པ། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་རྒྱུ།

    གྲོང་ཁྱེར་གོང་འཕེལ་གཏོང་རྒྱུ་དང་ཞིང་འབྲོག་པའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་མི་གཙོ་བོར་བྱས་པའི་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། ཡུག་འབྲེལ་གྲོང་ཚོགས་ཀྱིས་གཙོ་རྣམ་བྱེད་པ། གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ནུས་ཀྱིས་འདེགས་སྐྱོར་བྱེད་པ། སྐྱེ་ཁམས་ཤེས་དཔལ་གྱིས་ནང་གནས་ཀྱི་བླང་བྱ་བྱེད་པ། རིག་གནས་འཛིན་སྐྱོང་གིས་སྤུས་རྣམ་བྱེད་པ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ཀྱིས་འགན་སྲུང་བྱེད་པ་བཅས་ཀྱི་ཐོག་ནས་རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ།

    ས་བཅད་དང་པོ། ཞིང་འབྲོག་ལས་ཀྱི་གནས་སྒྱུར་མི་འབོར་གྲོང་ཁྱེར་གྱི་གྲོང་དམངས་ལ་འགྱུར་བར་སྐུལ་འདེད་གཏོང་རྒྱུ།

    ཐེམ་ཐོའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཐེམ་ཐོའི་ལམ་ལུགས་དང་གནས་སྡོད་ལག་ཁྱེར་གྱི་ལམ་ལུགས་གཅིག་སྒྲིལ་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་དང་། རྒྱུན་སྡོད་མི་འབོར་གྱི་གཞི་ཁྱོན་ལ་གཞིགས་ནས་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་བྱེད་རྒྱུ་དང་། ནོར་སྲིད་ཀྱི་སྒྱུར་སྤྲོད་མ་དངུལ་དེ་ཞིང་འབྲོག་ལས་ཀྱི་གནས་སྒྱུར་མི་འབོར་གྲོང་མིར་སྒྱུར་རྒྱུའི་སྦྲེལ་མཐུད་སྲིད་ཇུས་དང་། གྲོང་ཁྱེར་གྲོང་རྡལ་གྱི་འཛུགས་སྐྲུན་ས་ཆའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་དེ་ཞིང་འབྲོག་ལས་གནས་སྒྱུར་གཞིས་ཆགས་ཀྱི་སྦྲེལ་མཐུད་སྲིད་ཇུས། སྲིད་གཞུང་གིས་མ་འཇོག་བཀོད་སྒྲིག་བྱེད་རྒྱུ་དེ་ཞིང་འབྲོག་མང་ཚོགས་གནས་སྒྱུར་གཞིས་ཆཌ་བྱེད་མང་སའི་གྲོང་ཁྱེར་གྲོང་རྡལ་གྱི་འཕར་གཟིགས་སྲིད་ཇུས་བཅས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གནས་སྡོད་ལག་ཁྱེར་གྱིས་གཞི་རྟེན་བྱས་པའི་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་ལམ་བཙུགས་ནས་རྒྱུན་སྡོད་ཐེམ་ཁོངས་མིན་པའི་མིའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི་གནས་སྒྱུར་མི་སྣ་ལས་ཞུགས་དང་ལས་གཏོད་ཀྱི་སྦྱོང་བརྡར་སྤྲོས་རྒྱུ་དང་ཞབས་ཞུ་སྒྲུབ་ཤུཌ་ཆེ་རུ་གཏོང་རྒྱུ། སྡོད་ཁང་དང་། སྤྱི་ཚོགས་འགན་བཅོལ། སྨན་བཅོས་འཕྲོད་བསྟེན། ཕྲུ་གུའི་སློབ་གསོ་སོགས་ཀྱི་སྤྱི་པའི་ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཐེམ་ཐོ་གྲོང་ཁྱེར་ནང་བསྒྱུར་བའི་ཞིང་འབྲོག་པའི་ས་ཞིང་འགན་གཙང་ལེན་དབང་དང་། ཁང་ས་བེད་སྤྱོད་བྱེད་དབང་། མཉམ་སྡེབ་ཀྱི་ཁེ་ཕན་བགོ་འགྲེམས་བྱེད་དབང་བཅས་ལ་འགན་སྲུང་བྱེད་རྒྱུ། ཁྲིམས་བཞིན་རིན་དོད་ཡོད་པར་ནང་བཤུག་གཏོང་རྒྱུར་སྐུལ་མ་བཏང་ནས་ཐེམ་ཐོ་བསྒྱུར་རྒྱུ་དང་གྲོང་གསེབ་ཀྱི“དབང་གསུམ”དབར་གྱི་འབྲེལ་བ་གང་མགྱོགས་ཐག་གཅོད་བྱེད་རྒྱུ།

    ས་བཅད་གཉིས་པ། གྲོང་ཁྱེར་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་རྒྱུ།

    སྲིད་འཛིན་ཁུལ་དབྱེའི་སྒྲིག་བཀོད་ལེགས་སུ་བཏང་སྟེ་ས་གནས་ནས་གྲོང་ཁྱེར་ལ་བསྒྱུར་རྒྱུ་དང་། རྫོང་ནས་གྲོང་ཁྱེར(ཆུད)ལ་བསྒྱུར་རྒྱུ། ཤང་ནས་གྲོང་རྡལ(ཁྲོམ་གཞུང་)ལ་བསྒྱུར་རྒྱུ་བཅས་ལ་སྐུལ་འདེད་གཏོང་རྒྱུ། ལྟེ་བའི་གྲོང་ཁྱེར་དང་ཡུག་འབྲེལ་གྲོང་ཚོགས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་མཐའ་རྒྱུད་དང་། གཙང་རྒྱུད། ལྗོངས་རྒྱུད། གཞུང་ལམ་ཨ་མའི་ཁུལ་རྒྱུད་བཅས་སུ་རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། རྫོང་ཆེ་གྲས་དང་མཐའ་མཚམས་མུ་ཏིག་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བྱེད་པའི་ལས་གཞིར་སྐུལ་འདེད་གཏོང་རྒྱུ། ཚེ་སྲོག་ཧྲིལ་པོའི་དུས་འཁོར་དོ་དམ་གྱི་བསམ་གཞིར་བརྟེན་ནས་གྲོང་ཁྱེར་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་བྱེད་རྒྱུ། རྣམ་གསར་རིག་ནུས་ཀྱི་གྲོང་ཁྱེར་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་གྲོང་རྡལ་བཅོས་སྐྱོང་བྱེད་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་གྱི་བར་སྟོངས་དང་བཟོ་སྐྲུན་གྱི་བཀོད་པ་ལེགས་སུ་གཏོང་རྒྱུ་དང་། རིག་གནས་ལོ་རྒྱུས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་གྱི་རྣམ་པ་གཏོད་རྒྱུ། གྲོང་ཁྱེར་གསར་སྒྱུར་གྱི་ལས་འགུལ་སྤེལ་ཏེ་རྫོང་གྲོང་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་བའི་ཆད་སྐྱོན་སེལ་རྒྱུ་དང་ཞན་ཆ་དགེ་མཚན་ལ་གཏོང་རྒྱུ། འཚོ་སྡོད་སྡེ་ཁུལ་སྒྲིག་བཀོད་ཀྱི་ཆད་སྐྱོན་སེལ་བའི་ལས་འགུལ་སྤེལ་ནས་གྲོང་ཁུལ་རྙིང་པ་དང་། རྙིང་གོག་སྡེ་ཁུལ་ཆུང་གྲས། སྡོད་ཁང་སྐྱོ་ཁུལ་བཅས་ལ་བསྒྱུར་བཟོ་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་འགྲོ་ལམ་དང་། ཆུ་མདོང་སྦུག་དྲ། འབྲུབ་འགོག་ཞོད་སེལ་སྒྲིག་བཀོད། རླངས་འཁོར་འཇོག་ས་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྡེ་ཁུལ་གྱི་འཚོ་བའི་སྒྲིག་བཀོད་རིག་ནུས་ཅན་དུ་བསྒྱུར་བཟོ་བྱེད་པར་སྐུལ་འདེད་བཏང་ནས་འགོག་མེད་ཤར་བགྲོད་ཐུབ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་རྒྱུ། ས་མཐོའི་འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་གསིང་གི་གནད་ཆེའི་ལག་རྩལ་ཐད་ཞིབ་འཇུག་བྱེད་རྒྱུ་མ་ཟད། གྲུབ་འབྲས་བེད་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། གནོད་མེད་གཙང་བཟོའི་སྒྲིག་བཀོད་ཁྱབ་བཀོད་ལུགས་མཐུན་བཟོ་རྒྱུ། འཚོ་བའི་གད་སྙིགས་གཙང་སེལ་དང་བཙོག་ཆུ་གཙང་གསིང་བྱེད་པའི་སྒྲིག་བཟོ་འཐུས་སྒོ་ཚང་དུ་བཏང་ནས་སྲ་གཟུགས་ཀྱི་སྙིགས་རོ་དང་། སྨན་བཅོས་ཀྱི་སྙིགས་རོ། ཉེན་ཡོད་ཀྱི་སྙིགས་རོ་བཅས་གཙང་སེལ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། རྫོང་གྲོང་གི་ཆུ་འདོན་སྒྲིག་བཀོད་རིམ་སྤོར་བསྒྱུར་བཀོད་མུ་མཐུད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཐུང་ཆུ་གཙང་མའི་སྤུས་ཚད་དང་ཆུ་མཁོ་འདོན་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་བསམ་གཞི་དང་ཚད་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་དུ་འགྱིག་བལ་གྲོང་ཁྱེར་དང་ས་འོག་ཕྱོགས་བསྡུས་མདོང་ལམ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ། ཡུལ་བབ་དང་བསྟུན་ནས་བསྐྱར་སྤྱོད་ཆོག་པའི་ཚབ་བྱེད་ནུས་རྒྱུ་དང་དྲོད་ལེན་ཁྱབ་གདལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་སྦྲགས། དྲོད་རླངས་དང་གསོ་རླུང་མཁོ་འདོན་ལག་རྩལ་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྲིན་པོ་རི་སོགས་ས་ཁད་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོའི་བཀོད་སྒྲིག་ཁུལ་འཛུགས་སྐྲུན་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་གནས་སྤོའི་མང་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་དང་དོ་དམ་བྱེད་པའི་ལས་དོན་ཡག་པོ་སྤེལ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཁོར་རྒྱུག་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྡེ་ཁུལ་འཛུགས་སྐྲུན་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་གྲོང་རྡལ་བཅོས་སྐྱོང་བྱེད་རྒྱུ་དེ་མི་ཚང་མར་འགན་འཁྲི་ཡོད་པ་དང་། ཚང་མས་འགན་འཁྲི་འཁུར་བ། ཚང་མས་ལོངས་སུ་སྤྱོད་པ་བཅས་ཀྱི་མཉམ་སྐྲུན་དང་། མཉམ་བཅོས། མཉམ་རོལ་བཅས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པ་བྱེད་རྒྱུ།

    ས་བཅད་གསུམ་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙོ་རྒྱུ་བགོ་སྒྲིག་ལུགས་མཐུན་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་མཉམ་སྤྱོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་དུ་གོང་འཕེལ་གཏོང་བ། གྲོང་གསེབ་ཀྱི་དཔལ་འབྱོར་སྣ་མང་ཅན་དུ་གོང་འཕེལ་གཏོང་བ། ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་བ་བཅས་ལ་ཕན་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་འཛུགས་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙོ་རྒྱུ་རང་མོས་ཐོག་འཁོར་རྒྱུག་བྱེད་པའི་ལམ་བུ་བཤངས་ཏེ་གྲོང་ཁྱེར་དུ་གཞིས་ཆགས་བྱེད་པར་འགོག་རྐྱེན་བཟོ་རིགས་མེད་པ་བཟོ་རྒྱུ། གྲོང་གསེབ་དར་རྒྱས་གཏོང་བར་དངུལ་རྩའི་ཐོག་ནས་ཞབས་ཞུ་སྒྲུབ་པའི་ནུས་པ་ཤུགས་ཆེར་གཏོང་རྒྱུ། གྲོང་གསེབ་ཀྱི་ཐོན་དབང་སྲུང་སྐྱོབ་དང་བརྗེ་རེས་ལམ་ལུགས་ཀྱི་སྒྲོམ་གཞི་སྤྱིའི་ཆ་ནས་ཆགས་པ་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་བྱེད་པའི་མ་ལག་རྒྱུན་ཆད་མེད་པར་ཚགས་ཚུད་དུ་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་མི་འབོར་རིམ་ལྡན་འགྲུལ་བཞུད་དང་གནས་སྤོའི་ལམ་ལུཌ་བཟོས་ཏེ་གྲོང་ཁྱེར་གྲོང་གསེབ་གོང་འཕེལ་གྱི་ཧེ་བག་དང་གྲོང་མིའི་འཚོ་བའི་ཆུ་ཚད་ཀྱི་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་ཀུན་ཕན་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བ་བྱས་ནས་བཟོ་ཞིང་ཕན་ཚུན་དབར་སྐུལ་འདེད་དང་། གྲོང་ཁྱེར་གྲོང་གསེབ་དབར་གསབ་རེས། ཕྱོགས་ཡོངས་ནས་མཉམ་འདྲེས། ཐུན་མོང་ཐོག་དར་རྒྱས་བཅས་ཀྱི་རྣམ་པ་གསར་པའི་བཟོ་ཞིང་གི་གྲོང་ཁྱེར་གྲོང་གསེབ་ཀྱི་འབྲེལ་ལམ་གང་མགྱོགས་ཆགས་པ་བྱེད་རྒྱུ།

    ཆེད་སྒྲོམ་བཞི་པ། གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན།

    རྫོང་ཆེ་གྲས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ།

    གྲོང་ཁྱེར་གྱི་ཆ་འཕྲིན་འདྲ་དཔེའི(CIM)ལས་སྟེགས་བསྐྲུན་རྒྱུ།

    སྲིན་པོ་རི་སོགས་ས་ཁད་མཐོ་བའི་སྐྱེ་ཁམས་གནས་སྤོའི་བཀོད་སྒྲིག་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ།

    ལེའུ་ལྔ་པ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ།

    “ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ“བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུས”གཙོ་དོན་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་འབྲོག་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་བ་དང་། གྲོང་གསེབ་ཏུ་གནས་སྡོད་དང་ལས་ཞུགས་འཚམ་པ། ཞིང་འབྲོག་པ་འབྱོར་ཕྱུག་ལྡན་པ་བཅས་ཡོང་བ་བྱས་ཏེ་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ།

    ས་བཅད་དང་པོ། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ།

    དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་དབར་འབྲེལ་མཐུད་ནུས་ལྡན་བྱས་ནས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་མེད་པའི་ས་ཁུལ་ལ་རོགས་སྐྱོར་བྱེད་སྲོལ་བཟོ་རྒྱུ་དང་སྦྲགས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནང་བཅུག་སྟེ་གཅིག་གྱུར་བཀོད་སྒྲིག་དང་། མཉམ་དུ་སྐུད་འདེད། རྟག་ཏུ་དོན་འཁྱོལ་བཅས་བྱེད་རྒྱུ། ལོ་ལྔ་ཡི་བར་བརྒལ་དུས་ཚོད་ནང“མཚམས་འཇོག་མི་བྱེད་པ་བཞིའི”བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་གྱི་སྒྲིག་འཛུགས་བཀོད་འདོམས་མ་ལག་དང་། སྲིད་ཇུས་ཀྱི་འགན་སྲུང་མ་ལག གཞི་རིམ་གྱི་རྩ་འཛུགས་མ་ལག སྤྱི་ཚོགས་ཡོངས་ཀྱིས་ལམ་སྲོལ་ནང་ཞུགས་རྒྱུ་བརྟན་འཁྱོངས་བྱེད་རྒྱུ། ནོར་སྲིད་དང་། དངུལ་རྩ། ས་ཆ། ཤེས་ལྡན་པ་སོགས་ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་བརྟན་འཁྱོངས་ཐུབ་པ་བྱེད་རྒྱུ། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཡོང་འབབ་འཕར་ཆག་དང་བརྟན་འཁྱོངས་ཡོང་ཚུལ་རྒྱུན་མཐུད་ཤེས་རྟོགས་བྱེད་རྒྱུ། དུས་ཐོག་ཏུ་དབུལ་གྲོལ་བརྟན་པོ་མེད་པ་དང་ཐག་རིང་ལུང་ཁུག་གི་རྐྱེན་པས་དབུལ་པོར་འགྱུར་སླ་བའི་དུད་ཚང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། དེ་བཞིན་ན་ཚ་དང་གནོད་འཚེ། ཐོལ་བྱུང་དོན་རྐྱེན་སོགས་ཀྱི་རྐྱེན་པས་འགྲོ་གྲོན་ཤུགས་ཆེ་གཏོང་དགོས་ངེས་ཡིན་པའམ་ཡོང་འབབ་ཇེ་ཉུང་དུ་སོང་ནས་གཞི་རྩའི་འཚོ་བར་དཀའ་ངལ་འཕྲད་མཁན་དུད་ཚང་ལ་རོགས་སྐྱོར་གང་ཐུབ་བྱས་ཏེ་དབུལ་ལོག་དང་དབུལ་གསར་མི་ཐོན་རྒྱུར་འགན་ལེན་ཏན་ཏིག་བྱེད་རྒྱུ། དབུལ་སྐྱོར་དེ་བློ་སྐྱོར་དང་རིག་སྐྱོར་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་ཞུགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱུན་གཏན་གྱི་ནད་གཞི་དང་རིམས་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་འགན་སྲུང་དང་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་བལྟོས་བཅས་ཀྱིས་དཀའ་ངལ་ཡོད་པའི་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གཅིག་སྡུད་བཀོད་སྒྲིག་ཁུལ་གྱི་ཚང་སྒྲིག་སྒྲིག་བཀོད་དང་། རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། གཅེས་སེམས་འབུལ་བའི་ལམ་སྲོལ་བཙུགས་ཏེ་སྤྱི་ཚོགས་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ། དབུལ་སྐྱོར་ཐོན་ལས་ཀྱི་རྗེས་མཐུད་ལས་གཉེར་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཐོན་ལས་འཁོར་འབྲེལ་ལ་རོགས་སྐྱོར་བྱེད་ཐབས་དང་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ས་གནས་ཀྱི་ཐོན་ཁུངས་སྤུས་ནུས་དང་ཁུལ་ཁོངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་གོང་འཕེལ་ཡག་པའི་ད་ཡོད་ཀྱི་ཐོན་ལས་རྨང་གཞིའི་ཐོག ཁྱད་ལྡན་དང་། སྤུས་ལེགས། ཕྱོད་ཆེ་བཅས་ཀྱི་གྲོང་གསེབ་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་། ཐོན་ལས་ལ་བརྟེན་ནས་དབུལ་གྲོལ་དང་དབུལ་པོར་ཕན་པའི་ནུས་པ་ཤུགས་ཆེར་གཏོང་རྒྱུ། ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་སྟོབས་ཆེར་དང་ལེགས་སུ་བཏང་སྟེ། དབུལ་སྐྱོར་ཐད་ཀྱི“ཆུང་ཞན་ཐོར”གསུམ་གྱི་ཁེ་ལས་མཉམ་སྒྲིལ་བརྒྱུད་སྟོབས་ཆེར་གཏོང་རྒྱུ། འདྲ་མཚུངས་ཆེ་བའི་དབུལ་སྐྱོར་ཐོན་ལས་དང་ཁེ་ལས་བསྐྱར་སྒྲིག་བྱས་ཏེ་སྟོབས་ཆེར་གཏོང་རྒྱུ། ཁྲོམ་རའི་མདུན་ལམ་ཡག་པའི་དབུལ་སྐྱོར་ཐད་ཀྱི་ལེགས་ཆའི་ཁེ་ལས་རིགས་མ་རྩ་ཐོ་འགོད་བྱས་པ་བརྒྱུད་གཞི་ཁྱོན་སྔར་བས་རྒྱ་ཆེར་གཏོང་རྒྱུ། དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དང་རྒྱུ་ནོར་ལ་དོ་དམ་དང་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱུ་ནོར་བརླག་ཤོར་དང་ཧམ་བཟུང་བྱེད་རིགས་སྔོན་འགོག་བྱེད་རྒྱུ། གྲོང་གསེབ་དར་རྒྱས་གཏོང་རྒྱུའི་གཙོ་གནད་དབུལ་སྐྱོར་བྱ་ཡུལ་གྱི་རྫོང་ཁག་གཅིག་ལ་གཅིག་སྡུད་རོགས་སྐྱོར་བྱས་ནས་དབུལ་གྲོལ་མི་འབོར་དང་ཡོང་འབབ་དམའ་བའི་མི་འབོར་གྱི་ཡོང་འབབ་འཕར་སྣོན་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། དབུལ་གྲོལ་ས་ཁུལ་གྱི་དཔལ་འབྱོར་གསོན་ཤུགས་དང་གོང་འཕེལ་གྱི་སྙུགས་ཤེད་ཤུགས་ཆེར་གཏོང་རྒྱུ། སྤྱི་ཚོགས་ཀྱི་སྟོབས་ཤུགས་དབུལ་སྐྱོར་ནང་ཞུགས་པའི་ལམ་སྲོལ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་ལ་ཕྱུག་པོ་ཆགས་རྒྱུར་རོགས་རམ་དང་མཉམ་དུ་ཕྱུག་པོ་ཆགས་པ་བྱ་རྒྱུའི་མཉམ་ཤུགས་ཆེན་པོ་ཆགས་དགོས། དབུལ་སྒྲོལ་གྲོང་ཚོའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་རྒྱག་པ་དང་། གྲོང་གསེབ་དར་རྒྱས་ཀྱི་སྣེ་ཁྲིད་པ་ཡག་པོ་འདེམས་པ་དང་། བདེ་སྤྱོད་ཡག་པོ། དོ་དམ་ཡག་པོ་བཅས་བྱེད་དགོས།

    ས་བཅད་གཉིས་པ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་སྔོན་ལ་གོང་འཕེལ་གཏོང་རྒྱུ།

    ཞིང་འབྲོག་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཞིང་འབྲོག་ལས་ཀྱི་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཞིང་འབྲོག་ལས་གྲངས་འཛིན་ཅན་དུ་འགྱུར་བར་བྱས་ནས་རིག་ནུས་ཅན་གྱི་ཞིང་འབྲོག་ལས་འཛུགས་སྐྲུན་བྱེད་རྒྱུ། དེང་རབས་ཞིང་འབྲོག་ལས་ཀྱི་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་འཛུགས་རྒྱུར་ཤུགས་རྒྱག་རྒྱུ་དང་། དེང་རབས་ཀྱི་འདེབས་འཛུགས་ལས་རིགས་ཤུགས་ཆེར་གཏོང་བའི་ལས་གཞི་ལག་བསྟར་བྱས་ཐོག སོན་མཛོད་དང་རྒྱུད་བཟང་གསོ་སྤེལ་གྱི་རྟེན་གཞི་བསྐྲུན་རྒྱུར་ཤུགས་རྒྱག་རྒྱུ། ནས་དང་སྒོ་ཕྱུགས། སྤུས་ལེགས་གཟན་རྩྭ་སོགས་འདེབས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་སོན་བཟང་ཅན་དུ་འགྱུར་ཤུགས་ཆེ་རུ་གཏོང་རྒྱུ། ཕྱོགས་ཡོངས་ནས་ཞིང་ལས་དང་། འབྲོག་ལས། ནགས་ལས་བཅས་ཀྱི་སོན་སྤུས་ཐོན་ཁུངས་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ཞིང་ལས་ཀྱི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཚད་མཐོའི་ཞིང་ཁ་འཛུགས་སྐྲུན་གྱི་ལས་གྲྭ་ལག་བསྟར་བྱེད་རྒྱུ། ནས་དང་། འབྲི་གཡག བོད་ཕག བོད་ལུག་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རྟེན་གཞི་ཁག་གཅིག་བསྐྲུན་རྒྱུ་དང་། གཟན་རྩྭ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ནས་འདེབས་འཛུགས་བྱེད་པའི་གཞི་ཁྱོན་བརྟན་འཁྱོངས་ཡོང་བ་བྱས་ནས་ཞིང་ཕྱུགས་ཐོན་རྫས་མཁོ་སྤྲོད་བྱེད་པའི་འགན་སྲུང་ནུས་པ་མཐོ་རུ་གཏོང་རྒྱུ། འབྲུ་རིགས་ཐོན་སྐྱེད་ཁུལ་དང་ཁྱད་ལྡན་ལེགས་ཆ་ཆེ་བའི་ཞིང་ལས་ཐོན་རྫས་ཁུལ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་དེང་རབས་ཀྱི་ཞིང་ལས་ཐོན་ལས་སྡེ་གླིང་བསྐྲུན་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཁག་གཅིག་ལ་གཙོ་གནད་ཐོག་རོགས་སྐྱོར་བྱེད་རྒྱུ་དང“ཐོན་གསུམ་དང་རྟགས་གཅིག”གི་ཁས་ལེན་དཔང་འདོན་ལས་དོན་ཏན་ཏིག་སྤེལ་རྒྱུ། དེང་རབས་ཀྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་། མཛོད་ཁང་ནང་སོས་ཉར་བྱེད་པའི་གྲང་ཕྲེང་ཟོག་འགྲུལ་གྱི་སྒྲིག་བཀོད་ཆ་ཚང་དུ་གཏོང་རྒྱུ། ཐོན་རྫས་ཐོན་ཡུལ་གྱི་ཐོག་མའི་ལས་སྣོན་བྱེད་ནུས་མཐོ་རུ་བཏང་སྟེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་དེ་ལོ་རེར་ཆ་སྙོམས་10%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཟོག་འགྲུལ་བགོ་འགྲེམས་དྲ་རྒྱ་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་རྒྱུ་དང་ཚོང་དོན་འཁོར་རྒྱུག་མ་ལག་ཐག་རིང་ཤང་གྲོང་ལ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན་དང་དངོས་གཞིའི་ཚོང་དོན་གྱི་འཁོར་རྒྱུག་ཟུང་འབྲེལ་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་འཕྲལ་སྡོམ་འགན་སྲུང་མ་ལག་དང་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཚན་རིག་དང་མཐུན་པའི་སྒོ་ནས་མཁོ་ཚོང་མཉམ་ལས་ཁང་གི་དྲ་ཚིགས་བཀོད་སྒྲིག་བྱས་ནས་ཞབས་ཞུ་སྒྲུབ་ནུས་དང་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་རྒྱུ།

    གྲོང་གསེབ་འཛུགས་སྐྲུན་གྱི་ལས་འགུལ་སྤེལ་ནས་རྫོང་གྲོང་གི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཤང(གྲོང་རྡལ)དེ་ཞིང་འབྲོག་མང་ཚོགས་ལ་ཞབས་ཞུ་སྒྲུབ་མཁན་གྱི་ལྟེ་གནས་ཤིག་ཏུ་བསྐྲུན་ཐུབ་པ་བྱེད་རྒྱུ། རྫོང་ཁོངས་ཀྱི་གྲོང་ཁྱེར་གྲོང་རྡལ་དང་གྲོང་སྡེ་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་པའི་ཞབས་ཞུ་མཁོ་འདོན་ཇེ་མང་དུ་གཏོང་རྒྱུ་དང་། ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་ཁུལ་གྱི་གསང་སྤྱོད་གསར་བརྗེ་དང་། འཚོ་བའི་གད་སྙིགས་ཐག་གཅོད། བཙོག་ཆུ་གཙང་བསིང་བཅས་ལ་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་མི་འཚོ་སྡོད་ཁོར་ཡུག་ལ་དོ་དམ་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། “ལེགས་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”གང་མགྱོགས་འཛུགས་སྐྲུན་བྱས་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཆ་རྐྱེན་འཛོམས་པའི་སྒྲིག་ཚུད་གྲོང་ཚོ་ཚང་མར་མཁྲེགས་ལམ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་བྱེད་རྒྱུ། ཞིང་དྲ་བསྒྱུར་བཀོད་དང་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་ཚན་རྩལ་རིག་གནས་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་། གྲོང་གསེབ་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཕ་ཡུལ་དུ་ཕྱིར་ལོག་མཁན་གཞོན་ནུ་ཚོས་རྣམ་གསར་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་པར་རོགས་སྐྱོར་དང་སྐུལ་ལྕག་གཏོང་རྒྱུ་དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་སྣེ་འདྲེན་པ་གསོ་སྐྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་སྟེ་ཡུལ་སྲོལ་ཤེས་དཔལ་ལྡན་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ།

    ས་བཅད་གསུམ་པ། རྫོང་ཁོངས་དཔལ་འབྱོར་གང་མགྱོགས་གོང་འཕེལ་གཏོང་རྒྱུ། ལྗོངས་བབ་ཀྱི་ཆ་རྐྱེན་དང་། ཐོན་ལས་རྨང་གཞི། མི་ཤུགས་ཐོན་ཁུངས་བཅས་ལ་དམིགས་ཏེ་རྫོང་ཁོངས་ཀྱི་ཁྱད་ཆོས་མངོན་པར་བྱེད་རྒྱུ་དང་། གནད་ཆེ་དམ་འཛིན་དང་གནད་མེད་ཟུར་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཁྱད་ཆོས་དང་། ལེགས་ཆ། ཁྲོམ་ར། ཕན་འབྲས་བཅས་ལྡན་པའི་རྫོང་ཁོངས་ཀྱི་སྲོག་ཤིང་ཐོན་ལས་སྐྱེད་སྲིང་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་ཐོག་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དང་། རྣམ་གསར་ཞིང་འབྲོག་ལས་གོང་འཕེལ་བཏང་ནས་ཞིང་འབྲོག་ལས་ཀྱི་ཐོན་ལས་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་རྒྱ་སྐྱེད་གཏོང་རྒྱུ། ཆ་རྐྱེན་ཡོད་པའི་རྫོང་ཁག་ཏུ་ཐོན་སྐྱེད་ཀྱི་བར་སྟོངས་བཀོད་སྒྲིག་ནུས་ལྡན་བྱས་ཏེ་ཐོན་ལས་འདུས་གྲུབ་ཁུལ་བསྐྲུན་རྒྱུ་དང་། འདུས་གྲུབ་ཁུལ་དུ་སྣེ་འདྲེན་ཁེ་ལས་ཁག་གཅིག་གཅིག་སྡུད་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ། ས་མཐོའི་སྐྱེ་དངོས་དང་། ཁྱད་ལྡན་ཡུལ་སྐོར་རིག་གནས། འབྱུང་འཕྲོད་ལས་སྣོན། དེང་རབས་ཞབས་ཞུ། མཐའ་མཚམས་ཚོང་དོན་དང་ཟོག་འགྲུལ་སོགས་ཀྱི་ཐོན་ལས་གཙོ་གནད་དུ་གོང་འཕེལ་གཏོང་རྒྱུ། རྫོང་ཁོངས་ཀྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་ལྕག་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། དངུལ་རྩའི་ལས་ཁུངས་དང་བོད་སྐྱོར་མ་དངུལ་ལ་བརྟེན་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་གོང་འཕེལ་འགྲོ་བར་རྒྱབ་སྐྱོར་ཤུགས་ཆེ་བྱེད་རྒྱུ། ཁྲོམ་རའི་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཁྲོད་ཀྱི་དངུལ་རྩའི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་འབྲོག་ཐོན་རྫས་དང་ཞིང་འབྲོག་ཁུལ་གྱི་འཁོར་རྒྱུག་མ་ལག ཁྱིམ་ལས་བཟའ་འཐུང་སོགས་ཀྱི་འཚོ་བའི་ཞབས་ཞུའི་ལས་རིགས་གོང་འཕེལ་འགྲོ་བར་གཙོ་གནད་དུ་རོགས་སྐྱོར་བྱེད་རྒྱུ། རྫོང་ཁོངས་ཀྱི་འཁོར་རྒྱུག་མ་ལག་འཛུགས་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཤེས་ལྡན་པ་དང་ཚན་རྩལ་ལ་བརྟེན་ནས་རྫོང་ཁོངས་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་རྒྱུ། ཕུལ་བྱུང་ཤེས་ལྡན་པ་རྫོང་གྲོང་དུ་བསྐྱོད་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་དེའི་ཐད་ཀྱི་སྲིད་ཇུས་བཟོ་རྒྱུ། སློབ་ཆེན་སློབ་ཐོན་སློབ་མ་དང་། ལག་རྩལ་མི་སྣ། སྨན་དོན་མི་སྣ། སློབ་གསོའི་ཆེད་ལས་མི་སྣ་བཅས་རྫོང་གྲོང་དུ་རང་བརྟེན་ལས་ཞུགས་དང་ལས་ཞུགས་གསར་གཏོད་བྱེད་པར་ཁྲིད་སྟོན་བྱས་ཏེ་རྫོང་གྲོང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་ཀྱི་ཐབས་ཇུས་ལག་བསྟར་བྱས་ནས་ཤེས་ལྡན་པ་བློ་འགུག་དང་། བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་རྒྱུ། རྫོང་ཁོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་ཁྱད་ལྡན་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་རྒྱུའི་སྣེ་ཁྲིད་དེ་འོས་འཚམ་གྱི་མི་འབོར་འདུས་སྡོད་བྱེད་པར་ཁྲིད་སྟོན་བྱེད་རྒྱུ།

    ས་བཅད་བཞི་པ། ཞིང་འབྲོག་ཁུལ་ལ་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ།

    ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་བྱེད་པའི་འཐབ་ཇུས་དོན་འཁྱོལ་བྱས་ཏེ་རྨོ་ཞིང་དང་རྩྭ་རའི་དམར་ཐིག་ནན་པོ་བསྲུངས་ཐོག རྨོ་ཞིང“ཞིང་ལས་མིན་པར་སྒྱུར་རིགས་དང་འབྲུ་རིགས་མིན་པར་སྒྱུར་རིགས”སྔོན་འགོག་མཐའ་གཅིག་ཏུ་བྱེད་རྒྱུ། རྒྱུ་ནོར་བདག་དབང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་གཙོ་རྒྱུ་ཁྲོམ་ར་ཅན་དུ་བགོ་སྒྲིག་བྱེད་རྒྱུས་གཙོ་བོ་བྱས་པའི་གྲོང་ཁྱེར་གྲོང་གསེབ་ཀྱི་གཙོ་རྒྱུ་རང་མོས་ངང་འཁོར་རྒྱུག་ཐུབ་པ་བྱེད་རྒྱུ་དང་། འདྲ་མཉམ་ཐོག་བརྗེ་རེས་བྱེད་རྒྱུ། སྤྱི་པའི་ཐོན་ཁུངས་ལུགས་མཐུན་བཀོད་སྒྲིག་བྱེད་རྒྱུ་བཅས་ལ་སྐུལ་འདེད་གཏོང་རྒྱུ། “ཡུན་རིང་མི་འགྱུར་བ་གསུམ”གྱི་གཞི་རྩའི་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ་ས་ཆ་འགན་གཙང་ལེན་པའི་འབྲེལ་བ་ཡུན་རིང་བརྟན་འཁྱོངས་ཐུབ་པ་བྱེད་རྒྱུ། གྲོང་གསེབ་ས་ཆའི“དབང་གསུམ་ལོགས་སུ་འཛུགས་རྒྱུ”འཐུས་སྒོ་ཚང་དུ་གཏོང་རྒྱུའི་བླང་བྱ་དོན་འཁྱོལ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་རྨོ་ཞིང་དང་རྩྭ་ཐང་གཉེར་སྐྱོང་བྱེད་དབང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་རྒྱུར་ཁྲིད་སྟོན་བྱེད་རྒྱུ། གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་བསྒྱུར་བཅོས་ཀྱི་ཚོད་ལྟ་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ས་ཆ་བསྡུ་ལེན་ལམ་ལུགས་ལ་ཕྱོགས་ཡོངས་ནས་བསྒྱུར་བཅོས་བྱས་ཏེ་ས་ཆ་བསྡུ་སྤྱོད་ཀྱི་ཁ་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྣམ་གསར་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་མཁན་སྐྱོང་སྤེལ་ཤུགས་ཆེ་བྱེད་རྒྱུ་དང་། རྣམ་པ་འདྲ་མིན་དང་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་བྱེད་ལམ་གོང་འཕེལ་གཏོང་རྒྱུ། ས་གནས་དེ་གའི་དོན་དངོས་དང་འཚམ་པའི་ཞིང་རའི་དཔེ་རྣམ་འཚོལ་ཞིབ་བྱས་ནས་ཞིང་དུད་ཆུང་གྲས་དང་དེང་རབས་ཀྱི་ཞིང་ལས་འབྲེལ་མཐུད་འཚམ་པོ་ཡོང་བ་བྱེད་རྒྱུ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་མཉམ་ལས་ཁང་སྟོབས་ཆེར་གཏོང་རྒྱུ་དང་། ཞིང་འབྲོག་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་དང་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་མ་ལག་ཚགས་ཚུད་དུ་བཏང་ནས་ཞིང་འབྲོག་ལས་ཀྱི་འགན་བཅོལ་ཤུགས་ཆེར་གཏོང་རྒྱུ།

    ཆེད་སྒྲོམ་ལྔ་པ། གྲོང་གསེབ་དར་རྒྱས་གཏོང་རྒྱུ། 01 དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ།

    ནས་དང་། འབྲི་གཡག གྲོང་གསེབ་ཡུལ་སྐོར། གློག་རྡུལ་ཚོང་ཟོག་དབུལ་སྐྱོར་སོགས་ཁྱད་ལྡན་དང་། སྤུས་ལེགས། ཕྱོད་ཆེ་བཅས་ཀྱི་གྲོང་གསེབ་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ།

    02 ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་སྔོན་ལ་གོང་འཕེལ་གཏོང་རྒྱུ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞིང་ཕྱུགས་ཐོན་ལས་བཟོ་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་དེ་ལོ་རེར་ཆ་སྙོམས་10%ཡན་འཕར་བ་བྱེད་རྒྱུ།

    03 རྫོང་ཁོངས་དཔལ་འབྱོར།

    ཐོན་ལས་རུབ་འདུས་ཁུལ་བསྐྲུན་ནས་སྣེ་འདྲེན་ཁེ་ལས་ཁག་གཅིག་ཐོན་ལས་རུབ་འདུས་ཁུལ་དུ་གཅིག་སྡུད་བྱེད་པར་རོགས་སྐྱོར་བྱེད་རྒྱུ།

    ལེ་ཚན་གསུམ་པ། འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ།

    ལྗོངས་ཡོངས་ལ་ཁྱབ་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་ཆད་སྐྱོན་གང་མགྱོགས་གསབ་རྒྱུ་དང་། མ་ལག་ཆ་ཚང་བ་དང་། ནུས་ཕྱོད་ཆེ་བ། སྤྱོད་གོ་ཆོད་པ། རིག་ནུས་འབྱུང་འཕྲོད། བདེ་འཇགས་བློས་འཁེལ་བཅས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་རྒྱུ།

    ལེའུ་དྲུག་པ། འགྲིམ་འགྲུལ་ཟོག་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་ཚགས་ཚུད་དུ་གཏོང་རྒྱུ།

    ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ལྟེ་གནས་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རིགས་འདྲ་མིན་གྱི་སྐྱེལ་འདྲེན་བྱེད་སྟངས་སྦྲེལ་མཐུད་འཚམ་པོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་བོད་ནས་ཕྱིར་དོན་ས་དང་ནང་དུ་འཛུལ་སའི་ཕྱོགས་བསྡུས་སྐྱེལ་འདྲེན་བྱེད་ལམ་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུ་མ་ཟད། ཞིང་འབྲོག་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་ཤར་གཏོང་ཐུབ་ཚད་མཐོ་རུ་བཏང་ནས་བདེ་འཇཌ་དང་། སྟབས་བདེ། ཕྱོད་ཆེ། འབྱུང་འཕྲོད། དཔལ་འབྱོར་བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དྲ་རྒྱ་འཛུགས་རྒྱུ།

    ས་བཅད་དང་པོ། ཕྱོགས་མཐའ་ཀུན་ལ་ཁྱབ་པའི་འགྲིམ་འགྲུལ་གྱི་དྲ་རྒྱ་གཏོད་རྒྱུ། ལྕགས་ལམ་དང་། གཞུང་ལམ། མཁའ་ལམ། སྦུག་ལམ། ཆ་འཕྲིན། ཟོག་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་བསྐྲུན་ཤུགས་ཆེ་རུ་བཏང་སྟེ་བོད་ནས་ཕྱིར་དོན་ས་དང་ནང་དུ་འཛུལ་སའི་ཕྱོགས་བསྡུས་སྐྱེལ་འདྲེན་གཞུང་ལམ་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ་དང་། རིགས་འདྲ་མིན་གྱི་སྐྱེལ་འདྲེན་བྱེད་སྟངས་སྦྲེལ་མཐུད་འཚམ་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ། ལྕགས་ལམ་དང་། རིམ་མཐོའི་གཞུང་ལམ། སྐྱེལ་འདྲེན་གནམ་ཐང་བཅས་ཀྱིས་རྐང་འཛིན་བྱེད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མས་གཙོ་རྐང་བྱེད་པའི་ས་ཁོངས་དབར་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་རྒྱུ། གཞུང་ལམ་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱལ་ལམ་དང་ཞིང་ཆེན་ལམ་སོགས་གཞུང་ལམ་ཨ་མས་གཙོ་གནད་བྱེད་པ་དང་གྲོང་གསེབ་གཞུང་ལམ་དང་མཐའ་སྲུང་གཞུང་ལམ་གྱིས་རྨང་གཞི་བྱས་པའི་ནང་ཁུལ་དུ་རྫོང་རིམ་པའི་སྲིད་འཛིན་ཁུལ་དང་། ཤང་གྲོང་རྡལ་དང་དེའི་སྒྲིག་ཚུད་གྲོང་ཚོའི་དབར་ཕན་ཚུན་སྦྲེལ་མཐུད་དང་། ཕྱི་ལོག་ཏུ་མཐའ་འཁོར་གྱི་ཞིང་ལྗོངས་གཞུང་ལམ་དང་ཕན་ཚུན་སྦྲེལ་མཐུད་ཐུབ་པ་བྱས་ནས“གཞུང་བཞི་འཕྲེད་གསུམ་ཤར་བགྲོད་བརྒྱད”ཀྱི་སྒྲོམ་གཞི་གཙོ་བོ་བྱས་པའི་གཞུང་ལམ་འགྲིམ་འགྲུལ་གྱི་སྐྱེལ་འདྲེན་དྲ་རྒྱ་ཆགས་པ་བྱེད་རྒྱུ། ཤང་གྲོང་རྡལ་དང་དེ་བཞིན་གལ་ཆེའི་གནས་ལྗོངས་ཁུལ་དུ་སྤྱིར་བཏང་གི་གཞུང་ལམ་ཨ་མ་ཁྱབ་པ་བྱེད་རྒྱུ། ལྕགས་ལམ་འཆར་འགོད་དང་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ་ལྕགས་ལམ་ཨ་མའི་གཙོ་བོའི་སྒྲོམ་གཞི་ཧུར་ཐག་གཏོད་རྒྱུ། གནམ་ཐང་གི་བྱེད་ནུས་བཀོད་པ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། དེ་བཞིན་ལྕགས་ལམ་དང་སྐམ་ལམ། མཁའ་ལམ་བཅས་མཉམ་དུ་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་ལྟེ་གནས་ལ་གོ་རིམ་ལྡན་པའི་སྐུལ་འདེད་གཏོང་རྒྱུ། དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་གསར་པ་ཁག་གཅིག་འཆར་འགོད་དང་འཛུགས་སྐྲུན་བྱས་ཏེ་ལྷ་ས་འདི་ཉིད་གང་མགྱོགས་རྒྱལ་ཡོངས་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་སུ་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུ། ལྷོ་ཁ་དང་། ཉིང་ཁྲི། གཞིས་རྩེ། ཆབ་མདོ། ནག་ཆུ། མངའ་རིས་སོགས་གྲོང་ཁྱེར་དང་ས་ཁུལ་གྱི་ཕྱོགས་བསྡུས་འགྲུལ་སྐྱེལ་ལྟེ་གནས་དང་ཟོག་སྐྱེལ་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ།

    ས་བཅད་གཉིས་པ། ཕན་ཚུན་སྦྲེལ་མཐུད་ཀྱི་སྐྱེལ་འདྲེན་མྱུར་ལམ་འཛུགས་སྐྲུན་བྱེད་རྒྱུ།

    མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་གཡག་རྔ(ཁྲོན་བོད་མཚམས)ནས་ཉིང་ཁྲི་བར་གྱི་དུམ་བུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། ཡུན་བོད་དང་། ཤིན་བོད་ལྕགས་ལམ་གྱི་གཙོ་གནད་ལམ་དུམ་སོགས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ། ཀྲུང་ནེའི་ལྕགས་ལམ་གཞིས་རྩེ་ནས་སྐྱིད་རོང་དུམ་མཚམས་དང་། མཚོ་བོད་ལྕགས་ལམ་གྱི་གོར་ལྷ་དུམ་བུ། ལྷ་གཞིས་ལྕགས་ལམ་གློག་ཤུགས་ཅན་དུ་བསྒྱུར་བཀོད་བྱེད་རྒྱུ་དང་དེའི་ཕྱི་ངོས་ཚང་སྒྲིག་གློག་འདོན་ལས་གྲྭ་བཅས་ཀྱི་དུས་འགོའི་ལས་ཀ་ཏན་ཏིག་སྤེལ་རྒྱུ། ད་ལྟའི་བོད་ནས་ཕྱིར་དོན་ས་དང་ནང་དུ་འཛུལ་སའི་གཞུང་ལམ་དང་འགག་སྒོའི་གཞུང་ལམ་ཤར་གཏོང་གི་སྤུས་ཚད་མཐོར་གཏོང་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་རྒྱལ་ལམ་དང་ཞིང་ཆེན་ལམ་ཨ་མའི་ལམ་དྲ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལྷ་ས་གོང་དཀར་གནམ་ཐང་གི་གནམ་གྲུ་སྒུག་ཁུལ་བསྒྱུར་བཀོད་རྒྱས་སྐྲུན་བྱེད་རྒྱུ་དང་གནམ་གྲུའི་རྒྱུག་ལམ་གཉིས་པ་གསར་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། ཆབ་མདོའི་སྤོམ་མདའ་གནམ་ཐང་གི་གནམ་གྲུ་སྒུག་ཁུལ་བསྒྱུར་བཀོད་རྒྱས་སྐྲུན་བྱེད་རྒྱུ། གཞིས་རྩེའི་གནམ་ཐང་བསྒྱུར་བཀོད་རྒྱས་སྐྲུན་དང་། ཉིང་ཁྲིའི་སྨན་གླིང་གནམ་ཐང་གི་འཕུར་སྐྱོད་ཁུལ་གྱི་བཤུད་བགྲོད་རྒྱུག་ལམ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། དིང་རི་དང་། སྤུ་ཧྲེང་། ལྷུན་རྩེ་བཅས་ཀྱི་ཡན་ལག་གནམ་ཐང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ།

    ས་བཅད་གསུམ་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་ལ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་ཆ་འཕྲིན་གྱི་དྲ་སྦྲེལ་དང་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཐོག རིགས་འདྲ་མིན་གྱི་སྐྱེལ་འདྲེན་བྱེད་སྟངས་མཉམ་འདྲེས་ཟབ་མོ་དང་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། “མཉམ་སྦྲེལ་དྲ་རྒྱ+འགྲིམ་འགྲུལ་སྟབས་བདེ”དང་“མཉམ་སྦྲེལ་དྲ་རྒྱ+ཕྱོད་ཆེའི་ཟོག་འགྲུལ”ལག་བསྟར་གཏིང་ཟབ་བྱས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ཀྱི་འབྱུང་འཕྲོད་གོང་འཕེལ་ལམ་ལུགས་དང་ཚད་གཞིའི་མ་ལག་འཐུས་ཚང་འཛུགས་རྒྱུ། ཚད་ལྡན་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་གཞི་ལྡན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གོང་འཕེལ་གཏོང་རྒྱུར་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་རྒྱུ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྤྱིར་བཏང་གི་གཞུང་ལམ་ཨ་མ་དང་། གྲོང་གསེབ་གཞུང་ལམ། མཐའ་སྲུང་གཞུང་ལམ། ཆེད་སྤྱོད་གཞུང་ལམ་བཅས་བདག་སྐྱོང་བྱེད་པའི་ཐད་མུ་མཐུད་ཁ་གསབ་འོས་འཚམ་སྤྲོད་རྒྱུ། འགྲུལ་སྐྱེལ་ས་ཚིགས་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་ཚིགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་རྒྱུ་དང་། འབྲེལ་ཡོད་ཀྱི་སྒྲིག་བཀོད་སྒྲིག་ཆས་ཆད་གསབ་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱི་འཕྲལ་སྡོམ་མྱུར་སེལ་སྐྱེལ་འདྲེན་རུ་ཁག་འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ།

    ཆེད་སྒྲོམ་དྲུག་པ། འགྲིམ་འགྲུལ་སྒྲིག་བཀོད།

    01 ལྕགས་ལམ།

    ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ཇེ་མགྱོཌ་སུ་གཏོང་རྒྱུ། ཡུན་བོད་ལྕགས་ལམ་གྱི་གཙོ་གནད་ལམ་དུམ་དང་ཀྲུང་ནེའི་ལྕགས་ལམ་གཞིས་རྩེ་ནས་སྐྱིད་གྲོང་བར་གྱི་དུམ་བུ། མཚོ་བོད་ཀྱི་གོར་ལྷ་དུམ་བུ་དང་ལྷ་གཞིས་ལྕཌ་ལམ་གློག་ཤུགས་ཅན་དུ་བསྒྱུར་བཀོད་བྱེད་རྒྱུ་དང་དེའི་ཕྱི་ངོས་ཚང་སྒྲིག་གི་གློག་འདོན་ལས་གྲྭ་བཅས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུ།

    02 གཞུང་ལམ།

    G318དང་G219དང་དེ་བཞིན་མཉམ་བགྲོད་ལམ་ཐིག་སོགས་གཙོ་བོའི་གཞུང་ལམ་བསྒྱུར་བཀོད་རིམ་སྤོར་བྱེད་རྒྱུ། G6ནག་ཆུ་ནས་ལྷ་སའི་དུམ་བུ་དང་། G4218ལྷ་ས་ནས་གཞིས་རྩེའི་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ།

    03 མཁའ་འགྲུལ།

    ལྷ་ས་གོང་དཀར་གནམ་ཐང་གི་གནམ་གྲུ་སྒུག་ཁུལ་བསྒྱུར་བཀོད་དང་གནམ་གྲུའི་རྒྱུག་ལམ་གཉིས་པ་གསར་སྐྲུན་ཇེ་མགྱོཌ་སུ་གཏོང་རྒྱུ། ཆབ་མདོའི་སྤོམ་མདའ་གནམ་ཐང་གི་གནམ་གྲུ་སྒུག་ཁུལ་བསྒྱུར་བཀོད་རྒྱས་སྐྲུན་བྱེད་རྒྱུ། གཞིས་རྩེའི་གནམ་ཐང་བསྒྱུར་བཀོད་རྒྱས་སྐྲུན་བྱེད་རྒྱུ། ཉིང་ཁྲིའི་སྨན་གླིང་གནམ་ཐང་འཕུར་སྐྱོད་ཁུལ་གྱི་བཤུད་བགྲོད་རྒྱུག་ལམ་འཛུགས་སྐྲུན་བྱེད་རྒྱུ། དིང་རི་དང་། སྤུ་ཧྲེང་། ལྷུན་རྩེ་བཅས་ཀྱི་ཡན་ལག་གནམ་ཐང་འཛུཌ་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ།

    ལེའུ་བདུན་པ། གཏན་འཇགས་དང་ཡིད་རྟོན་རུང་བའི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་འཛུགས་རྒྱུ།

    ཡུལ་བབ་ཀྱི་ལེགས་ཆ་ཆེ་བའི་ནུས་རྒྱུ་གསར་སྤེལ་དང་ལྗོངས་ཕྱིའི་སྤུས་ལེགས་ནུས་རྒྱུ་ནང་འདྲེན་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལྗོངས་ཕྱི་ནང་གི་ནུས་རྒྱུ་ཕན་ཚུན་སྦྲེལ་མཐུད་དང་གསབ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་གློག་ཁུངས་དང་། གློག་དྲ། སྣུམ་རླངས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱས་ནས་ཕྱོགས་བསྡུས་ནུས་རྒྱུའི་འགན་སྲུང་མ་ལག་བརྟན་པོ་འཛུགས་རྒྱུ།

    ས་བཅད་དང་པོ། ཕྱོགས་བསྡུས་ནུས་རྒྱུ་མཁོ་སྤྲོད་བྱེད་ནུས་ཆེ་རུ་གཏོང་རྒྱུ།

    ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་བྱེད་མགྱོགས་སུ་བཏང་ནས་དྭགས་པོ་དང་། སོལ་བ་ལུང་། ཡེར་པ་ཐང་སོགས་ཀྱི་ཆུ་གློག་ས་ཚིགས་སྤྱོད་འགོ་འཛུགས་རྒྱུ་དང་འཁོར་སྐྱོད་ཐུབ་པ་བྱེད་རྒྱུ། ཡར་ཀླུང་གཙང་པོའི་སྨད་རྒྱུད་དང་། རྫ་ཆུའི་སྟོད་རྒྱུད་ཀྱི་བོད་ལྗོངས་དུམ་མཚམས་དང་། ནག་ཆུའི་ཆུ་བོ། གཡུ་ཆུ་སོགས་རྒྱུག་ཁུལ་གྱི་ཆུ་གློག་གསར་སྤེལ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། འབྲི་ཆུའི་སྟོད་རྒྱུད(བོད་ཁྲོན་དུམ་བུ)ཀྱི་དྭངས་གཙང་ནུས་རྒྱུ་ཕྱིར་ཁྲིད་མདོང་ལམ་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུ་དང་། རྫ་ཆུའི་སྟོད་རྒྱུད་ཀྱི་དྭངས་གཙང་ནུས་རྒྱུ་ཕྱིར་ཁྲིད་མདོང་ལམ་འཛུགས་སྐྲུན་བྱེད་པར་ཞིབ་འཇུག་བྱས་ནས་ཀྲུང་ནེའི་གློག་དྲ་སྦྲེལ་མཐུད་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། བོད་ལྗོངས་གློག་དྲའི་གཙོ་རྐང་དྲ་སྒྲོམ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ལྷོ་ནུབ་གློག་དྲ་དང་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་བརྒྱབ་ནས་གཙོ་བོའི་གློག་དྲ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་གྱི་གློག་དྲ་འཛུགས་སྐྲུན་བསྒྱུར་བཀོད་བྱེད་རྒྱུ་དང་གྲོང་གསེབ་ཀྱི་གློག་དྲ་གང་མགྱོགས་བསྒྱུར་བཀོད་རིམ་སྤོར་བྱེད་རྒྱུ། མཚོ་བོད་ཀྱི་སྣུམ་རླངས་མདོང་ལམ་ལས་གཉེར་བྱས་ནས་མཐའ་འཁོར་གཙོ་གནད་ཀྱི་གྲོང་ཁྱེར་གྲོང་རྡལ་ལ་སྣུར་སྲིང་བྱེད་རྒྱུ་དང་བཅོས་སྣུམ་གྲབས་གསོག་གི་རྟེན་གཞི་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུ།

    ས་བཅད་གཉིས་པ། ནུས་རྒྱུའི་གྲུབ་ཆ་ལེགས་སྒྱུར་དང་རིམ་སྤོར་བྱེད་རྒྱུ།

    ནུས་རྒྱུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་བྱས་ནས་དྭངས་གཙང་ནུས་རྒྱུ་གཞི་ཁྱོན་ལྡན་པའི་གསར་སྤེལ་བྱས་ཏེ་དྭངས་གཙང་ནུས་རྒྱུས་གཙོ་བོ་བྱེད་པ་དང་། སྣུམ་རླངས་དང་གཞན་དག་གི་ནུས་རྒྱུ་གསར་པ་ཕན་ཚུན་གསབ་རེས་བྱེད་པའི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་ཆགས་པ་བྱེད་རྒྱུ། ནུས་རྒྱུ་མཁོ་འདོན་དང་འཛད་སྤྱོད་ཀྱི་གྲུབ་ཆ་ལེགས་སུ་བཏང་སྟེ་དྭངས་གཙང་ཐཱན་ཉུང་དང་བདེ་འཇགས་ཕྱོད་ཆེའི་ནུས་རྒྱུ་གོང་འཕེལ་གཏོང་རྒྱུ་དང་། ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་བྱས་ནས་གློག་ནུས་ཚབ་བྱེད་དང་དྭངས་གཙང་ནུས་རྒྱུ་གློག་ཤུགས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུ། དྭངས་གཙང་ནུས་རྒྱུ་རང་སར་བྲིན་འཚོང་བྱེད་པར་སྐུལ་འདེད་བཏང་སྟེ་འགྱུར་རྡོ་མིན་པའི་ནུས་ཁུངས་འཛད་སྤྱོད་ཀྱི་བསྡུར་ཚད་ཆེ་རུ་གཏོང་རྒྱུ། ཚན་རིག་དང་མཐུན་པའི་སྒོ་ནས་འོད་འཆུན་དང་། ས་འོག་ཚ་ནུས། རླུང་གློག འོད་དྲོད་སོགས་ཀྱི་ནུས་རྒྱུ་གསར་པ་གསར་སྤེལ་བྱེད་རྒྱུ། “འོད་འཆུན་+ནུས་གསོག”ལ་ཞིབ་འཇུག་དང་ཚོད་ལྟ་སྤེལ་ཤུགས་མགྱོགས་སུ་གཏོང་རྒྱུ། “ཆུ་དང་། རླུང་། འོད་བཅས་ཕན་ཚུན་གསབ་རེས”བྱེད་ཤུགས་ཆེ་རུ་བཏང་ནས་དྭངས་གཙང་ནུས་རྒྱུ་གསར་སྤེལ་བེད་སྤྱོད་དང་གློག་ རླངས་ཅན་དུ་འགྱུར་བར་བྱེད་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱས་ཏེ་2025ལོར་རྒྱལ་ཁབ་ཀྱི་དྭངས་གཙང་བསྐྱར་སྤྱོད་ནུས་རྒྱུ་བེད་སྤྱོད་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུ།

    ས་བཅད་གསུམ་པ། ཕྱོགས་བསྡུས་ནུས་རྒྱུ་བེད་སྤྱོད་ཀྱི་ལས་ཕྱོད་མཐོ་རུ་གཏོང་རྒྱུ།

    རིག་ནུས་ནུས་རྒྱུའི་མ་ལག་བཙུགས་ཏེ་ནུས་རྒྱུའི་ཁྱབ་ཁོངས་ཡོངས་དང་ལྷུ་ཚིགས་ཡོངས་རིག་ནུས་ཅན་ལ་འགྱུར་བར་སྐུལ་སྤེལ་གང་མགྱོགས་གཏོང་རྒྱུ་དང་། ནུས་རྒྱུའི་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་བྱེད་ཐབས། དོ་དམ་བཅས་རིག་ནུས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། ནུས་རྒྱུ་དེ་འཕྲིན་གཏོང་དང་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་འཛུགས་སྐྲུན་བྱེད་རྒྱུ་དང་གཅིག་གྱུར་བཀོད་སྒྲིག་བྱས་ནས་ནུས་རྒྱུ་ཐོན་སྐྱེད་དང་། སྐྱེལ་འདྲེན། བེད་སྤྱོད། གསོག་ཉར་བཅས་ཀྱི་མ་ལག་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུ་དང་། འདུས་གྲུབ་གསབ་རེས་ཀྱི་ནུས་རྒྱུའི་དྲ་སྦྲེལ་འཛུགས་རྒྱུ། ནུས་རྒྱུ་འཛད་སྤྱོད་ཀྱི་སྤྱི་འབོར་དང་ཤུགས་ཚད་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ནུས་རྒྱུའི་ཟད་ཚད་དམའ་རུ་གཏོང་རྒྱུ་དང་། ནུས་རྒྱུའི་འཛད་སྤྱོད་སྤྱི་འབོར་ལ་ཚོད་འཛིན་ནན་པོ་བྱེད་རྒྱུ། ཚན་རིག་དང་མཐུན་པའི་སྒོ་ནས་ནུས་རྒྱུ་བེད་སྤྱོད་ལུགས་མཐུན་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་ནུས་རྒྱུ་གྲོན་ཆུང་བྱེད་པར་སྐུལ་འདེད་བཏང་ནས་ནུས་རྒྱུ་བེད་སྤྱོད་བྱེད་པའི་ཕན་འབྲས་མཐོ་རུ་གཏོང་རྒྱུ། ནུས་རྒྱུ་འཛད་སྤྱོད་བྱེད་མཁན་ཚན་པས་ནུས་རྒྱུ་གྲོན་ཆུང་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་གཏན་འཇགས་རྒྱུ་ནོར་མ་འཇོག་རྣམ་གྲངས་ཀྱི་ནུས་སྲིར་ཞིབ་བཤེར་དང་ནུས་སྲིར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    ཆེད་སྒྲོམ་བདུན་པ། ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད།

    01 གློག་ཁུངས།

    དྭགས་པོ་དང་། སོལ་བ་ལུང་། ཡེར་པ་ཐང་སོགས་ཀྱི་ཆུ་གློག་ལས་གཉེར་བྱེད་རྒྱུ།

    02 གློག་དྲ།

    གྲོང་ཁྱེར་གློག་དྲ་འཛུགས་སྐྲུན་དང་བསྒྱུར་བཀོད་བྱེད་རྒྱུ་མ་ཟད། གྲོང་གསེབ་ཀྱི་གློག་དྲ་བསྒྱུར་བཀོད་རིམ་སྤོར་བྱེད་རྒྱུ། ཀྲུང་ནེའི་གློག་དྲ་སྦྲེལ་མཐུད་ཀྱི་ལས་གྲྭ་སྤེལ་རྒྱུ།

    ལེའུ་བརྒྱད་པ། བདེ་འཇགས་ཕྱོད་ཆེའི་ཕྱོགས་བསྡུས་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ།

    ཆུའི་ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་། སྲུང་སྐྱོབ་ནུས་ལྡན། བགོ་སྒྲིག་ལུགས་མཐུན་བཅས་བྱེད་རྒྱུ་དང་། ཕྱོགས་ཡོངས་ནས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ། གཙོ་གནད་ལས་གྲྭ་འཛུགས་སྐྲུན་དང་། ཆུའི་ཐོན་ཁུངས་དོ་དམ་བྱས་ཏེ་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་པའི་ལས་ཕྱོད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ།

    ས་བཅད་དང་པོ། ཆུའི་ཐོན་ཁུངས་བགོ་སྒྲིག་བྱེད་སྟངས་ལེགས་སུ་གཏོང་རྒྱུ།

    ཆུའི་ཐོན་ཁུངས་ཀྱི་ཁྱབ་ཚུལ་དང་། ས་དབྱིབས་ས་གཤིས། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཀྱི་དགོས་མཁོར་གཞིགས་ཏེ་ཆུ་བེད་སྒྲིག་བཀོད་ཀྱི་བར་སྟོངས་བཀོད་པ་ལེགས་སུ་གཏོང་རྒྱུ་དང་། གཙོ་གནད་གཙང་པོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་བཀོད་བཟོ་སྒྲིག་དང་ཞིབ་མཆན་ཐོབ་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་རྒྱུ། དབུས་རྒྱུད་རོང་ཁུལ་གྱི་གཙོ་རྐང་ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གྲོག་རོང་ཁུལ་གྱི་ཆུ་འགོ་གསོ་འཁྱོངས་དང་ས་ཆུ་སྲུང་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མཐའ་མཚམས་ས་ཁུལ་གྱི་དམངས་འཚོའི་ཆུ་བེད་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ། ཆུ་འགོའི་ལས་གྲྭ་ཆེ་འབྲིང་ཆུང་གསུམ་དང་ཚང་སྒྲིག་ཞིང་ཆུ་འདྲེན་ཁུལ་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ། ཆུ་སྲི་དང་བཙོག་སྐྱོན་ཉུང་གཏོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་སྤྱོད་བཅད་གྲངས་དང་འགྱུར་ལྡན་ལེགས་སྒྲིག་བྱས་ཏེ་ཞིང་ལས་དང་། བཟོ་ལས། གྲོང་ཁྱེར་གྲོང་རྡལ་སོགས་གཙོ་གནད་ཁུལ་ཁོངས་སུ་ཆུ་གྲོན་ཆུང་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། ཆུའི་ཐོན་ཁུངས་ཟད་གྲོན་གྱི་སྤྱི་འབོར་དང་ཟད་ཚད་གཉིས་ཀར་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་བྱས་ནས་ཚད་འཇལ་སྒྲིག་བཀོད་ཚང་སྒྲིག་འཛུགས་སྐྲུན་དང་། ཆུ་སྲིའི་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ས་ཁོངས་བརྒལ་བའི་གཙང་ཆུའི་ཐོན་ཁུངས་ཀྱི་འཐབ་ཇུས་གྲབས་གསོག་དང་གསར་སྤེལ་བྱེད་ཤུཌ་ཆེ་རུ་གཏོང་རྒྱུ།

    ས་བཅད་གཉིས་པ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་གོང་འཕེལ་གཏོང་རྒྱུ།

    ལ་ལྷོ་དང་། ཤང་ཆུ། མེ་འབར་ཐང་། སྟོད་ཡུལ། བྲག་སྐོར། ཀླུ་ལུང་མཚོ་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ། བསམ་དིའུ་ཆུ་བེད་ལྟེ་གནས་དང་དེའི་ཚང་སྒྲིག་ཞིང་ཆུ་འདྲེན་ཁུལ། བར་རྩེ་དང་རྫོང་ཐང་ཁ་སོགས་གལ་ཆེའི་ཆུ་བེད་ལས་གྲྭའི་གྲ་སྒྲིག་ལས་ཀར་སྐུལ་སྤེལ་བཏང་སྟེ་སྐབས་བསྟུན་གྱིས་ལས་འགོ་འཛུགས་རྒྱུ། སྨན་གླིང་ཆུ་མཛོད་ལས་གྲྭའི་གྲ་སྒྲིག་ལས་ཀར་སྐུལ་སྤེལ་བཏང་སྟེ་སྐབས་བསྟུན་གྱིས་ལས་འགོ་འཛུགས་རྒྱུ། ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་། འབྲི་ཆུ། སྐྱིད་ཆུ། ཉང་ཆུ། སེང་གེ་ཁ་འབབ། ནག་ཆུའི་ཆུ་འགོའི་ཁུལ་སོགས་ཀྱི་གཙོ་གནད་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ཐུབ་པ་བྱེད་རྒྱུ། ཆུ་རྒྱུད་སྦྲེལ་མཐུད་དང་གྲོང་གསེབ་ཀྱི་ཆུ་རྒྱུད་ལ་ཕྱོགས་བསྡུས་བཅོས་སྐྱོང་ཧུར་ཐག་བྱེད་རྒྱུ། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བསོད་ནམས་འགག་སྒོ་ནས་ཟངས་རིའི་ཆུ་བོ་བར་གྱི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ། ཆུ་མཛོད་འབྲིང་ཆུང་དང་ཉེན་ཆེའི་ཆུ་མཛོད་ཀྱི་ཉེན་སེལ་བརྟན་གཏོང་ལས་གྲྭ་སྤེལ་རྒྱུ། གཙོ་གནད་གཙང་ཆུ་རྒྱུག་མཚམས་དང་གཙང་པོ་རྒྱུག་ཁུལ་འབྲིང་ཆུང་ལ་བཅོས་སྐྱོང་དང་། གྲོང་ཁྱེར་གྱི་འབྲུབ་འགོག་ལས་གྲྭའི་འཛུགས་སྐྲུན། ཤཱ་འོད་གནོད་འཚེ་འགོག་བཅོས་བཅས་ལ་མུ་མཐུད་སྐུལ་སྤེལ་གཏོང་རྒྱུ། ཆུ་བེད་ལས་གྲྭའི་སྒྲིག་བཀོད་བེད་སྤྱོད་བྱེད་པར་དོ་དམ་དང་ཉམས་གསོ་བདག་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རིག་ནུས་ཆུ་བེད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ཆུ་བེད་ལས་གྲྭའི་ཕན་འབྲས་ཆེ་རུ་གཏོང་རྒྱུ།

    ས་བཅད་གསུམ་པ། གྲོང་ཁྱེར་གྲོང་གསེབ་ཀྱི་ཆུ་མཁོ་འདོན་བྱེད་ནུས་ཆེ་རུ་གཏོང་རྒྱུ།

    གྲོང་ཁྱེར་གྲོང་གསེབ་ཀྱི་ཆུ་མཁོ་འདོན་བྱེད་སྟངས་ལེགས་བཅོས་བྱེད་རྒྱུ་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་ཆུ་མཁོ་འདོན་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་རྒྱུ། གྲོང་གསེབ་ཀྱི་འཐུང་ཆུའི་ལས་གཞི་ཉམས་བཟོ་དང་བདག་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་ཆུ་མཁོ་འདོན་བྱེད་པའི་བདེ་འཇགས་འགན་སྲུང་བྱེད་ཚད་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་ཁུལ་གྱི་བཀོད་པ་ལེགས་སུ་གཏོང་རྒྱུ་དང་། ཆུ་འགོ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་ཆུ་འགོའི་ཆུ་སྤུས་ལ་ཕྱོགས་ཡོངས་ནས་ལྟ་དཔྱད་ཚད་ལེན་བྱེད་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་འཐུང་ཆུ་འདྲེན་གཏོང་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་སྤྱོད་ཆུའི་སྤུས་ཚད་ཡག་ཏུ་གཏོང་རྒྱུ། གཞི་ཁྱོན་ལུགས་མཐུན་དང་ཚད་གཞི་འོས་འཚམ་གྱི་འཕྲལ་སྡོམ་ཐན་འགོག་གི་ཆུ་འགོའི་ལས་གཞི་འཛུགས་སྐྲུན་བྱས་ནས་གྲོང་ཁྱེར་གྲོང་རྡལ་གྱི་འཕྲལ་སྡོམ་གྲབས་སྤྱོད་ཀྱི་ཆུ་འགོ་བཟོ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    ཆེད་སྒྲོམ་བརྒྱད་པ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད།

    01 ཆུ་འདྲེན་ཁུལ།

    ཤང་ཆུའི་ཆུ་མཛོད་ཀྱི་ཚང་སྒྲིག་ཆུ་འདྲེན་ཁུལ་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུ།

    02 ཆུ་མཛོད་ལས་གྲྭ།

    ལ་ལྷོ་དང་། ཤང་ཆུ། མེ་འབར་ཐང་། སྟོད་ཡུལ། བྲག་སྐོར། ཀླུ་ལུང་མཚོ་སོགས་ཀྱི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ། བར་རྩེ་དང་། རྫོང་ཐང་ཁ། བཟང་དེའུ་སོགས་ཀྱི་ཆུ་མཛོད་ཆེ་གྲས་ཀྱི་སྔོན་འགྲོའི་ལས་ཀར་སྐུལ་སྤེལ་བཏང་ནས་སྐབས་བསྟུན་ལས་འགོ་འཛུགས་རྒྱུ།

    03 འབྲུབ་འགོག་གེགས་སེལ།

    གྲོང་ཁྱེར་གྱི་འབྲུབ་འགོག་དང་། གཙང་པོ་འབྲིང་ཆུང་བཅོས་སྐྱོང་། ཤྭ་འོད་ཀྱི་གནོད་འཚེ་འགོག་བཅོས་བཅས་བྱེད་རྒྱུ།

    04 ཆུ་འགོའི་ལས་གཞི།

    ཆུ་འགོའི་ཁུལ་སྲུང་སྐྱོབ་བྱེད་རྒྱུ་དང་འཕྲལ་མཁོའི་ཆུ་འགོ་ཁུལ་འཛུགས་སྐྲུན་བྱེད་རྒྱུ།

    ལེའུ་དགུ་པ། རྣམ་གསར་རྨང་གཞིའི་སྒྲིག་བཀོད་ཉེར་སྤྱོད་ཀྱི་བཀོད་པ་བཟོ་མགྱོགས་སུ་གཏོང་རྒྱུ།

    རྩེ་རིམ་ཇུས་འགོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས“གྲངས་འཛིན་གོ་སྐབས”དམ་འཛིན་བྱས་ཐོག མཁོ་དགོས་ཀྱིས་སྣེ་འདྲེན་བྱེད་པ་དང་ཉེར་སྤྱོད་ཀྱིས་གཙོ་གནད་བྱས་ཏེ་རྣམ་གསར་རྨང་གཞིའི་སྒྲིག་བཀོད་ཀྱི་བཀོད་པ་ལུགས་མཐུན་བཟོ་རྒྱུ་དང་སྦྲགས། “བློ་རིག་བོད་ལྗོངས”དང་“གྲངས་འཛིན་བོད་ལྗོངས”ཀྱི་ལས་འགུལ་འཆར་གཞི་སྤེལ་ཐོག གྲངས་འཛིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    ས་བཅད་དང་པོ། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གང་མགྱོཌ་འཛུཌ་སྐྲུན་བྱེད་རྒྱུ།

    5Gདང་། གྲངས་འཛིན་ལྟེ་གནས། མི་ཐབས་རིག་ནུས། བཟོ་ལས་མཉམ་འབྲེལ་དྲ་རྒྱ། ཟོག་འབྲེལ་དྲ་རྒྱ་སོགས་རྣམ་གསར་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་བཀོད་པ་ལུགས་མཐུན་བཟོས་ནས་རབས་གསར་པའི་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་རྒྱུ། རྐང་འཛིན་བརྒྱུད་གཏོང་དྲ་རྒྱའི་ཤོང་ཚད་ཆེ་རུ་བཏང་སྟེ་IPV6ཉེར་སྤྱོད་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ། འོད་འཆུན་གྱི་ཆན་ཀྲའོ་དྲ་ཆེན་འཛུགས་རྒྱུར་སྐུལ་སྤེལ་བཏང་སྟེ་མྱུར་མགྱོགས་འོད་འཆུན་དྲ་ཆེན་གྲོང་ཁྱེར་གྲོང་གསེབ་ཡོངས་ལ་ཁྱབ་པ་བྱེད་རྒྱུ། སྲུང་སྐར་འཕྲིན་གཏོང་ཁྱབ་གདལ་དང་བེད་སྤྱོད་ཤུགས་ཆེ་བྱེད་རྒྱུ་དང་། མཐའ་མཚམས་ས་ཁུལ་ལ་སྒུལ་འཁྱེར་འཕྲིན་གཏོང་དྲ་རྒྱ་ཁེབས་པར་བྱེད་པའི་ལས་གཞིར་སྐུལ་སྤེལ་བཏང་སྟེ་འཕྲིན་གཏོང་གི་བརྡ་རྟགས་ཚང་མར་ཁྱབ་པ་བྱེད་རྒྱུ། ལྷ་སའི་རྒྱལ་སྤྱིའི་འཕྲིན་གཏོང་འཛུལ་ཐོན་འགག་སྒོ་ཅུད་འཛུགས་རྒྱུ་མ་ཟད། དེ་མཚུངས་ཀྱི་འཛུལ་ཐོན་འགག་སྒོའི་དྲ་ཆེན་སྒྲིག་སྦྱོར་བྱེད་རྒྱུ། 5Gདྲ་རྒྱ་འཛུགས་རྒྱུ་དང་བེད་སྤྱོད་གོང་འཕེལ་གཏོང་རྒྱུ་ཇེ་མགྱོགས་སུ་བཏང་ནས་ཟོག་འབྲེལ་དྲ་རྒྱའི་ཁྱབ་བཀོད་ལ་སྐུལ་སྤེལ་གཏོང་རྒྱུ། བར་སྟོངས་དང་། ནམ་མཁའ། ས་གཞི་བཅས་གསུམ་གཞི་གཅིག་ཅན་གྱི་སྲུང་སྐར་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ་ལྷ་སས་ལྟེ་བའི་འབྲེལ་ཚིགས་བྱས་པའི་བོད་ལྗོངས་ས་མཐོའི་གཞི་གྲངས་ཆེ་མོའི་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ། ཡོངས་ཁྱབ་དང་། མགྱོགས་མྱུར། བརྟན་པོ་བཅས་ཀྱི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་དང་། མི་འབོར་དང་། ཁྲིམས་ཚན། ས་ཁམས། ཡིད་རྟོན། གཞི་ཆེའི་དཔལ་འབྱོར་བཅས་ཀྱི་རྨང་གཞིའི་གཞི་གྲངས་ཐོ་མཛོད་འཐུས་སྒོ་ཚང་དུ་བཏང་ནས་གཞི་གྲངས་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག མཉམ་སྤྱོད་སྒོ་དབྱེའི་གཞི་གྲངས་ཀྱི་ཐོན་ཁུངས་མ་ལག་གཏོད་རྒྱུ།

    ས་བཅད་གཉིས་པ། དྲ་རྒྱའི་ཆ་འཕྲིན་ལག་རྩལ་བེད་སྤྱོད་བྱེད་མགྱོགས་སུ་གཏོང་རྒྱུ།

    “མཉམ་སྦྲེལ་དྲ་རྒྱ+”གྱི་ལས་འགུལ་ཡག་པོ་སྤེལ་ནས“གྲངས་འཛིན་བོད་ལྗོངས”འཛུགས་སྐྲུན་བྱེད་རྒྱུ། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་། གྲོང་ཁྱེར་དོ་དམ། དམངས་འཚོ་འགན་སྲུང་། སྲུང་སྐར་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད། འཕྲལ་མཁོའི་མྱུར་སྐྱོབ་བཀོད་འདོམས། གནོད་འཚེའི་ཉེན་ཟོན་སྔོན་བརྡ་སོགས་གལ་ཆེའི་ཆ་འཕྲིན་ལས་གཞི་ལག་བསྟར་བྱེད་རྒྱུ། གློག་རྡུལ་སྲིད་དོན་དྲ་རྒྱའི་ཐེག་ནུས་དང་ཁེབས་རྒྱ་ཆེ་རུ་བཏང་ནས་ལྗོངས་ཡོངས་སུ་གཅིག་གྱུར་ཅན་གྱི་རྨང་གཞིའི་སྤྲིན་རྩིས་ལས་སྟེགས(ཐེངས་གཉིས་པ)དང་སྲིད་དོན་གྲངས་གཞི་མཉམ་སྤྱོད་སྒོ་དབྱེའི་ལས་སྟེགས་བཙུགས་ཏེ་སྲིད་དོན་གྲངས་གཞི་མཉམ་འདུས་དང་། རྒྱུན་འཁོར། བེད་སྤྱོད་བཅས་ཐུབ་པ་བྱེད་རྒྱུ། གྲངས་གཞིའི་ཐོན་ཁུངས་སྒྲིལ་སྤྱོད་བྱས་ནས་ཞིང་འབྲོག་ལས་ཀྱི་ཟོག་འབྲེལ་དྲ་རྒྱ་བེད་སྤྱོད་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། བཟོ་ལས་དྲ་འབྲེལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་བཙུགས་ཏེ་ཞིང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ། རྒྱང་བསྟེན་སྨན་བཅོས་ཞབས་ཞུ་དང་དམངས་ཀྱི་བདེ་ཐང་ཆ་འཕྲིན་ལས་སྟེགས་འཛུགས་རྒྱུ་དང་། སྨན་རྫས་རིག་ནུས་ལྟ་སྡོམ་མ་ལག་གང་མགྱོགས་འཛུགས་རྒྱུ། “བོད་ལྗོངས་སློབ་གསོའི་ཇོ་རིའི་དར་སྤྲིན”ལས་གཞི་སྤེལ་རྒྱུ། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་དེ་ཆ་འཕྲིན་ཅན་དུ་འགྱུར་བ་བྱེད་རྒྱུ། སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་སྒྲིལ་སྤྱོད་དང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། བོད་སྐད་ཡིག་རང་འགུལ་ངོས་འཛིན་བྱེད་པའི་ལག་རྩལ་ཞིབ་འཇུག་དང་། གསར་སྤེལ། བེད་སྤྱོད་བཅས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་མཉམ་འདྲེས་ཟབ་མོ་དང་བེད་སྤྱོད་ཡག་པོ་ཡོང་ཐུབ་པ་བྱེད་རྒྱུ།

    ཆེད་སྒྲོམ་དགུ་པ། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད།

    01 ཆ་འཕྲིན་ཅན་གྱི་ལས་གཞི།

    ལྷ་ས་རྒྱལ་སྤྱིའི་འཕྲིན་གཏོང་འཛུལ་ཐོན་འགག་སྒོ་ཅུད་འཛུགས་རྒྱུ་མ་ཟད། དེ་མཚུངས་ཀྱི་འཛུལ་ཐོན་འགག་སྒོའི་དྲ་ཆེན་སྒྲིག་སྦྱོར་བྱེད་རྒྱུ། འོད་འཆུན་གྱི་ཆན་ཀྲའོ་དྲ་རྒྱ་དང་། 5Gདྲ་རྒྱ། གཞི་གྲངས་ཆེ་མོའི་ལྟེ་གནས་བཅས་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ། ལྗོངས་ཡོངས་སུ་གཅིག་གྱུར་ཅན་གྱི་རྨང་གཞིའི་སྤྲིན་རྩིས་ལས་སྟེགས(དུས་ཐེངས་གཉིས་པ)དང་། སྲིད་དོན་གྲངས་གཞི་ཆེ་མོའི་ལྟེ་གནས། སྲིད་དོན་གྲངས་གཞི་མཉམ་སྤྱོད་བརྗེ་རེས་ལས་སྟེགས། བཟོ་ལས་དྲ་འབྲེལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་བཅས་འཛུགས་སྐྲུན་བྱེད་རྒྱུ། གཞི་གྲངས་བཅོས་སྐྱོང་ལས་གཞི་དང་། སྲུང་སྐར་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཆ་འཕྲིན་ལས་གཞི། མཐའ་མཚམས་ས་ཁུལ་ལ་སྒུལ་འཁྱེར་འཕྲིན་གཏོང་དྲ་རྒྱ་ཁེབས་པའི་ལས་གཞི་བཅས་ལག་བསྟར་བྱེད་རྒྱུ།

    02 ཆ་འཕྲིན་ཅན་གྱི་ཆུ་ཚད།

    ཆ་འཕྲིན་ཅན་གྱི་གོང་འཕེལ་སྟོན་གྲངས་86ཡན་ཟིན་པ་བྱེད་རྒྱུ་དང་། སྤྱི་ཡོངས་ཀྱི་ཆུ་ཚད་དེ་ནུབ་རྒྱུད་ཀྱི་ཆུ་ཚད་འབྲིང་ཙམ་ལ་སླེབས་ཐུབ་པ་བྱེད་རྒྱུ།

    ལེ་ཚན་བཞི་པ། གསར་གཏོད་ཀྱིས་འདེད་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཀ་ལེགས་སུ་གཏོང་རྒྱུ།

    དཔལ་འབྱོར་གོང་འཕེལ་གཏོང་བའི་དམིགས་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་དང་། དཔལ་འབྱོར་གྱི་མ་ལག་ལེགས་གཏོང་དང་། ཐོན་ལས་ཀྱི་རྨང་གཞིའི་རིམ་པ་མཐོར་འདེགས། ཐོན་ལས་ཀྱི་འཁོར་སྦྲེལ་དེང་རབས་ཅན་དུ་འགྱུར་བ་བཅས་བྱས་ཏེ་དཔལ་འབྱོར་གྱི་སྤུས་འབྲས་དང་ལྟེ་བའི་འགྲན་རྩོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    ལེའུ་བཅུ་པ། ཚན་རྩལ་གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ།

    དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཁྲོད་གསར་གཏོད་ཀྱི་གཙོ་རྐང་གནས་བབ་མཐའ་འཁྱོངས་བྱས་ཏེ་ཚན་སློབ་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་དང་། གསར་གཏོད་ཀྱིས་གོང་འཕེལ་ལ་འདེད་སྐུལ་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་རྒྱུ། ཚན་རྩལ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོ། གལ་ཆེའི་དགོས་མཁོར། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་བཅས་ལ་ཁ་ཕྱོགས་ནས་ས་མཐོར་འཕྲོད་པའི་འགག་རྩའི་ལག་རྩལ་འགག་སྒྲོལ་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་སྟོབས་ཆེའི་ཁུལ་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ།

    ས་བཅད་དང་པོ། ཁུལ་ཁོངས་མཉམ་ལས་དང་གསར་གཏོད་ཀྱི་དྲ་རྒྱ་གཏོད་རྒྱུ།

    ཁུལ་ཁོངས་གསར་གཏོད་ཀྱི་བཀོད་པ་ལེགས་སུ་བཏང་སྟེ་གཙོ་གནད་དུ་ཚན་རྩལ་གསར་གཏོད་དང་བསྒྱུར་བཅོས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། གསར་གཏོད་འདུས་གྲུབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་བཏང་ནས་ཚན་ཞིབ་ཁང་དང་མཐོ་རིམ་སློབ་གླིང་གིས་རྐང་འཛིན་བྱས་པའི་ཤེས་བྱའི་གསར་གཏོད་མ་ལག་འཛུགས་རྒྱུ། རྒྱལ་ཁབ་ཀྱི་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས(བོད་ལྗོངས་ཡན་ལག་ལྟེ་གནས)དང་། མཚོ་བོད་ས་མཐོའི་ཚན་ཞིབ་ལྟེ་གནས། དྭངས་གཙང་ནུས་རྒྱུའི་ལག་རྩལ་གསར་གཏོད་ལྟེ་གནས། བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ལྟེ་གནས། གསོ་རིག་ནད་ཐོག་ཞིབ་འཇུག་ལྟེ་གནས་བཅས་འཛུགས་སྐྲུན་བྱེད་རྒྱུ། མཚོ་བོད་ས་མཐོའི་ས་གོ་ལའི་མ་ལག་ཚན་རིག་གི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བོད་ལྗོངས་སུ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན། སྐྱེ་ཁམས། ནས། འབྲི་གཡག་སོགས་ཀྱི་ཁྱབ་ཁོངས་སུ་ཞིང་ཆེན་དང་པུའུ། ཞིང་ཆེན་དང་ཚན་རིག་ཁང་མཉམ་དུ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། མཚོ་བོད་ས་མཐོའི་ཚན་རིག་གི་གཞི་གྲངས་ལྟེ་གནས་བོད་ལྗོངས་ཡན་ལག་ལྟེ་གནས་བཙུགས་ཏེ་ས་མཐོའི་ཁྱད་ཆོས་འབུར་དུ་མངོན་པ་དང་གསར་གཏོད་བྱེད་ཤུགས་ཆེ་ཙམ་ལྡན་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་། རྒྱལ་ཁབ་ཀྱི་ཞིབ་དཔྱད་ལྟེ་གནས། ཐོན་ལས་ལག་རྩལ་གསར་གཏོད་མཉམ་འབྲེལ་ཚོགས་པ་བཅས་ཧུར་ཐག་འཛུགས་རྒྱུ། རྒྱལ་ཁབ་རིམ་པའི་གསར་གཏོད་ལས་སྟེགས་ཀྱི་ཡན་ལག་ལས་ཁུངས་བོད་དུ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་ལག་རྩལ་གསར་གཏོད་ལྟེ་གནས་སོགས་གསར་གཏོད་ལས་སྟེགས་གོང་འཕེལ་གཏོང་རྒྱུ། མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དང་། ཞིང་ལས་ཚན་རྩལ་སྡེ་གླིང་། ཚན་རྩལ་འབྲས་བུ་དངོས་གྱུར་གྱི་དཔེ་སྟོན་རྟེན་གཞི། རྒྱུན་མཐུད་གོང་འཕེལ་གྱི་ཚོད་ལྟའི་ཁུལ་བཅས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ། ཀྲུང་དབྱང་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར(ཁེ་ལས)གྱི་ཚན་རྩལ་གསར་གཏོད་ཐོན་ཁུངས་བརྩོན་ལེན་ཧུར་ཐག་བྱས་ནས་ཚན་རྩལ་བོད་སྐྱོར་གྱི་རྣམ་པ་གསར་པ་གཏོད་རྒྱུ། རང་སྐྱོང་ལྗོངས་དང་ས་གནས(གྲོང་ཁྱེར)ཀྱི་ཕྱོགས་མང་ཚན་རྩལ་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་བཟོས་ནས་ཐོན་ཁུངས་སྒྲིལ་སྤྱོད་དང་སྒྲིག་སྦྱོར་གང་ལེགས་བྱེད་རྒྱུ།

    ས་བཅད་གཉིས་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་རྒྱག་རྒྱུ།

    ཚན་རྩལ་ལ་ཁ་ཕྱོགས་ནས་རྩེར་སོན་ལག་རྩལ་དང་ཉེར་སྤྱོད་རྨང་གཞིར་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་བྱས་ཏེ་གལ་ཆེའི་ཆེད་གཉེར་རྣམ་གྲངས་དང་། ཁུལ་ཁོངས་གསར་གཏོད་དང་གོང་འཕེལ་མཉམ་འབྲེལ་ཐེབས་རྩ། རང་བྱུང་ཚན་རིག་ཐེབས་རྩ། རྟེན་གཞི་འཛུགས་སྐྲུན་དང་ཤེས་ལྡན་པ་གསོ་སྐྱོང་འཆར་གཞི་བཅས་སྣ་མང་མ་འཇོག་གི་མ་ལག་འཛུགས་རྒྱུ་དང་། འཐབ་ཇུས་རང་བཞིན་དང་སྔོན་འགྲོའི་རང་བཞིན་ལྡན་པའི་གལ་ཆེའི་རྣམ་གྲངས་ཁག་གཅིག་སྔོན་ཚུད་དུ་བཀོད་སྒྲིག་བྱེད་རྒྱུ། རྨང་གཞི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞི་ཞིབ་འཇུག་བྱེད་པར་རྒྱུན་མཐུད་ཤུགས་སྣོན་རྒྱག་རྒྱུ། ཚན་རྩལ་གསར་གཏོད་ཀྱི་གལ་ཆེའི་ལས་སྟེགས་བཀོད་སྒྲིག་བྱས་ནས་གསར་གཏོད་བྱེད་མཁན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ། རང་བརྟེན་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཚན་རྩལ་གསར་གཏོད་བྱེད་མཁན་ཁེ་ལས་ཀྱི་མ་དངུལ་བསྡུ་རྒྱུག་ཁོར་ཡུག་ལེགས་སུ་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་ཁེ་ལས་གོང་འཕེལ་གཏོང་རྒྱུ། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་ནས་རྩེར་སོན་ལག་རྩལ་དང་ཉེར་སྤྱོད་རྨང་གཞིར་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་། ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་། བོད་ལུགས་གསོ་རིག འབྱུང་འཕྲོད་འཛུགས་སྐྲུན་རྒྱུ་ཆ། མི་རིགས་ལག་ཤེས་བཟོ་ལས་སོགས་ལས་རིགས་ལག་རྩལ་ཚད་ལྡན་བཟོ་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་རྒྱུ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། བོད་ལུགས་གསོ་རིག ས་མཐོའི་གསོ་རིག སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་བྱེད་པའི་ཆུ་ཚད་དེ་རྒྱལ་ནང་དང་རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་ལ་སླེབས་པ་བྱེད་རྒྱུ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་འཐབ་ཇུས་ཀྱི་དགོས་མཁོ་ལྟར་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་གི་རྟོག་ཞིབ་ཐེངས་གཉིས་པ་དང་། དེ་བཞིན་གྲོང་གསེབ་དར་རྒྱས་དང་། སྐྱེ་ཁམས་དཔལ་ཡོན། ཁྲོན་བོད་ལྕགས་ལམ། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་སོགས་ལ་དམིགས་ཏེ་ཆེད་གཉེར་རྣམ་གྲངས་གལ་ཆེན་དང་ཁུལ་ཁོངས་གོང་འཕེལ་གྱི་མཉམ་འབྲེལ་ཐེབས་རྩས་གཞི་རྟེན་བྱས་པའི་ལྗོངས་ནང་ཁུལ་གྱི་ཚན་ཞིབ་སྟོབས་ཤུགས་ནང་འདྲེན་བྱེད་རྒྱུ་དང་། གཙོ་གནད་ལག་རྩལ་འགག་སྒྲོལ་དང་ཁ་སྒྱུར་བེད་སྤྱོད་བྱེད་རྒྱུ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་དམིགས་ནས་བོད་ལུགས་གསོ་རིག་དང་། ས་མཐོའི་གསོ་རིག སྤྱི་པའི་བདེ་འཇགས། ཁོར་ཡུག་གཙང་མ་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་བྱེད་རྒྱུར་གཙོ་གནད་དུ་སྐུལ་འདེད་བཏང་སྟེ་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་རྒྱུ།

    ས་བཅད་གསུམ་པ། ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཚན་རྩལ་ཞབས་ཞུའི་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་སྔོན་སྤེལ་དཔེ་མཚོན་ཁུལ་འཛུགས་རྒྱུ། ཐོན་སློབ་ཞིབ་གསུམ་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་དང་ཚན་རྩལ་འབྲས་བུ་དངོས་སྒྱུར་གྱི་ཐེབས་རྩ་བཙུགས་ནས་ཤེས་བྱའི་བདག་དབང་དང་ཁྲོམ་རའི་འགྲན་རྩོད་ཆེ་ལ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ནུས་པ་མངོན་གསལ་དོད་པ་བཅས་ཀྱི་ཚན་རྩལ་འབྲས་བུ་དངོས་སྒྱུར་ཁག་གཅིག་ལག་བསྟར་བྱེད་རྒྱུ། ཚན་རྩལ་རྣམ་པའི་ཁེ་ལས་གཉེར་སྐྱོང་ལས་གྲྭ་ལག་བསྟར་བྱས་ཏེ“སྲིད་ཐོན་སློབ་ཞིབ”བཞིའི་ནུས་པར་བརྟེན་ནས་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་དངོས་སྒྱུར་གྱི་ལས་སྟེགས་འཛུགས་རྒྱུ་དང་།

    ཆུ་ཚད་མཐོ་བའི་ཆེད་ལས་ཅན་གྱི་ཞབས་ཞུའི་ལས་ཁུངས་ཁག་གཅིག་འཛུགས་རྒྱུ། ཚན་རྩལ་གྲུབ་འབྲས་དངོས་སྒྱུར་གྱི་ཆེད་ལས་དཔུང་ཁག་དང་། ལག་རྩལ་བར་གཉེར་བ། སྤྱི་གཉེར་བ་བཅས་ཁག་གཅིག་གསོ་སྐྱོང་བྱེད་རྒྱུ། རྒྱལ་ཁབ་ཀྱི་ལག་རྩལ་ཕྱོགས་སྒྱུར་བོད་ལྗོངས་ལྟེ་གནས་བསྐྲུན་རྒྱུར་ཤུགས་བརྒྱབ་སྟེ་དྲ་ཐོག་གི་ལག་རྩལ་སྤེལ་རེས་བྱེད་པའི་ལས་སྟེགས་འཛུགས་རྒྱུ། ཚན་རྩལ་གྲུབ་འབྲས་ཀྱི་ཆ་འཕྲིན་བསྡུ་འགྲེམས་ལ་སྐུལ་འདེད་བཏང་ནས་མཁོ་སྤྲོད་འབྲེལ་མཐུད་དང་། ཆ་འཕྲིན་མཉམ་སྤེལ། ཐོན་ཁུངས་མཉམ་སྤྱོད་བཅས་བྱེད་རྒྱུ། དུས་ཐེངས་གཉིས་པའི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་འགན་སྲུང་ཡག་པོ་བྱས་ཏེ་ཚན་རྩལ་གྲུབ་འབྲས་དངོས་སྒྱུར་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ།

    ས་བཅད་བཞི་པ། ཚན་རྩལ་གསར་གཏོད་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ཚན་རྩལ་གསར་གཏོད་ཀྱི་གྲོས་མོལ་མཉམ་ལས་བྱེད་སྲོལ་བཟོས་ནས་གསར་གཏོད་བྱེད་མཁན་དབར་མཐུན་སྦྱོར་དང་མཉམ་སྒུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དྲང་ཕྱོགས་ཀྱི་སྐུལ་ལྕག་བྱེད་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཤེས་ལྡན་པའི་གསར་གཏོད་གསོན་ཤུགས་འཕེལ་བ་བྱེད་རྒྱུ། ཤེས་ལྡན་པའི་དཔྱད་གདེང་ལམ་སྲོལ་དང་། སྐོར་སྐྱོད་ལམ་སྲོལ། སྐུལ་ལྕག་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་ཐུབ་པ་བྱེད་རྒྱུ། ཚན་རྩལ་དོ་དམ་སྡེ་ཚན་གྱི་འགན་ནུས་དེ་ཞིབ་འཇུག་གསར་སྤེལ་ལ་དོ་དམ་བྱེད་པ་ནས་གསར་གཏོད་ཀྱི་ཞབས་ཞུར་བསྒྱུར་རྒྱུ། ཚན་རྩལ་གསར་གཏོད་ཀྱི་ཐབས་ཇུས་བློ་འདྲིའི་ལམ་སྲོལ་འཛུགས་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་ཚན་རྩལ་རིག་མཛོད་བསྐྲུན་ནས་ཚན་རྩལ་གསར་གཏོད་ཀྱི་ཐབས་ཇུས་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུ། ཁེ་ལས་ཀྱིས་གལ་ཆེའི་ཚན་རྩལ་རྣམ་གྲངས་དང་གསར་གཏོད་སྐུལ་ལྕག་བྱེད་སྲོལ་ནང་ཞུགས་རྒྱུ་སོགས་ཀྱི་ཚང་སྒྲིག་སྲིད་ཇུས་བཟོས་ཏེ་ལག་རྩལ་གསར་གཏོད་བྱེད་མཁན་ཁེ་ལས་ཀྱི་གནས་བབ་མཐོ་རུ་གཏོང་རྒྱུ། ཚན་རྩལ་འཆར་འགོད་དང་མ་དངུལ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཚན་རྩལ་རྣམ་གྲངས་ཕྱོགས་བསྡུས་དང་། སྒྲིག་འཛུགས། རྒྱབ་སྐྱོར་བཅས་བྱེད་སྟངས་གསར་གཏོད་བྱས་ནས“མིང་འདོན་གཙོ་བཟུང”སོགས་ཀྱི་ལམ་ལུགས་ལག་བསྟར་བྱེད་རྒྱུ། ཚན་ཞིབ་ཡིད་རྟོན་ལ་སྐུལ་སྤེལ་བཏང་ནས་ཚན་ཞིབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཤེས་བྱའི་བདག་དབང་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་སྟེ་ཤེས་བྱའི་བདག་དབང་གསར་གཏོད་དང་སྲུང་སྐྱོབ། བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཤེས་བྱའི་བདག་དབང་གི་ཕྱོགས་བསྡུས་དོ་དམ་སྒྲིག་སྲོལ་དང་ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་སྲོལ་ཚགས་ཚུད་དུ་གཏོང་རྒྱུ། ཤེས་བྱའི་བདག་དབང་ལ་ཞིབ་བཤེར་དང་། ཆད་གཅོད་གུན་གསབ། ཚོད་སྐོར་སོགས་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གསར་གཏོད་གྲུབ་འབྲས་ཀྱི་བདག་དབང་དང་། ཐག་གཅོད་བྱེད་དབང་། ཁེ་འབབ་དབང་ཆ་བཅས་ལ་བསྒྱུར་བཅོས་བྱེད་རྒྱུ། གསར་གཏོད་རིག་གནས་སྐྱེད་སྲིང་བྱེད་རྣམ་ཆགས་པར་བྱས་ཏེ་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་ལེགས་སུ་གཏོང་རྒྱུ་དང་ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ།

    ཆེད་སྒྲོམ་བཅུ་པ། ཚན་རྩལ་གསར་གཏོད།

    01 གསར་གཏོད་ཀྱི་ལས་སྟེགས་འཛུགས་པ།

    རྒྱལ་ཁབ་ཀྱི་ཁྲོན་བོད་ལྕགས་ལམ་ལག་རྩལ་གསར་གཏོད་ལྟེ་གནས(བོད་ལྗོངས་ཡན་ལག་ལྟེ་གནས)དང་། མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ལྟེ་གནས། དྭངས་གཙང་ནུས་རྒྱུའི་ལག་རྩལ་གསར་གཏོད་ལྟེ་གནས་བཅས་འཛུགས་སྐྲུན་བྱས་ཏེ་བོད་ལུགས་གསོ་རིག་ཞིབ་འཇུག་ལྟེ་གནས་དང་གསོ་རིག་ནད་ཐོག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ། སྐྱེ་ཁམས་མ་ལག་གི་ཕྱི་རོལ་ལྟ་དཔྱད་ས་ཚུགས་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། བོད་ལྗོངས་གནམ་དཔྱད་ཁང་འཛུགས་སྐྲུན་བྱས་ནས་ལས་གཉེར་བྱེད་རྒྱུ།

    02 གསར་གཏོད་རྣམ་པའི་ཁེ་ལས་སྐྱེད་སྲིང་བྱེད་རྒྱུ།

    ཚན་རིག་རྣམ་པའི་ཁེ་ལས་འབྲིང་ཆུང་དང་། མཐོ་གསར་ལག་རྩལ་ཁེ་ལས། ཤེད་ཤུགས་ཅན་གྱི་ཚན་རྩལ་ཁེ་ལས་ཆུང་གྲས། ལག་རྩལ་སྔོན་ཐོན་གྱི་ཞབས་ཞུའི་ཁེ་ལས་བཅས་སྐྱེད་སྲིང་བྱེད་པའི་ལས་གཞི་ལག་བསྟར་བྱེད་རྒྱུ།

    03 ཚན་རྩལ་གསར་གཏོད་ཀྱི་གནད་ཆེའི་ལག་རྩལ་འགག་སྒྲོལ་ལས་འགན།

    ནས་དང་། འབྲི་གཡག གཟན་རྩྭ། བོད་སྨན། སྐྱེ་དངོས་ཐོན་ཁུངས་སོགས་སྲོལ་རྒྱུན་གྱི་ལེགས་ཆ་ཆེ་བའི་ཁྱད་ལྡན་ཐོན་ལས་གོང་འཕེལ་ལ་དམིགས་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་སོགས་གལ་ཆེའི་འཐབ་ཇུས་ཀྱི་ལས་ཀའི་དགོས་མཁོར་དམིགས་ནས་གལ་ཆེའི་ལག་རྩལ་འགག་སྒྲོལ་དང་དངོས་སྒྱུར་བེད་སྤྱོད་ཐུབ་པ་བྱེད་རྒྱུ།

    ལེའུ་བཅུ་གཅིག་པ། ཐོན་ལས་ཆེན་པོ་བདུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ།

    དེང་རབས་ཐོན་ལས་མ་ལག་གོང་འཕེལ་གང་མགྱོགས་བཏང་ནས་དཔལ་འབྱོར་མ་ལག་ལེགས་སྒྱུར་ལ་སྐུལ་འདེད་དང་། ཐོན་ལས་ཀྱི་རྨང་གཞི་བརྟན་གཏོང་། ཐོན་ལས་ཀྱི་འཁོར་འབྲེལ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་གྱི་སྤུས་འབྲས་དང་འགག་རྩའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ།

    ས་བཅད་དང་པོ། ཐོན་ལས་ཀྱི་བར་མཐོངས་བཀོད་པ་ལེགས་སུ་གཏོང་རྒྱུ།

    གྲོང་ཁྱེར་གྲོང་རྡལ་གྱི་བར་མཐོངས་དང་། སྐྱེ་ཁམས་ཀྱི་བར་མཐོངས། ཞིང་ལས་ཀྱི་བར་མཐོངས་ཀྱི་སྤྱིའི་བཀོད་པ། ཕྱོགས་བསྡུས་ཐོན་ཁུངས་ཀྱི་བཟང་ཆ། ས་བབ་ཀྱི་ཆ་རྐྱེན། ཐོན་ལས་གོང་འཕེལ་གྱི་རྨང་གཞི་བཅས་ལ་གཞིགས་ནས་ཁུལ་ཁོངས་མི་འདྲ་བའི་གོང་འཕེལ་གྱི་ངེས་གནས་ལ་གཞི་ཚུགས་ཤིང་། ལེགས་ཆ་འདོན་སྤེལ་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་སྦྲགས། དྭངས་གཙང་ནུས་རྒྱུ་དང་། ཡུལ་སྐོར་རིག་གནས། ས་མཐོའི་སྐྱེ་དངོས། འབྱུང་འཕྲོད་བཟོ་ལས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས། མཐོ་གསར་གྲངས་གཞི། མཐའ་མཚམས་ཉོ་ཚོང་ཟོག་འགྲུལ་ཐོན་ལས་བཅས་དཔལ་འབྱོར་གོང་འཕེལ་གྱི་གལ་ཆེའི་སྒུལ་ཤུགས་དང་། ཕྱོགས་སྒྱུར་གོང་འཕེལ་གྱི་གལ་ཆེའི་སྒུལ་ཤུགས། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་གལ་ཆེའི་དམིགས་ཚད། རྒྱལ་དམངས་དཔལ་འབྱོར་གྱི་གལ་ཆེའི་གཙོ་རྟེན་ཐོན་ལས། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བཀྲག་མདངས་འཚེར་ས་དང་མཚོན་རྟགས་བཅས་སུ་གྱུར་བ་བྱས་ཏེ་ཐོན་ལས་ཀྱི་འཕར་ཐང་ལོ་རེར་ཆ་སྙོམས་10%ཡན་འཕར་བ་བྱེད་རྒྱུ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་ལྷ་ས་འདི་ཉིད་སྒུལ་ཤུགས་དང་སྲོག་ཤིང་ལྟ་བུ་ཡིན་པའི་འཕེལ་ནུས་འདོན་སྤེལ་ལ་དམ་འཛིན་བྱས་ནས་འགྲན་རྩོད་ཆེ་བའི་ལྗོངས་ཡོངས་ཀྱི་ཐོན་ལས་འདུས་གྲུབ་ཁུལ་ཆེ་ཤོས་ཤིག་ཆགས་པར་བྱེད་རྒྱུ། ལྷོ་ཁ་དང་། ཆབ་མདོ། གཞིས་རྩེ། ཉིང་ཁྲི། ནག་ཆུ། མངའ་རིས་སོགས་ས་ཆའི་ཐོན་ཁུངས་ཀྱི་རང་སྤུས་ཁྱད་ཆོས་སྔོག་འདོན་གང་ལེགས་བྱས་ཏེ་ས་ཆ་དེ་གའི་ཁྱད་ལྡན་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་། ཁུལ་ཁོངས་དབར་གྱི་ཐོན་ལས་དེ་ཧེ་བག་ཅན་དང་། ཁྱད་ལྡན་ཅན། འདུས་གྲུབ་ཅན་བཅས་སུ་འགྱུར་བ་བྱས་ནས་ཁྱད་ལྡན་ཐོན་ལས་འདུས་གྲུབ་བྱེད་གནས་གང་མང་ཆགས་པར་བྱེད་རྒྱུ།

    ཆེད་སྒྲོམ་བཅུ་གཅིག་པ། ཐོན་ལས་ཁོར་ཡུག་གི་བཀོད་པ།

    )

    ལྷ་ས།

    གོང་འཕེལ་གྱི་ངེས་གནས།

    རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་དང་། ལྗོངས་ཡོངས་ཀྱི་དངུལ་རྩའི་ཚོང་དོན་ཟོག་འགྲུལ་ལྟེ་གནས། ས་གཙང་བདེ་ཐང་ཐོན་ལས་རྟེན་གཞི། རིག་གནས་ཡུལ་སྐོར་དང་། ས་གཙང་བདེ་ཐང་། ནུས་བསྲི་དང་ཁོར་ཡུག་སྲུང་སྐྱོབ། སྐྱེ་ཁམས་སྨན་བཅོས། དངུལ་རྩ། ཚོང་དོན་ཟོག་འགྲུལ། མཐོ་གསར་གཞི་གྲངས།

    ས་གནས(གྲོང་ཁྱེར

    གཞིས་རྩེ།

    གོང་འཕེལ་གྱི་ངེས་གནས།

    ལྷོ་ཨེ་ཤེ་ཡར་ཁ་ཕྱོགས་ནས་སྒེ་དབྱེའི་མཉམ་ལས་སྣེ་འདྲེན་ཁུལ་དང་། ཧི་མ་ལ་ཡའི་མཐའ་འཁོར་གྱི་ཡུལ་སྐོར་ལྟེ་གནས་ཁུལ(ཀྲུང་ནེའི་རིག་གནས་ཡུལ་སྐོར་ཁུལ) སྐྱེ་ཁམས་འདེབས་གསོའི་ལས་རིགས་གོང་འཕེལ་དང་སྣེ་ཁྲིད་ཁུལ།

    ཐོན་ལས་གཙོ་བོ།

    སྐྱེ་ལྡན་འདེབས་གསོ་ལས་སྣོན་ལས་རིགས་དང་། རིག་གནས་ཡུལ་སྐོར་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་རིགས། མཐའ་མཚམས་ཟོག་འགྲུལ་ལས་རིགས།

    ས་གནས(གྲོང་ཁྱེར)

    ཆབ་མདོ།

    གོང་འཕེལ་གྱི་ངེས་གནས།

    རྒྱུན་མཐུད་ནུས་རྒྱུའི་རྟེན་གཞི། ཤམ་བྷ་ལ་ཆེ་མོ་དང་ཇ་རྟའི་གནའ་ལམ་རིག་གནས་ཡུལ་སྐོར་མྱོང་རོལ་ལྟེ་གནས།

    ཐོན་ལས་གཙོ་བོ།

    དྭངས་གཙང་ནུས་རྒྱུ། ཁྱད་ལྡན་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར་ལས་རིགས།

    ས་གནས(གྲོང་ཁྱེར)

    ཉིང་ ཁྲི།

    གོང་འཕེལ་གྱི་ངེས་གནས།

    རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ། དྭངས་གཙང་ནུས་རྒྱུའི་རྟེན་གཞི། ས་མཐོའི་སྐྱེ་དངོས་ཀྱི་ཐོན་ལས་རྟེན་གཞི།

    ཐོན་ལས་གཙོ་བོ།

    སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་ལས་རིགས། དྭངས་གཙང་ནུས་རྒྱུའི་ཐོན་ལས། སྐྱེ་དངོས་ཐོན་ལས།

    ས་གནས(གྲོང་ཁྱེར)

    ལྷོ་ཁ།

    གོང་འཕེལ་གྱི་ངེས་གནས།

    དྭངས་གཙང་ནུས་རྒྱུའི་རྟེན་གཞི། བོད་འབྱུང་རིག་གནས་ཡུལ་སྐོར་རྟེན་གཞི། བདེ་སྐྱིད་ཁྱིམ་གཞིས་ཁུལ་ཁོངས་མཐུན་སྦྱོར་གོང་འཕེལ་དཔེ་མཚོན་ཁུལ།

    ཐོན་ལས་གཙོ་བོ།

    རིག་གནས་ཡུལ་སྐོར། དྭངས་གཙང་ནུས་རྒྱུ། ས་མཐོའི་འདེབས་གསོའི་ལས་རིགས། འཛུགས་སྐྲུན་རྒྱུ་ཆ། མི་རིགས་ལག་ཤེས་བཟོ་ལས།

    ས་གནས(གྲོང་ཁྱེར)

    ནག་ཆུ།

    གོང་འཕེལ་གྱི་ངེས་གནས།

    ས་མཐོའི་སྐྱེ་ཁམས་ཀྱི་ཕྱུགས་ལས་རྟེན་གཞི་དང་། བྱང་རྩྭ་ཐང་གི་རིག་གནས་སྐྱེ་ཁམས་ཡུལ་སྐོར་ཁུལ། ཞིང་འབྲོག་ལས་དང་རིག་གནས་ཡུལ་སྐོར་ལས་རིགས།

    ས་གནས(གྲོང་ཁྱེར)

    མངའ་ རིས།

    གོང་འཕེལ་གྱི་ངེས་གནས།

    གངས་ཏི་སིའི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ། བོད་ནུབ་མཐའ་མཚམས་ཚོང་དོན་ཟོག་འགྲུལ་རྟེན་གཞི།

    ཐོན་ལས་གཙོ་བོ།

    རིག་གནས་ཡུལ་སྐོར་ལས་རིགས། ཞིང་འབྲོག་ལས་རིགས། མཐའ་མཚམས་ཚོང་དོན་ཟོག་འགྲུལ་ལས་རིགས།

    ས་བཅད་གཉིས་པ། སྲོལ་རྒྱུན་ཐོན་ལས་སྲ་བརྟན་དང་གོང་མཐོར་གཏོང་རྒྱུ།

    ས་མཐོའི་སྐྱེ་དངོས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་གང་མགྱོགས་འཛུགས་རྒྱུ་དང་། ཚད་གཞི་མཐོ་བའི་ནས་དང་འབྲི་གཡག་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་དང་ཐོན་ལས་ཀྱི་འཁོར་འབྲེལ་ཁག་གཅིག་འཛུགས་རྒྱུ། དེང་རབས་ཀྱི་འདེབས་ལས་ཤུགས་ཆེར་གཏོང་བ་དང་། འཇོན་ནུས་ཅན་གྱི་མི་སྣ་གསོ་སྐྱོང་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཀྱི་རྩ་འཛུགས་ཚད་ལྡན་ཅན་དུ་འགྱུར་རྒྱུ་དང་སྤུས་ཚད་མཐོ་རུ་གཏོང་བ། དེང་རབས་ཀྱི་ཞིང་ལས་ཐོན་ལས་སྡེ་གླིང་འཛུགས་པ། ཞིང་འབྲོག་མང་ཚོགས་ཀྱི་བྱང་ཚད་ལེགས་སུ་གཏོང་བ་སོགས་ཀྱི་ལས་གཞི་ལག་བསྟར་བྱེད་རྒྱུ། བོད་སྨན་ཐོན་ལས་སྟོབས་ཆེར་གཏོང་བ་དང་། ནགས་འོག་ཐོན་ཁུངས་གསར་སྤེལ་གང་ལེགས་བྱེད་པ། ས་མཐོའི་སྐྱེ་ལྡན་ཇ་གོང་འཕེལ་ཤུགས་ཆེ་གཏོང་བ། ཞིང་འབྲོག་ཁུལ་གྱི་རྣམ་གསར་གཉེར་སྐྱོང་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་པ་བཅས་ལ་བརྟེན་ནས་ས་མཐོའི་སྐྱེ་དངོས་ཐོན་ལས་ཀྱི་གྲགས་རྟགས་གཏོད་རྒྱུ།

    ཐོན་ལས་ཁུལ་ཁོངས་ཡོངས་སུ་ཁྱད་ལྡན་ཡུལ་སྐོར་རིག་གནས་གོང་འཕེལ་གཏོང་རྒྱུ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་སྤེལ་རྒྱུ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མཚོན་པར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་བ་བྱེད་རྒྱུ། རིག་གཏོད་བོད་ལྗོངས་ཁུལ་ཁོངས་ཀྱི་སྤྱི་སྤྱོད་གྲགས་རྟགས་གཏོད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་མ་ཟད། རིག་གནས་ཡུལ་སྐོར་བློ་གསལ་གླིང་ཚད་ལྡན་གོང་འཕེལ་གཏོང་རྒྱུ་དང་གདང་རིམ་མཐོ་རུ་གཏོང་རྒྱུ། ཀྲུང་གོའི་བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྐར་ཁུང་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་། རིག་གནས་ཐོན་ལས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་ཤུགས་ཆེ་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་རིག་གནས་ཐོན་ལས་དེ་ལོ་རེར་ཆ་སྙོམས་15%ཡན་འཕར་བ་བྱེད་རྒྱུ། “ཁྱད་ལྡན་དང་། རྩེ་གྲ། སྤུས་ལེགས”བཅས་ཀྱི་ངེས་གནས་མཐའ་འཁྱོངས་བྱས་ཏེ་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་དང་ཁུལ་ཁོངས་ཡུལ་སྐོར་གྱི་དཔེ་སྟོན་ཁུལ་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུ། རྒྱལ་ལམ་219རྒྱུད་ཀྱི་བགྲོད་ལམ་ཆེ་མོ་དང་། ས་མཐོའི་དར་གོས་ལམ་བུ། ལྷ་སའི་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར། ཉིང་ཁྲིའི་སྐྱེ་ཁམས་ཡུལ་སྐོར། གངས་ཏི་སིའི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་སོགས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ། ཡུལ་སྐོར་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་ཤུགས་ཆེ་རུ་གཏོང་རྒྱུ་དང་། གྲོང་གསེབ་ཡུལ་སྐོར་གོང་འཕེལ་ཤུགས་ཆེ་བཏང་ནས་ཞིང་འབྲོག་མང་ཚོགས་རྒྱ་ཁྱབ་ངང་ཞུགས་ཐུབ་པ་དང་ཕན་སྐྱེད་ཆེ་བའི་ལས་རྣམ་གསར་གཏོད་བྱེད་རྒྱུ། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཤུགས་ཆེར་གཏོང་རྒྱུ་དང་རིག་ནུས་ཡུལ་སྐོར་གོང་འཕེལ་བཏང་སྟེ་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་ཤུགས་ཆེར་གཏོང་རྒྱུ། ཡུལ་སྐོར་ས་ཚུགས་དང་མགྲོན་ཁང་སོགས་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ། འཁོར་ཁྲིད་སྒར་ས་དང་ལྗོངས་གཟིགས་བྱེད་ས་སོགས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ། ཡུལ་སྐོར་བྲིན་འཚོང་བྱེད་རྣམ་གསར་གཏོད་དང་ལྗོངས་ཕྱི་ནང་གི་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)བརྒལ་བའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་འཚོལ་ཞིབ་དང་མཉམ་བསྐྲུན་བྱེད་རྒྱུ། ཡུལ་སྐོར་རིག་གནས་ཀྱི་སྤུས་ལེགས་ཐོན་ལས་དང་ཁུལ་ཁོངས་ཡོངས་རྒྱུན་གཏན་ལྟར་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ།

    གཞི་ཁྱོན་ཅན་གྱི་འབྱུང་འཕྲོད་བཟོ་ལས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་འོག རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་ཀྱི་ཐོན་ཁུངས་གྲབས་གསོག་རྟེན་གཞི་འཛུགས་རྒྱུའི་བླང་བྱ་ལྟར་འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ས་གཤིས་ལ་བརྟག་དཔྱད་དང་། ཐོན་ཁུངས་རྩད་ཞིབ། གདིང་གཞི་གསལ་རྟོགས་བཅས་བྱས་ཏེ་འབྱུང་འཕྲོད་གཏེར་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། “ས་གོ་ལའི་གླེང་སྣེ་གསུམ་པའི་བོད་ཀྱི་ཆུ་བཟང་”གི་སྤྱི་སྤྱོད་གྲགས་རྟགས་གཏོད་རྒྱུ་དང་། རང་བྱུང་འཐུང་ཆུའི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་དགོས་མཁོ་ལྟར་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་རེར་ཆ་སྙོམས་20%ཡན་བྲིན་འཚོང་ཐུབ་པ་བྱེད་རྒྱུ། འབྱུང་འཕྲོད་ཨར་སྐྲུན་རྒྱུ་ཆའི་ལས་རིགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། མི་རིགས་ལག་ཤེས་བཟོ་ལས་སྟོབས་ཆེར་བཏང་ནས་མི་རིགས་ལ་ཆེས་མཁོ་བའི་དམིགས་ས་གཏན་འཁེལ་གྱི་ཚོང་ཟོག་ཐོན་སྐྱེད་བྱེད་མཁན་ཁེ་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་རྒྱུ། “དམངས་ལ་མཁོ་བའི་ཚོང་ཟོག་དང་། གྲགས་རྟགས། སྟོབས་ཆེའི་ཁེ་ལས”བཅས་ཀྱི་ལས་གཞི་ལག་བསྟར་བྱེད་རྒྱུ།

    མཐའ་མཚམས་ཉོ་ཚོང་ཟོག་འགྲུལ་ཐོན་ལས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་ལ་ཁྱབ་པའི་ཚོང་ཟོག་ཁྲོམ་རའི་དྲ་རྒྱའི་མ་ལག་འཛུགས་རྒྱུ་དང་། ལྗོངས་ཡོངས་ལ་ཁྱབ་པའི་ཕྱོགས་བསྡུས་ཟོག་འགྲུལ་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་འཛུགས་རྒྱུ། གཅིག་སྡུད་ཉོ་སྒྲུབ་དང་ཁུལ་ཁོངས་བརྒལ་བའི་དངོས་ཟོག་སྤེལ་གཏོང་གི་གྲང་ཕྲེང་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་ཁག་གཅིག་བསྐྲུན་རྒྱུ། ཟོག་འགྲུལ་དང་། གྲང་ཕྲེང་། མཛོད་ཁང་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་གྲོང་གསེབ་ཀྱི་དངོས་ཟོག་སྤེལ་གཏོང་དྲ་རྒྱ་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་ཤིང་ཏོག་དང་སྔོ་ཚལ་སྤེལ་གཏོང་ལས་གཞིའི་ཚོད་ལྟ་སྤེལ་རྒྱ་ཆེ་རུ་གཏོང་རྒྱུ། ཚོང་དོན་གྱི་འཁོར་རྒྱུག་མ་ལག་ཐག་རིང་ལུང་ཁུག་ཏུ་རྒྱ་སྐྱེད་བཏང་ནས་ཞིང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན་དང་དངོས་གཞིའི་འཁོར་རྒྱུག་ཟུང་འབྲེལ་ལ་སྐུལ་འདེད་གཏོང་རྒྱུ་དང་། མཐའ་མཚམས་ཚོང་དོན་དང་འགག་སྒོའི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ།

    ས་བཅད་གསུམ་པ། གསར་དར་ཐོན་ལས་གོང་འཕེལ་དང་སྟོབས་ཆེར་གཏོང་རྒྱུ།

    མཐོ་གསར་གྲངས་འཛིན་ཐོན་ལས་གསར་གཏོད་དང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དང་། ཆ་འཕྲིན་ལག་རྩལ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་གཉིས་གང་མགྱོགས་མཉམ་འདྲེས་ཐུབ་པ་བྱེད་རྒྱུ། མཉམ་སྦྲེལ་དྲ་རྒྱ་རྒྱ་ཁྱབ་ངང་བེད་སྤྱོད་བྱས་ཏེ་ཐོན་སྐྱེད་བྱེད་རྣམ་དང་སྒྲིག་འཛུགས་བྱེད་སྟངས་ལ་འགྱུར་བ་གཏོང་བར་སྐུལ་ཁྲིད་བྱེད་རྒྱུ། རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་སྲོལ་རྒྱུན་ཐོན་ལས་མཉམ་འདྲེས་ཐོག་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། མཉམ་སྦྲེལ་དྲ་རྒྱ་+མི་བཟོས་རིག་ནུས། 5G+སྤྲོད་ནུས་བཅས་ཀྱི་ལས་འགུལ་སྤེལ་ཏེ་དྲ་རྒྱ་ཅན་དང་། རིག་ནུས་ཅན། ཞབས་ཞུ་ཅན། མཐུན་སྦྱོར་ཅན་བཅས་ཀྱི་ཐོན་ལས་གོང་འཕེལ་གྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱེད་རྒྱུ།

    དྭངས་གཙང་ནུས་རྒྱུའི་ཐོན་ལས་སྟོབས་ཆེར་གཏོང་རྒྱུ། གཙང་ཆུ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་གང་མགྱོགས་བཟོ་སྒྲིག་བྱས་ནས་ཆུ་གློག་དང་ཉི་ནུས་ཀྱིས་གཙོ་བོ་བྱས་པའི་དྭངས་གཙང་ནུས་རྒྱུའི་ཐོན་ལས་གང་མགྱོགས་གོང་འཕེལ་གཏོང་རྒྱུ། “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་ཏུ་ཆུ་གློག་གི་གློག་འདོན་ཚད་ཆན་ཝ་ཁྲི་1500དང་། འོད་ཤུགས་ཉི་ནུས་གོང་འཕེལ་གང་མགྱོགས་བཏང་སྟེ་གློག་གཤོང་ཚད་ཆན་ཝ་ཁྲི་1000ལས་བརྒལ་ཐུབ་པ་བྱེད་རྒྱུ། དྭངས་གཙང་ནུས་རྒྱུའི་རྟེན་གཞི་གསར་སྤེལ་དང་འཛུགས་སྐྲུན་གང་ཐུབ་བྱས་ཏེ་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་རྒྱུན་མཐུད་རྟེན་གཞི་འཛུགས་རྒྱུ།

    དེང་རབས་ཅན་གྱི་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་རྒྱུ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་ཆེད་ལས་དང་རིན་ཐང་མཉམ་འབྲེལ་ཅན་དུ་རྒྱ་སྐྱེད་གཏོང་རྒྱུ། ཞིབ་སྤེལ་ཇུས་འགོད་དང་། དངུལ་རྩའི་ཉེན་བཅོལ། གྲོན་ཆུང་བསྲི་ཚགས། ཁོར་ཡུག་སྲུང་སྐྱོབ། བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་ནས་ཞབས་ཞུའི་ལས་རིགས་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་རྒྱུ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་སྤུས་ལེགས་དང་སྣ་མང་ཅན་དུ་འགྱུར་བ་བྱས་ནས་བདེ་ཐང་དང་། རྒན་གསོ། བྱིས་སྐྱོང་། ལུས་རྩལ། ཁྱིམ་ལས། སྡེ་ལས་སོགས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་གང་མགྱོགས་གཏོང་རྒྱུ།

    ཆེད་སྒྲོམ་བཅུ་གཉིས་པ། ཐོན་ལས་གོང་འཕེལ།

    01 ས་མཐོའི་སྐྱེ་དངོས་ཐོན་ལས།

    ཚད་ལྡན་ནས་ཀྱི་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི་70གསར་སྣོན་བྱེད་རྒྱུ་དང་། གཞི་ཁྱོན་ལྡན་པའི་འབྲི་གཡག་གསོ་ཚགས་ཀྱི་རྟེན་གཞིའི་ཁུལ་13འཛུགས་རྒྱུ། ཁྱད་ལྡན་ལེགས་ཆ་ཆེ་བའི་ཚོང་ལུག་གཙོ་ཐོན་ཁུལ་14གཏོད་རྒྱུ། རྒྱལ་ཁབ་རིམ་པའི་ཚད་ལྡན་ཅན་གྱི་གཞི་ཁྱོན་གསོ་ཚགས་རྟེན་གཞི་ཁག་5ཡན་མང་དུ་གཏོང་རྒྱུ། རང་སྐྱོང་ལྗོངས་རིམ་པའི་ཚད་ལྡན་ཅན་གྱི་གཞི་ཁྱོན་གསོ་ཚགས་དཔེ་མཚོན་བྱེད་གནས་15བསྐྲུན་རྒྱུ། ནས་སོན་གསར་རིགས་འདེབས་གསོ་ཁུལ་6བསྐྲུན་རྒྱུ། རྒྱ་ཁྱོན་ཆེ་བའི་དཔེ་སྟོན་ཞིང་ཁ་མུའུ་རེ་ནས་ཆ་སྙོམས་ཐོན་འབབ་རྒྱ་མ་50ཡན་འཕར་ཐུབ་པ་བྱེད་རྒྱུ། ལྷ་སའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་སོགས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་ཁུལ་ཁག་4བསྐྲུན་རྒྱུ། “གཞིས་རྩེ་གྲོང་ཁྱེར་གྱི་ནས”སོགས་ཀྲུང་གོའི་ཁྱད་ལྡན་གྱི་ལེགས་ཆའི་ཞིང་ཕྱུགས་ཐོན་རྫས་ཁུལ་4བསྐྲུན་རྒྱུ།

    02 ཁྱད་ལྡན་ཡུལ་སྐོར་རིག་གནས་ཐོན་ལས།

    རྒྱལ་ལམ་219རྒྱུད་ཀྱི་བགྲོད་ལམ་ཆེན་མོ་དང་། ས་མཐོའི་དར་གོས་བགྲོད་ལམ། (ཇ་རྟ་གནའ་ལམ་གྱི་ཡུལ་སྐོར་དཔལ་འབྱོར་ཁུལ། ཐང་བོད་གནའ་ལམ་གྱི་ཡུལ་སྐོར་མཉམ་ལས་ཁུལ། ཐང་འཕགས་གནའ་ལམ་སོགས)ལྷ་སའི་རིག་གནས་ཡུལ་སྐོར་གྲོང་ཁྱེར། ཉིང་ཁྲིའི་སྐྱེ་ཁམས་ཡུལ་སྐོར། གངས་ཏི་སིའི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་སོགས་འཛུགས་སྐྲུན་ལ་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ། ཤམ་བྷ་ལ་ཆེན་མོའི་ཡུལ་སྐོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། “ལྟེ་བ་གཅིག་དང་རྟེན་གཞི་གཉིས་+ཉིང་ཁྲིའི་ཕྱི་རོལ་ལུས་རྩལ་རྟེན་གཞི”བསྐྲུན་རྒྱུ། ལྷ་སའི་རི་འདབས་ཕྱི་རོལ་ལུས་རྩལ་ཞབས་ཞུའི་ཐོན་ལས་ལྟེ་གནས་དང་འདམ་གཞུང་རྫོང་ཡངས་པ་ཅན་གྱི་རི་མཐོའི་སྦྱོང་བརྡར་རྟེན་གཞི། དིང་རི་རྫོང་སྒང་དཀར་གྲོང་རྡལ་གྱི་རི་འཛེགས་རྐང་ལམ་རྟེན་གཞི་བཅས་བསྐྲུན་རྒྱུ། སྨན་གླིང་རྫོང་ཕད་གྲོང་རྡལ་གྱི་རི་བོ་གནམ་ལྕགས་འབར་བའི་ཕྱི་རོལ་ལུས་རྩལ་གྱི་གྲོང་རྡལ་ཆུང་གྲས་བསྐྲུན་རྒྱུ།

    03 འབྱུང་འཕྲོད་བཟོ་ལས།

    རང་བྱུང་འཐུང་ཆུའི་ཐོན་ལས་དང་། འབྱུང་འཕྲོད་ཨར་སྐྲུན་རྒྱུ་ཆའི་ལས་རིགས་སྟོབས་ཆེར་གཏོང་རྒྱུ། འབྱུང་འཕྲོད་བཟོ་གྲྭ་5ཡན་འཛུགས་རྒྱུ། མི་རིགས་ལག་ཤེས་བཟོ་ལས་སྟོབས་ཆེར་གཏོང་རྒྱུ། ལྗོངས་ཡོངས་ཀྱི་མི་རིགས་ལག་ཤེས་ཐོན་ཁུངས་ལ་ཡོངས་བཤེར་བྱེད་རྒྱུ།

    04 དྭངས་གཙང་ནུས་རྒྱུའི་ཐོན་ལས།

    རྒྱལ་ཁབ་ཀྱི་དྭངས་གཙང་བསྐྱར་སྤྱོད་ནུས་རྒྱུའི་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་རྒྱུན་མཐུད་རྟེན་གཞི་བསྐྲུན་རྒྱུ། ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གང་མགྱོགས་བསྐྲུན་རྒྱུ། ཡར་ཀླུང་གཙང་པོའི་སྨད་རྒྱུད་དང་ཟླ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ལ་ཞིབ་འཇུག་བྱེད་རྒྱུ་མ་ཟད། འབྲེལ་ཡོད་ལས་གྲྭ་འོས་འཚམ་གྱི་འགོ་འཛུགས་རྒྱུ།

    05 དེང་རབས་ཀྱི་ཞབས་ཞུའི་ལས་རིགས།

    དོན་གྲུབ་དངུལ་རྩའི་གྲོང་གི་བྱེད་ནུས་མཐོ་རུ་གཏོང་རྒྱུ་དང་། མཚན་མོའི་དཔལ་འབྱོར་དང་དྲ་འབོད་རླངས་འཁོར་སོགས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ།

    06 མཐོ་གསར་གྲངས་འཛིན་ཐོན་ལས།

    མཉམ་སྦྲེལ་དྲ་རྒྱ་+ མི་བཟོས་རིག་ནུས། 5G+སྤྲོད་ནུས་ལས་འགུལ་བཅས་ལག་བསྟར་བྱེད་རྒྱུ། བྱང་སྐར་བོད་ལྗོངས་བེད་སྤྱོད་ཀྱི་དཔེ་མཚོན་རྣམ་གྲངས་དང་ཚང་སྒྲིག་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། བོད་སྐད་ཡིག་གི་ཆ་འཕྲིན་ལག་རྩལ་བེད་སྤྱོད་ཇེ་མགྱོགས་སུ་གཏོང་རྒྱུ། ལྷོ་ཨེ་ཤེ་ཡར་ཕྱོགས་པའི་གྲངས་འཛིན་གྲུ་ཁ་བསྐྲུན་རྒྱུ།

    07 མཐའ་མཚམས་ཚོང་དོན་ཟོག་འགྲུལ་ཐོན་ལས།

    ལྷ་ས་དང་གཞིས་རྩེའི་རྒྱལ་ཁབ་ཀྱི་ཟོག་འགྲུལ་ལྟེ་གནས་བསྐྲུན་རྒྱུ། “ཕྱོགས་བསྡུས་ཟོག་འགྲུལ་སྡེ་གླིང་(ས་གནས་གྲོང་ཁྱེར་རིམ་པ)—ཟོག་འགྲུལ་ལྟེ་གནས(རྫོང་ཆུད་རིམ་པ)—སྤེལ་གཏོང་ལྟེ་གནས(ཁུལ་དང་ཤང་གྲོང་)”རིམ་དབྱེའི་ཟོག་འགྲུལ་མ་ལག་དང་། གཅིག་སྡུད་ཉོ་སྒྲུབ་དང་ཁུལ་ཁོངས་བརྒལ་བའི་སྤེལ་གཏོང་ནུས་པའི་གྲང་ཕྲེང་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་བསྐྲུན་རྒྱུ། མཛོད་ཁང་སོས་ཉར་གྲང་ཕྲེང་ཟོག་འགྲུལ་གྱི་སྒྲིག་བཀོད་གང་མགྱོགས་བསྐྲུན་རྒྱུ། ཞིང་འབྲོག་ཁུལ་གྱི་ཚོང་དོན་ཞབས་ཞུ་གོང་འཕེལ་གཏོང་རྒྱུ།

    ལེའུ་བཅུ་གཉིས་པ། ཐོན་ལས་གོང་འཕེལ་གྱི་གཞི་རྟེན་གཏོད་རྒྱུར་ཤུགས་རྒྱག་རྒྱུ།

    སྡེ་གླིང་ཐོན་ལས་རུབ་འདུས་ཀྱི་ཕན་ནུས་ཤུགས་ཆེར་གཏོང་རྒྱུ་དང་། ཁྱད་ལྡན་ཐོན་ལས་ཀྱི་གྲགས་རྟགས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་རིམ་སྤོར་ལ་སྐུལ་འདེད་བཏང་ནས་ཐོན་ལས་གོང་འཕེལ་གྱི་སྤུས་ཚད་དང་འགྲན་ནུས་ཆེ་རུ་གཏོང་རྒྱུ།

    ས་བཅད་དང་པོ། གཙོ་གནད་སྡེ་གླིང་གི་སྤུས་རིམ་གང་མགྱོགས་མཐོ་རུ་གཏོང་རྒྱུ།

    སྡེ་གླིང་ཆེད་ལས་ཅན་དུ་འགྱུར་ཚད་ཤུགས་ཆེར་བཏང་སྟེ་ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ནས་ཀྱི་བཟོ་ལས་སྡེ་གླིང་སོགས་གཙོ་གནད་སྡེ་གླིང་གི་སྣེ་འདྲེན་ནུས་པ་འདོན་སྤེལ་བྱས་ཏེ་རྣམ་གྲངས་བཟང་རིགས་དང་ཁེ་ལས་རིགས་གཙོ་གནད་ཐོན་ལས་སྡེ་གླིང་ཁུལ་དུ་རུབ་འདུས་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ལྷ་སའི་མཐོ་གསར་ཁུལ་དེ་རྒྱལ་ཁབ་རིམ་པར་རིམ་སྤོར་བྱས་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་བྱེད་ནུས་ལེགས་ཆ་འདོན་སྤེལ་དང་ཕྱིར་འཚོང་གི་འཕར་གནས་གསར་པ་སྐྱེད་སྲིང་བྱེད་རྒྱུ། ལྷ་སའི་རྒྱལ་སྤྱིའི་གྲངས་འཛིན་དཔལ་འབྱོར་སྡེ་གླིང་འཛུགས་སྐྲུན་བྱས་ནས་2025ལོར་སླེབས་སྐབས་སྡེ་གླིང་གི་སྤྱིའི་ཐོན་འབོར་དང་བཟོ་ལས་ཀྱི་ཐོན་འབོར་50%ཡན་འཕར་བ་བྱེད་རྒྱུ། ནས་ཀྱི་བཟོ་ལས་སྡེ་གླིང་དང་། སྟག་རྩེའི་བཟོ་ལས་སྡེ་གླིང་། ནག་ཆུའི་མཐོ་གསར་ལག་རྩལ་ཐོན་ལས་སྡེ་གླིང་། དེ་བཞིན་ཆབ་མདོ་དང་། གཞིས་རྩེ། ཉིང་ཁྲི་བཅས་ཀྱི་དཔལ་འབྱོར་གསར་སྤེལ་ཁུལ་བཅས་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུ་དང་། ལྷོ་ཁའི་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན་བྱེད་རྒྱུ། ལྷ་ས་དང་། གཞིས་རྩེ། ནག་ཆུ། ཉིང་ཁྲི་བཅས་ཀྱི་རྒྱལ་ཁབ་ཞིང་ལས་ཚན་རྩལ་སྡེ་གླིང་གི་བྱེད་ནུས་ཆེ་རུ་གཏོང་བ་དང་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་སྡེ་གླིང་བསྐྲུན་རྒྱུར་སྐུལ་སྤེལ་གཏོང་བ། ཆ་རྐྱེན་འཛོམས་པའི་ཞིང་ལས་ཚན་རྩལ་སྡེ་གླིང་དང་། དེང་རབས་ཀྱི་ཞིང་ལས་ཐོན་ལས་སྡེ་གླིང་། རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་སྡེ་གླིང་། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་སྡེ་གླིང་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ།

    ས་བཅད་གཉིས་པ། “ས་གོ་ལའི་གླིང་སྣེ་གསུམ་པའི”ཁུལ་ཁོངས་ཀྱི་སྤྱི་པའི་གྲགས་རྟགས་གཏོད་རྒྱུ།

    གྲགས་རྟགས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས“ས་གོ་ལའི་གླིང་སྣེ་གསུམ་པ”དེ་ཁུལ་ཁོངས་ཀྱི་སྤྱི་པའི་གྲགས་རྟགས་ཤིག་ཏུ་བཏོད་དེ། “ས་གོ་ལའི་གླིང་སྣེ་གསུམ་པའི་གྲགས་རྟགས་ཨ་མ་+གྲགས་རྟགས་ཆུང་རིགས”སྐྱེད་སྲིང་དང་། གོང་འཕེལ། སྲུང་སྐྱོབ་བཅས་བྱེད་པའི་ལམ་སྲོལ་འཐུས་ཚང་འཛུགས་རྒྱུ། “ས་གོ་ལའི་གླིང་སྣེ་གསུམ་པའི”ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་རྫས་དང་། བོད་ལུགས་གསོ་རིག་དང་སྨན་རྫས། ཡུལ་སྐོར་རིག་གནས། ལུས་རྩལ་འགྲན་བསྡུར་སོགས་ཀྱི་མུ་འབྲེལ་གྲགས་རྟགས་ཁྱབ་གདལ་གཏོང་རྒྱུ་དང་། གྲགས་རྟགས་གཏོད་པའི་འདུ་ཤེས་ཟབ་ཏུ་བཏང་ནས“ས་གོ་ལའི་གླིང་སྣེ་གསུམ་པའི”ཁུལ་ཁོངས་ཀྱི་སྤྱི་པའི་གྲགས་རྟགས་དེ་རྒྱལ་སྤྱི་རྒྱལ་ནང་དུ་སྐད་གྲགས་ཆོད་ཤུགས་དང་བག་ཆགས་འཇོག་ཤུགས་ཆེ་རུ་གཏོང་རྒྱུ། གྲགས་རྟགས་ལ་བརྟེན་ནས་ཁུལ་ཁོངས་ཀྱི་བཀོད་པ་ལེགས་གཏོང་དང་། ཚད་ལྡན་ཅན་གྱི་ཐོན་སྐྱེད། ཐོན་ལས་ཅན་གྱི་གཉེར་སྐྱོང་བཅས་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། ཐོན་ལས་གང་མགྱོགས་ཕྱོགས་སྒྱུར་རིམ་སྤོར་བྱས་ནས་ཁྲོམ་རའི་འགྲན་རྩོད་ནུས་པ་དང་ཐོན་ལས་ཀྱི་འཕར་ཐང་ཆེ་རུ་གཏོང་རྒྱུ།

    ས་བཅད་གསུམ་པ། ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ།

    ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་ཕྱོགས་བསྡུས་རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་ཁེ་དབང་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་མཐའ་འཁྱོངས་བྱས་ནས་རིགས་འདྲ་མིན་གྱི་མངོན་མེད་བཀག་རྒྱ་མཐའ་གཅིག་ཏུ་སེལ་རྒྱུ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་ཁེ་ལས་ཆུང་འབྲིང་ཕྲན་གསུམ་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་མིང་གཞུང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་ནོར་སྲིད་དང་། ཁྲལ་འབབ། དངུལ་རྩ་བཅས་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་ཕྱོགས་བསྡུས་རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། དངུལ་ཁང་གི་ཡིད་རྟོན་དངུལ་བུན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གསར་སྤེལ་རང་བཞིན་དང་སྲིད་ཇུས་རང་བཞིན་གྱི་དངུལ་རྩར་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུ། ཚོང་ལས་དངུལ་ཁང་ནས་ཡིད་རྟོན་དངུལ་བུན་ཇེ་མང་དུ་གཏོང་རྒྱུར་སྐུལ་མ་བཏང་སྟེ་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་སྤེལ་བྱེད་རྒྱུ་དང་། དངོས་གཞིའི་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་རྒྱུ། ཡུལ་ཟོག་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བེད་སྤྱོད་ལ་སྐུལ་སྤེལ་ཧུར་ཐག་བཏང་སྟེ་ལས་སྣོན་བྱས་པའི་ཡུལ་ཟོག་ཐོན་ཁུངས་ལྗོངས་ཕྱིར་སྐྱེལ་འདྲེན་བྱེད་པའི་འགྲོ་གྲོན་ཐད་ནོར་སྲིད་ནས་ཁ་གསབ་བྱེད་རྒྱུ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་རྒྱུན་མཐུད་བརྟན་འཁྱོངས་ཡོང་བ་བྱས་ནས་མཁོ་སྤྲོད་འགྱུར་ལྡན་བགོ་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུ། ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ལས་རྣམ་གསར་པ། དཔེ་རྣམ་གསར་པ་བཅས་གོང་འཕེལ་གཏོང་རྒྱུར་ཕན་པའི་སྲིད་ཇུས་ཀྱི་ཁོར་ཡུག་བསྐྲུན་རྒྱུ།

    ཆེད་སྒྲོམ་བཅུ་གསུམ་པ། ཐོན་ལས་གོང་འཕེལ་གྱི་ལས་སྟེགས།

    01 རྒྱལ་ཁབ་རིམ་པ།

    ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ལྷ་ས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ།

    02 རང་སྐྱོང་ལྗོངས་རིམ་པ།

    བོད་ནས་ཀྱི་བཟོ་ལས་སྡེ་གླིང་དང་། ལྷ་ས་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ། སྟག་རྩེའི་བཟོ་ལས་སྡེ་གླིང་། ནག་ཆུའི་མཐོ་གསར་ལག་རྩལ་ཐོན་ལས་སྡེ་གླིང་། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ(ཆབ་མདོའི་མཐོ་གསར་ལག་རྩལ་ཐོན་ལས་སྡེ་གླིང་) གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ། ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ།

    ལེ་ཚན་ལྔ་པ། གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་རྒྱུ།

    དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་མཐའ་འཁྱོངས་བྱེད་པ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ནུས་པས་གང་ལྕོགས་དང་འཁོས་དཔག་ལས་སྒྲུབ་ཀྱིས་ཁྱབ་ཁོངས་ཁག་གི་དམངས་འཚོའི་ལས་དོན་གཅིག་འདོམས་ངང་ཡག་པོ་སྒྲུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མིའི་ཕྱོགས་ཡོངས་ཀྱི་གོང་འཕེལ་དང་སྤྱི་ཚོགས་ཁྱོན་ཡོངས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    ལེའུ་བཅུ་གསུམ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་མཐོ་རུ་གཏོང་རྒྱུ།

    རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱས་པའི་སྣ་མང་བགོ་འགྲེམས་ཀྱི་བྱ་ཐབས་མཐའ་འཁྱོངས་ཀྱིས་ཐོག་མའི་བགོ་བཤའི་ཁྲོད་ངལ་རྩོལ་ཐོབ་ཆའི་བསྡུར་གྲངས་མཐོ་རུ་བཏང་སྟེ། བགོ་བཤའ་བསྐྱར་མ་དང་བགོ་བཤའ་རྒྱག་ཐེངས་གསུམ་པའི་སྙོམས་སྒྲིག་ནུས་པ་འདོན་སྤེལ་ཡག་པོ་བྱེད་རྒྱུ། ཁེ་ལས་ཀྱི་ཐོན་འཕར་ལས་འཕར་དང་། ཁེ་ལས་ཀྱི་ལས་བཟོའི་ཕན་བདེའི་ཐོབ་ཐང་ལེགས་སུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་རྒྱུ། གླ་ཕོགས་ལུགས་མཐུན་སྤོར་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཡོང་འབབ་དམའ་བའི་ཚོགས་སྤྱིའི་ཡོང་འབབ་མཐོ་རུ་ཧུར་ཐག་གཏོང་རྒྱུ། ཡོང་འབབ་འབྲིང་བའི་ཚོགས་སྤྱི་རྒྱ་ཆེ་རུ་བཏང་སྟེ་ཐུན་མོང་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ།

    ས་བཅད་དང་པོ། ཐབས་ལམ་མང་པོའི་ཐོག་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུ།

    ངལ་ནུས་ཕྱིར་གཏོང་གི་གནད་འཕིགས་འབྲེལ་མཐུད་ལམ་སྲོལ་དང་ལས་ཀའི་མཐུན་སྦྱོར་འབྲེལ་གཏུག་ལམ་སྲོལ་བཙུགས་ཏེ། ཞིང་འབྲོག་པའི་ལས་ཞུགས་ཁ་སྒྱུར་དང་ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རིགས་ཁག་གི་རྣམ་གྲངས་འཛུགས་སྐྲུན་ནང་ཞིང་འབྲོག་པ་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ། ངལ་ནུས་ཁ་སྒྱུར་ལས་ཞུགས་ཀྱིས་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བ། ཕ་ཡུལ་དུ་སྡོད་མཁན་དང་ཕ་ཡུལ་དུ་ལོག་མཁན་ཞིང་འབྲོག་པས་ས་ཆ་དེ་རང་དང་ཐག་ཉེ་སར་ལས་གཏོད་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། གྲོང་གསེབ་ཀྱི་ཡུལ་སྐོར་དང་། ཞིང་ཞོར་ཐོན་ཟོག་ལས་སྣོན། ཚོང་དོན། སྐྱེལ་འདྲེན། འཛུགས་སྐྲུན་སོགས་ཐོན་ལས་གོང་འཕེལ་གཏོང་རྒྱུ། སྲིད་གཞུང་གི་མ་འཇོག་རྣམ་གྲངས་དང་། གཞུང་ཁོངས་ཁེ་ལས། ཁ་གཏད་རོགས་སྐྱོར་རྣམ་གྲངས་བཅས་ལ་ས་ཆ་དེ་གའི་ངལ་ནུས་སྔོན་ལ་ལས་ཞུགས་བྱས་ཏེ། ཐོན་སྐྱེད་བྱ་དགའ་ཁ་གསབ་དང་། ངལ་ནུས་ཁ་གསབ། རྒུད་གསབ་ལས་སྤྲོད་སོགས་བྱེད་སྟངས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་པའི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་གདིང་ཤུགས་སྔོག་འདོན་བྱས་ཏེ་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་གཞི་ཁྱོན་གཉེར་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། རིག་གནས་ཡོད་པ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་ཤེས་པ་བཅས་ཀྱི་ལས་རིགས་གསར་པའི་ཞིང་འབྲོག་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞིང་འབྲོག་པས་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་སྤྱད་དེ་ཐོན་སྐྱེད་གོང་འཕེལ་དང་མཉམ་ལས་གཉེར་སྐྱོང་བྱ་རྒྱུར་སྐུལ་ལྕགས་གཏོང་རྒྱུ། འདེབས་གསོའི་གྲུབ་ཆ་ལེགས་སུ་བཏང་སྟེ་ས་མཐོའི་སྐྱེ་དངོས་ཐོན་ལས་དང་། ཆུའི་ཐོན་ལས། ནགས་ཁྲོད་དཔལ་འབྱོར་ཐོན་ལས། སྒོ་རའི་དཔལ་འབྱོར་བཅས་གོང་འཕེལ་གཏོང་རྒྱུ། ལྟ་སྐོར་ཞིང་ལས་དང་། སྤྲོ་གསེང་ཞིང་ལས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་བཅས་གོང་འཕེལ་ཤུགས་ཆེ་བཏང་སྟེ། ཞིང་འབྲོག་པའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མཐོ་རུ་འགྲོ་བ་བྱེད་རྒྱུ།གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ཁུངས་དང་། རྒྱུ་ནོར། མ་དངུལ་བཅས་གཅིག་སྡུད་ཀྱིས་ཐོན་ཁུངས་དེ་རྒྱུ་ནོར་དང་། མ་དངུལ་དེ་རྐང་དངུལ། ཞིང་འབྲོག་པ་རྐང་བདག་བཅས་ལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་པས་རྣམ་པ་སྣ་ཚོགས་ཐོག་ནས་ས་ཞིང་དང་རྩྭ་ར་གཉེར་སྐྱོང་དབང་ཆ་ནང་བཤུག་དང་འགན་གཙང་ལེན་རྒྱུར་ཁྲིད་སྟོན་བྱས་ནས་ཞིང་འབྲོག་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་འཕར་བར་བྱེད་རྒྱུ། འབྱུང་འཕྲོད་སྐྱེ་ཁམས་ཕྱོགས་སྟོན་དུ་བྱས་པའི་ཞིང་འབྲོག་ལས་ཀྱི་རོགས་སྐྱོར་དང་། སྲུང་སྐྱོང་། ཁ་གསབ་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་ཞིང་དར་ཞིང་ཕྱུག་ཞིང་ཕན་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། རྩྭ་ཐང་དང་། ནགས་ཚལ། འདམ་ར་སོགས་སྐྱེ་ཁམས་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་པའི་ཁ་སྒྱུར་རང་བཞིན་གྱི་ཡོང་འབབ་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ།

    ས་བཅད་གཉིས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་སྣོན་ལམ་སྲོལ་ལེགས་སུ་གཏོང་རྒྱུ།

    ཁེ་ལས་ལས་བཟོའི་བགོ་བཤའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཁེ་ལས་ཀྱི་གླ་ཕོགས་མཉམ་གྲོས་ལམ་ལུགས་ཁྱབ་གདལ་གཏོང་རྒྱུ། མ་མཐའི་གླ་ཕོགས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་རིམ་པས་མཐོ་རུ་གཏོང་རྒྱུ། གཞུང་ཁོངས་ཁེ་ལས་ལ་དོ་དམ་བྱེད་མཁན་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བའི་ཐོབ་ཆའི་ཆུ་ཚད་ཚད་ལྡན་བཟོས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་ཡོང་འབབ་བགོ་བཤའ་རྒྱག་རྒྱུ་དེ་ལྟེ་བའི་ལག་རྩལ་མི་སྣ་དང་ལས་ཡུལ་དངོས་ཀྱི་ལས་མིར་ཕྱོགས་རྒྱུར་སྐུལ་འདེད་གཏོང་རྒྱུ། གླ་ཕོགས་གཏོང་སྤྲོད་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་གླ་ཕོགས་གཏོང་སྤྲོད་ལ་ལྟ་སྐུལ་དོ་དམ་ཚད་ལྡན་བཟོས་ནས་ཡིད་རྟོན་ཤོར་བར་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་རྒྱུ། ཁྲལ་བསྡུ་དང་། སྤྱི་ཚོགས་འགན་སྲུང་། སྤོ་སྒྱུར་གཏོང་སྤྲོད་སོགས་ཀྱིས་བྱ་ཐབས་གཙོ་བོར་བྱས་པའི་བགོ་བཤའ་བསྐྱར་མའི་སྙོམས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཤང་གྲོང་རྡལ་དང་ལས་ཁུངས་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོའི་འཚོ་བའི་ཁ་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གླ་ཕོགས་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་རྒྱལ་ཡོངས་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པའི་གླ་ཕོགས་ཡོང་འབབ་འཕར་བའི་གནས་ཚུལ་གཞིར་བཟུང་ཚད་གཞི་འོས་འཚམ་མཐོ་རུ་གཏོང་རྒྱུ། གཞུང་ཞབས་པའི་བྱ་དགའི་དངུལ་སྤྲོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་རྗེས་གླ་ཕོགས་བསྒྱུར་བཅོས་ལ་འཚོལ་ཞིབ་དང་སྐུལ་འདེད་བཏང་ནས་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོའི་ཆ་སྙོམས་གླ་ཕོགས་ཡོང་འབབ་ཀྱི་ཚད་གཞི་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པ་རྒྱུན་འཁྱོངས་བྱེད་རྒྱུ།

    ཆེད་སྒྲོམ་བཅུ་བཞི་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ།

    01ཞིང་འབྲོག་པའི་ཡོང་འབབ།

    གླ་ཕོགས་རང་བཞིན་གྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱ་རྒྱུ། རྩ་དོན་ཐོག་སྒོར་ཁྲི་400མན་གྱི་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཐོབ་ཐང་ཡོད་པའི་ཞིང་འབྲོག་པའི་ཨར་ལས་ཁེ་ལས(རུ་ཁག)ལ་སྤྲད་དེ་རྣམ་གྲངས་འཛུགས་སྐྲུན་ཁྲོད་རང་ལྗོངས་ཀྱི་ཞིང་འབྲོག་པའི་ལས་མི་སྤྱོད་འབོར་80%ཡན་ཟིན་པ་བྱ་རྒྱུ། གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱ་རྒྱུ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་། ཁྱིམ་ཚང་གི་འབྲོག་ར་གོང་འཕེལ་ཤུགས་ཆེ་བཏང་སྟེ་གཞི་ཁྱོན་འོས་འཚམས་ལྡན་པའི་གཉེར་སྐྱོང་ལ་སྐུལ་ལྕག་བྱ་རྒྱུ། ནོར་སྲིད་རང་བཞིན་གྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱ་རྒྱུ། གྲོང་གསེབ་ཀྱི་ས་ཆ་དང་རྩྭ་ཐང་སྤྱོད་དབང་དང་། ཁེ་ཕན་དབང་ཆ་ཕན་སྒྱུར་བྱས་ཏེ་ས་ཆ་དང་མ་རྩ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའི་ཡོང་འབབ་འཕར་སྣོན་ཡོང་བ་བྱ་རྒྱུ། ཁ་སྒྱུར་རང་བཞིན་གྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱ་རྒྱུ། ཞིང་དར་དང་། ཞིང་ཕན། ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ།

    02གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ།

    གླ་ཕོགས་རང་བཞིན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་གླ་ཕོགས་ལུགས་མཐུན་ངང་འཕར་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ལེའུ་བཅུ་བཞི་པ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    ལས་ཞུགས་སྔོན་འཇོག་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་བརྟན་པོ་ཡོང་བ་དང་རྒྱ་ཆེར་གཏོང་བ་དང་། དཔལ་འབྱོར་གོང་འཕེལ་གྱི་ལས་ཞུགས་ཕྱོགས་སྟོན་མཐའ་འཁྱོངས། ལས་ཞུགས་གཤོང་རྒྱ་ཆེར་གཏོང་། ལས་ཞུགས་ཀྱི་སྤུས་ཚད་མཐོར་གཏོང་། ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད། གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་བ་ཞི་ལྷོད་དུ་འགྲོ་རྒྱུར་དེ་བས་དོ་སྣང་བཅས་བྱས་ཏེ་ངལ་རྩོལ་བའི་ཐོབ་ཐང་དང་ཁེ་ཕན་འགན་སྲུང་བྱེད་རྒྱུ།

    ས་བཅད་དང་པོ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ།

    མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་མཁན། དབང་པོ་སྐྱོན་ཅན། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་མངོན་གསལ་དོད་པོས་ཡག་པོ་བསྒྲུབ་རྒྱུ། མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་དང་། མཐོ་སློབ་སློབ་ཐོན་སློབ་མ་གལ་ཆེའི་ནང་གི་འགངས་ཆེར་འཛིན་རྒྱུ་མཐའ་འཁྱོངས། མཐོ་སློབ་སློབ་ཐོན་སློབ་མར་ཐབས་ལམ་མང་བའི་ལས་ཞུགས་ལས་སྟེགས་བསྐྲུན་པ་བཅས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མར་ཕྱོགས་མང་གཅིག་གྱུར་གྱི་ལས་ཞུགས་མ་ལག་བསྐྲུན་རྒྱུ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྐུལ་སྤེལ་འཆར་གཞི་དང་གཞི་རིམ་གྱི་འཚར་ལོངས་འཆར་གཞི་ལག་བསྟར་བྱས་ཏེ་སློབ་ཐོན་སློབ་མ་དེ་བས་མང་བ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་དང་དཀའ་ཚེགས་ཆེ་བའི་ཐག་རིང་ས་ཁུལ་དུ་བསྐྱོད་དེ་བྱས་རྗེས་འཇོག་པ་དང་ལས་གཏོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། མཐོ་སློབ་སློབ་ཐོན་སློབ་མ་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་དུ་ལས་ཞུགས་ལས་གཏོད་ལ་འགྲོ་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་གཏོང་བའི་སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་ལས་རིགས་དོན་གཉེར་གྱི་འཆར་འགོད་སློབ་གསོ་དང་། ལས་ཞུགས་མཛུབ་ཁྲིད་ཞབས་ཞུ། ལས་གནས་རྩལ་ནུས་གསོ་སྦྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཐབས་ལམ་མང་བའི་ཁྲོམ་རའི་ལས་ཞུགས་དང་རང་བརྟེན་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུ། ལས་ཞུགས་བོད་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་ཁོངས་གཏོགས་བྱ་གཞག་ཚན་པ། ཁ་གཏད་བོད་སྐྱོར་ཞིང་ཆེན(ལྗོངས། གྲོང་ཁྱེར)ཁག ཀྲུང་དབྱང་ཁེ་ལས། ནང་སའི་དམངས་གཉེར་ཁེ་ལས་བཅས་སུ་སྐྱེས་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ལྗོངས་ཕྱིར་ལས་ཞུགས་བརྟན་པོ་ཐུབ་པའི་བརྩོན་ལེན་བྱ་རྒྱུ། ཞིང་འབྲོག་པ་རྩ་འཛུགས་ཅན་དང་གཞི་ཁྱོན་ཅན་ལྡན་པའི་ལས་ཞུགས་ཁ་སྒྱུར་བྱེད་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་ཐག་ཉེ་ས་དང་། སྟབས་བདེ་ས། ཕ་ཡུལ་དང་ས་ཆ་དེ་རང་ནས་ཁ་བྲལ་མི་དགོས་པ། ལས་ཀ་འཇོན་པ་དང་སྒྲུབ་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག ངལ་ནུས་ཕྱིར་གཏོང་དང་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མའི་ལས་ཞུགས་ཁ་སྒྱུར་གྱི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་མ་འཇོག་རྣམ་གྲངས་སུ་ས་ཆ་དེ་གའི་ཞིང་འབྲོག་པ་ལས་ཞུགས་ཐུབ་ཤུགས་ཆེ་རུ་གཏོང་རྒྱུ། དཀའ་ངལ་ཡོད་པའི་མང་ཚོགས་ལས་ཞུགས་ཐུབ་རྒྱུར་རོགས་རམ་ཤུགས་ཆེ་བྱེད་པ་དང་། ལས་གཏོད་ལ་བརྟེན་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱེད་པ་དང་། ཐབས་ལམ་མང་བ་དང་སྟབས་བསྟུན་ངང་ལས་ཞུགས་ཐུབ་པའི་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ལས་ཞུགས་ཀྱི་རྣམ་པ་གསར་པ་གོང་འཕེལ་ལ་རྒྱབ་སྐྱོར་དང་ཚད་ལྡན་ཡོང་བ་བཅས་བྱས་ཏེ་ལས་ཞུགས་མེད་པའི་ཁྱིམ་ཚང་བབ་བསྟུན་ངང་མི་ལུས་པའི་འགན་ལེན་བྱ་རྒྱུ། བུད་མེད་ལས་ཞུགས་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏང་ནས་ལས་ཞུགས་བྱེད་སྐབས་བུད་མེད་ལ་སྣང་ཆུང་བྱེད་པའི་སྣང་ཚུལ་མེད་པར་བཟོ་རྒྱུ།

    ས་བཅད་གཉིས་པ། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་རང་བཞིན་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་དང་། ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་ལམ་སྲོལ། ཚེ་གང་གི་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་བཅས་འཐུས་སྒོ་ཚང་དུ་བཏང་ནས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞི་གང་མགྱོགས་བསྐྲུན་པ། གཞི་རིམ་གྱི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་སྤྱི་པའི་ལས་ཞུགས་ཞབས་ཞུའི་ནུས་པ་བརྟན་པོའི་ངང་ཆེ་རུ་གཏོང་རྒྱུ། ལས་ཞུགས་ཀྱི་ཞབས་ཞུའི་རྣམ་པ་གསར་གཏོད་ཀྱིས“དྲ་སྦྲེལ་+སྤྱི་པའི་ལས་ཞུགས་ཞབས་ཞུ”བཏོད་དེ་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ཆ་འཕྲིན་མཛོད་འཛུགས་པ་དང་འགུལ་རྣམ་གསར་བརྗེས་ལག་བསྟར་བྱས་ཏེ། ལས་ཞུགས་ཀྱི་དགོས་མཁོར་བརྟག་ཞིབ་དང་ལས་ཤོར་ལ་ལྟ་སྐུལ་ཚད་ལེན་དང་ཉེན་བརྡ་སྔོན་གཏོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལས་ཞུགས་རོགས་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཐོན་ཁུངས་དེ་གཞི་རིམ་དང་སྤྱི་ཚོགས་ཀྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཕྱོགས་རྒྱུར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་གསུམ་པ། ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ།

    ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་ལག་བསྟར་ཤུགས་ཆེ་བྱས་ཏེ་རྩལ་ནུས་ཤེས་ལྡན་པའི་ལས་རིགས་གོང་འཕེལ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་ལག་རྩལ་དང་རྩལ་ནུས་རྣམ་པའི་ཤེས་ལྡན་པའི་གསོ་སྐྱོང་ལམ་སྲོལ་ལེགས་སུ་བཏང་ནས་རྩལ་ནུས་ལེགས་འགྱུར་དང་ཐོན་ལས་ཁ་སྒྱུར་དང་འཚམ་པའི་ངལ་རྩོལ་པའི་འཇོན་ཐང་ཆེ་རུ་གཏོང་རྒྱུ། བོད་ཀྱི་ལག་རྩལ་པའི་སློབ་གླིང་ཡག་པོ་གཉེར་ཏེ་ལྗོངས་ཡོངས་ཀྱི་ལག་རྩལ་བཟོ་པའི་སློབ་གསོའི་བཀོད་པ་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ནས་ཁག་དང་ཁག་བྱས་ཏེ་ས་གནས་དང་གྲོང་ཁྱེར་གྱི་ལག་རྩལ་བཟོ་པའི་སློབ་གསོ་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ་དོན་དངོས་དང་མཐུན་པའི་ལག་རྩལ་བཟོ་པའི་སློབ་གསོའི་མ་ལག་ཅིག་རིམ་བཞིན་ཆགས་པར་བྱེད་རྒྱུ། “བོད་ཀྱི་བཟོ་བོ”གསོ་སྐྱོང་ཤུགས་ཆེ་བྱས་ཏེ་ཞིང་འབྲོག་པའི“བཟོ་བོ”དང་རྩལ་ནུས་ཤེས་ལྡན་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་པའི་ཚན་རྩལ་དང་རིག་གནས་བྱང་ཚད་ལེགས་སུ་གཏོང་རྒྱུ། སྲོལ་རྒྱུན་གྱི་བཟོ་རྩལ་འགྲན་བསྡུར་ཡག་པོ་གཉེར་ཏེ་ཁྱད་ལྡན་མི་རིགས་ལག་ཤེས་བཟོ་རྫས་ཀྱི་ལག་རྩལ་རྒྱུན་འཛིན་དང་ལེགས་སུ་བཏང་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཞིབ་སྤེལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕུལ་བྱུང་རྩལ་ནུས་རྣམ་པའི་ཤེས་ལྡན་པའི་དཔེ་མཚོན་གཏོད་པ། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེ་གཏོང་བ་བཅས་བྱས་ཏེ་ངལ་རྩོལ་པ་དང་ལྷག་དོན་དུ་ལོ་གཞོན་མི་རབས་དེ་བས་མང་བས་རྩལ་ནུས་ལ་བརྟེན་ནས་འཇོན་ཐང་ཅན་དུ་འགྱུར་བ་དང་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འགྲོ་ལམ་དུ་བསྐྱོད་རྒྱུར་སྐུལ་མ་གཏོང་རྒྱུ།

    ས་བཅད་བཞི་པ། གསར་གཏོད་ལས་གཏོད་ལ་སྐུལ་མ་ཧུར་ཐག་གཏོང་རྒྱུ།

    ཀུན་གྱིས་བྱ་གཞག་གཏོད་རྒྱུ་དང་། དམངས་ཀྱིས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། “གཉིས་གཏོད”གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་གཏོང་བ་དང་། བྱ་གཞག་གཏོད་དེ་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དང་། སྣ་མང་སྟབས་བསྟུན་གྱི་ལས་ཞུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། མཐོ་སློབ་དང་ཚན་ཞིབ་སློབ་གླིང་སོགས་བྱ་གཞག་ཚན་པའི་ཚན་ཞིབ་མི་སྣས་གསར་གཏོད་ལས་གཏོད་བྱེད་པར་རྒྱབ་སྐྱོར། ཞིང་པ་ལས་མི་སོགས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར། དམག་ཞབས་ཐིམ་པའི་དམག་མི་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་སོགས་ལས་རིགས་ཁག་གི་མི་སྣས་ལས་གཏོད་ལ་བརྟེན་ནས་ལས་ཞུགས་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ་ལས་ཞུགས་བྱེད་སྟངས་གསར་པ་གོང་འཕེལ་ལ་རྒྱབ་སྐྱོར་དང་ཚད་ལྡན་ཡོང་བར་བྱེད་རྒྱུ། ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལེགས་སྒྲིག་བྱས་ཏེ་ལས་གཏོད་ཀྱི་མ་འཇོག་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ལས་གཏོད་ཀྱི་གཏའ་འཇོག་བུན་གཡར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ལས་གཏོད་ཐོག་མར་བྱེད་མཁན་ཁེ་ལས་ལ་ལས་གཏོད་བྱ་ཡུལ་ཐད་རྒྱབ་སྐྱོར་དང་། བོགས་དངུལ་ཆག་ཡང་། ཁྲལ་གྲོན་གཟིགས་སྐྱོང་། ལས་གཏོད་ཁ་གསབ་སོགས་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལས་གཏོད་ཀྱི་མ་གནས་དམའ་རུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་། ཕ་ཡུལ་དུ་ལོག་པའི་ཞིང་འབྲོག་པ། དམག་ཞབས་ཐིམ་པའི་དམག་མི། ཐོ་འགོད་ལས་ཤོར་མི་སྣ་སོགས་ཚོགས་སྤྱིའི་ལས་གཏོད་ལ་སྐུལ་འདེད་གཏོང་བའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ། “གཉིས་གཏོད”ཀྱི་གཞི་རྟེན་ཆེད་ལས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྣེའུ་ཁུལ་གསར་སོགས་རྒྱལ་ཁབ་ཀྱི་གཉིས་གཏོད་དཔེ་སྟོན་རྟེན་གཞི་དང་བོད་ཀྱི་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གསར་གཏོད་ལས་གཏོད་ཀྱི་ཞབས་ཞུའི་འདེགས་སྐྱོར་ལས་སྟེགས་དང་གྲུབ་འབྲས་ཁ་སྒྱུར་གྱི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། དྲག་ཐོག་དང་དྲ་ཕྱིའི་ལས་གཏོད་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་གསོ་སྦྱོང་སློབ་སྦྱོང་དང་། ལས་གཏོད་ཉམས་ལེན། བློ་འདྲི་མཛུབ་ཁྲིད། རྗེས་སྙེག་རོགས་སྐྱོར་སོགས་གཞི་གཅིག་ཅན་གྱི་ལས་གཏོད་གསོ་སྦྱོང་ཞབས་འདེགས་མ་ལག་མཁོ་འདོན་བྱེད་རྒྱུ། ངལ་རྩོལ་པ་ཡོངས་ལ་ཕྱོགས་པའི་ལས་གཏོད་ཞབས་ཞུའི་ལས་སྟེགས་བསྐྲུན་ནས་རིམ་པ་ཁག་དང་རིགས་ཁག་གི་ལས་གཏོད་སྐུལ་སྤེལ་བྱེད་སྒོ་སྒྲིག་འཛུཌ་བྱས་ཏེ་ཕྱོགས་བསྡུས་རང་བཞིན་གྱི་ལས་གཏོད་ཀྱི་ཁོར་ཡུག་མ་ལག་སྐྱེད་སྲིང་ཧུར་ཐག་བྱེད་རྒྱུ། “སྐྱོང་སྤེལ་འཆར་གཞི་དང་། སྐྱོང་སྤེལ་བྱེད་ས། སྐུལ་འདེད་གཏོང་ཆས། བརྟན་པོ་ཡོང་ཆས”བཅས་རིམ་པ་བཞིན་འཛུགས་སྐྱོང་བྱེད་པའི་མ་ལག་གཏོད་དེ་ཆེད་ལས་ཅན་དང་། བར་ཁྱད་ཅན། གཏན་འཁེལ་ཅན་བཅས་ཀྱི་ལས་གཏོད་མཛུབ་ཁྲིད་ཞབས་ཞུ་མཁོ་འདོན་བྱེད་རྒྱུ།

    ཆེད་སྒྲོམ་བཅོ་ལྔ་པ། ལས་ཞུགས།

    01 མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས།

    ཀྲུང་དབྱང་རྩ་འཛུགས་པུས་ཁ་གསལ་བཏོན་པའི་ལོ་ལྟར་སྐྱེས་ཁུངས་བོད་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་220ནང་སའི་ལས་ཁུངས་དང་བྱ་གཞག་ཚན་པར་བསྡུ་རྒྱུའི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་རྒྱུ། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་བྱ་གཞག་ཚན་པའི་ལས་གནས་1200དང་ཁེ་ལས་ཀྱི་ལས་གནས་20000མཁོ་འདོན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁ་གཏད་བོད་སྐྱོར་གྱི་ཀྲུང་དབྱང་ཁེ་ལས་ཀྱིས་ལོ་ལྟར་ལས་ཞུགས་ལས་གནས་1600ཡན་མཁོ་འདོན་བྱ་རྒྱུར་སྐུལ་འདེད་གཏོང་བ། སྐྱེས་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ།

    02 ཞིང་འབྲོག་པའི་ལས་ཞུགས་ཁ་སྒྱུར།

    ལོ་ལྟར་ཞིང་འབྲོག་པ་ཁྲི་60ལྷག་ཙམ་ལས་ཞུགས་ཁ་སྒྱུར་ཐུབ་པ་བྱ་རྒྱུ།

    03 “གཉིས་གཏོད”

    སློབ་ཆེན་གྱི་ཚན་རྩལ་གླིང་དང་། ཚན་རྩལ་ཁེ་ལས་ཀྱི་གསོ་སྤེལ་བྱེད་ཆས། ཀུན་གཏོད་བར་མཐོངས། གསར་གཏོད་བར་སྣང་། ལས་གཏོད་གསོ་སྤེལ་རྟེན་གཞི། ཚན་རྩལ་ཁྱད་ལྡན་གྲོང་རྡལ་ཆུང་ངུ་སོགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་2025ལོར་སླེབས་སྐབས་རང་སྐྱོང་ལྗོངས་རིམ་པའི་གཉིས་གཏོད་གཞི་རྟེན་70ཟིན་པ་བྱ་རྒྱུ།

    ལེའུ་བཅོ་ལྔ་པ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་བསྐྲུན་མགྱོགས་སུ་གཏོང་རྒྱུ།

    ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སྤྱོད་བཟང་མི་སྐྱོང་དང་གཤིས་བཟང་མི་སྐྱོང་དོན་འཁྱོལ་བྱེད་རྒྱུ། དགེ་སློབ་ཁྲོད“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་བྱས་ཏེ་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པའི”ཆེད་དོན་སློབ་གསོ་མུ་མཐུད་སྤེལ་རྒྱུ། སློབ་གསོ་སྔོན་ལ་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་དང་སློབ་གསོ་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གིས་གཙོས་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་བུ་བཅོལ་ཁང་གི་གཞི་གཅིག་ཅན་གྱི་སློབ་གསོ་སློབ་ཁྲིད་མ་ལག་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ་དགེ་རྒན་གྱི་ནུས་པ་དང་བྱང་ཚད་དང་། བསམ་བློ་ཆབ་སྲིད་སློབ་གསོ། སློབ་ཁྲིད་སྤུས་ཚད། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག ལས་རིགས་སློབ་གསོའི་ཆུ་ཚད། དམངས་ཡོངས་ཀྱི་སློབ་གསོ་བཅས“མཐོར་གཏོང་དྲུག”མངོན་འགྱུར་ཡོང་བ་བྱེད་རྒྱུ།

    ས་བཅད་དང་པོ། རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོར་གཏོང་འཆར་གཞི་ལག་བསྟར་བྱེད་རྒྱུ།

    སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་གཟིགས་སྐྱོང་། བདེ་འཇགས་དང་སྤུས་ལེགས་བཅས་ཀྱི་ཐོག་ནས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། གྲོང་ཁྱེར་གྲོང་རྡལ་གྱི་གཞུང་བཙུགས་བུ་བཅོལ་ཁང་ཁག་གཅིག་གསར་འཛུགས་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གསར་འཛུགས་སྡེ་ཁུལ་དུ་བུ་བཅོལ་ཁང་འཛུགས་པའི་ལམ་ལུགས་དོན་འཁྱོལ་བྱེད་རྒྱུ། ཞིང་འབྲོག་ཁུལ་དུ་བུ་བཅོལ་ཁང་གི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ། བྱིས་པ་སྐྱོང་གསོའི་བྱེད་སྤྱོད་ཚད་ལྡན་བཏང་སྟེ་བྱིས་པ་སྐྱོང་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། འོས་འགན་སློབ་གསོ་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་འཕེལ་རྒྱལ་ལ་སྐུལ་འདེད་བཏང་སྟེ“གསོ་སྐྱོང་ལྔ་མཉམ་སྤེལ”མཐའ་འཁྱོངས་བྱེད་རྒྱུ། བྱང་ཚད་སློབ་གསོ་ལག་བསྟར་བྱས་ཏེ་གསར་གཏོད་ནུས་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དོ་དམ་ཚད་ལྡན་དང་། སློབ་ཁྲིད་ཚད་ལོན། སློབ་སྦྱོང་ཚད་ལོན། ཞབས་ཞུ་ཚད་ལོན། དཔྱད་འཇོག་ཚད་ལོན་བཅས་ལ་སྐུལ་འདེད་བཏང་ནས་འོས་འགན་སློབ་གསོའི་སྤུས་ཚད་ཕྱོཌ་ཡོངས་ནས་མཐོ་རུ་གཏོང་རྒྱུ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཁྱབ་གདལ་གཏོང་ཚད་ཆེ་རུ་གཏོང་བ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མ་སྣ་ཚོགས་དང་ཁྱད་ཆོས་ལྡན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཚན་གསར་པ་དང་བསླབ་གཞི་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མཐོ་རིམ་སློབ་འབྲིང་དཀྱུས་མའི་བསླབ་གཞི་དང་འཛིན་གྲྭ་འདེམས་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་སྦྱངས་འབྲས་ཡིག་རྒྱུགས་ཚད་ལྡན་བཟོ་རྒྱུ། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་གྱིས་མཐོ་རིམ་སློབ་འབྲིང་གཉེར་བ་དང་། རྫོང་གིས་དམའ་རིམ་སློབ་འབྲིང་གཉེར་བ། ཤང་གིས་སློབ་ཆུང་གཉེར་བ། གྲོང་ཚོས་བུ་བཅོལ་ཁང་གཉེར་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་རྒྱུ། སློབ་གྲྭའི་བཀོད་པ་ལུགས་མཐུན་ངང་ལེཌ་སུ་གཏོང་བ་དང་། བློ་རིག་སློབ་གསོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ཁུལ་གྱི་སློབ་གཉེར་ཆ་རྐྱེན་གྱི་ཞན་ཆ་གང་མགྱོཌ་གསབ་པ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་དང་། ཁུལ་ཁོངས། སློབ་གྲྭའི་དབར་བཅས་ཀྱི་འོས་འགན་སློབ་གསོའི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་གཞི་རྩའི་ཆར་སྙོམས་པར་བྱེད་རྒྱུ། མཐའ་མཚམས་ས་ཁུལ་གྱི་སློབ་གསོར་དམིགས་བསལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་མཐར་ལུས་འཐབ་ས་དང་པོའི་སློབ་གྲྭ(བུ་བཅོལ་ཁང་ཚུད)དང་སློབ་མར་བར་ཁྱད་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་རྒྱུ། དམིགས་བསལ་སློབ་གསོ་ཡག་པོ་གཉེར་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་ཚང་མར་ཁྱབ་པ་བྱེད་རྒྱུ།

    ས་བཅད་གཉིས་པ། ལས་རིཌ་སློབ་གསོའི་ཁྱད་ཆོས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ།

    དེང་རབས་ཅན་གྱི་ལས་རིགས་སློབ་གསོའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ལས་རིགས་སློབ་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ། ལས་རིགས་སློབ་གསོ་འཕྲོད་ཤུགས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་འབྱུང་འགྱུར་ཁྲོམ་རའི་དགོས་མཁོར་དམིགས་ནས་ཚན་རིག་དང་མཐུན་པའི་ངང་ཆེད་ལས་བཀོད་སྒྲིག་བྱེད་པ་དང་། སློབ་གྲྭ་དང་། ལས་རིགས། ཁེ་ལས་བཅས་མཉམ་དུ་ལས་རིགས་སློབ་གསོའི་ནང་ཞུགས་པའི་ལས་དབང་གཅིག་མཐུན་ཚོགས་པ་དང་། ཁེ་ཕན་གཅིག་མཐུན་ཚོགས་པ། འགན་འཁྲི་གཅིག་མཐུན་ཚོགས་པ་བཅས་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ། སྲིད་གཞུང་གིས་གཙོ་གཉེར་དང་། མཐོ་རིམ་སློབ་འབྲིང་དཀྱུས་མ་དང་ལས་རིགས་སློབ་འབྲིང་མཉམ་འདྲེས་དང་། ཐོན་ལས་དང་སློབ་ཁྲིད་མཉམ་འདྲེས། སློབ་གྲྭ་དང་ཁེ་ལས་མཉམ་ལས། ཐོན་སློབ་ཞིབ་ཚོང་གཞི་གཅིག་ཅན་བཅས་ཀྱི་སློབ་གཉེར་རྣམ་པ་ཞིག་ཆགས་པར་མུ་མཐུད་སྐུལ་འདེད་གཏོང་རྒྱུ། རྨང་གཞིའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ད་ཡོད་ཀྱི་ལས་རིགས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་ནས་ས་གནས་དང་གྲོང་ཁྱེར་ཚང་མས་གཙོ་གནད་ཐོག་ཚད་ལྡན་ཅན་དང་ཁྱད་ཆོས་ཡོད་པའི་འབྲིང་རིམ་ལས་རིགས་སློབ་གྲྭ་རེ་གཉེར་རྒྱུ། ལས་རིགས་སློབ་གསོའི་སྤུས་ཚད་མཐོར་གཏོང་འཆར་གཞི་ལག་བསྟར་བྱས་ཏེ་ལས་རིགས་སློབ་གསོའི་སློབ་གཞི་དང་། སློབ་ཚན་ཁྲིད་སྟངས། དགེ་རྒན་བཅས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའི་སྣེ་ཁྲིད་འཆར་གཞི་ལག་བསྟར་བྱས་ཏེ་སློབ་གྲྭ་རྩེ་གྲ་དང་ཆེད་ལས་རྩེ་གྲ་ཁག་གཅིག་འཛུགས་རྒྱུ། ལྗོངས་ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭ་གོང་འཕེལ་མྱུར་པོ་ཡོང་བར་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་བོད་ཀྱི་ལས་རིགས་ལག་རྩལ་སློབ་གླིང་གི“མཐོ་གཉིས”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། ཆེད་ལས་གྲུབ་ཆའི་བར་མཐོངས་བཀོད་པ་ལེགས་སུ་བཏང་སྟེ་ཁྱད་ལྡན་སྤུས་ལེགས་ཀྱི་རྐང་འཛིན་ཆེད་ལས་ཁག་གཅིག་བཙུགས་ནས་ཤུགས་རྐྱེན་དང་། འགྲན་རྩོད། ཡིད་དབང་འགུག་ཤུགས་བཅས་ལྡན་པའི་རྐང་འཛིན་ཆེད་ལས་ཚོགས་པ་ཞིག་ཆགས་པར་བྱེད་རྒྱུ། སློབ་མའི་ཀུན་སྤྱོད་དང་ལག་རྩལ། འཇོན་ཐང་བཅས་གསོ་སྐྱོང་བྱས་ཏེ་ཆེད་ལས་ཀྱི་རྩལ་ནུས་ལྡན་པའི་གོ་ཆོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་རྒྱུ། ཕྱིར་སྐྱོད་ལུས་རྩལ་ཆེད་ལས་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ།

    ས་བཅད་གསུམ་པ། མཐོ་སློབ་སློབ་གསོ་བསྒྱུར་བཅོས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ།

    “རྩེ་གྲ་གཉིས”གཏོད་པ་དང་སློབ་གསོ་པུའུ་དང་རང་སྐྱོང་ལྗོངས་མཉམ་དུ་བོད་ལྗོངས་སློབ་ཆེན་གཉེར་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། བོད་ལྗོངས་བོད་ལུཌ་གསོ་རིག་སློབ་ཆེན་དང་། བོད་ལྗོངས་སློབ་ཆེན། བོད་ལྗོངས་ལས་རིཌ་ལག་རྩལ་སློབ་གླིང་བཅས་ཀྱི་སློབ་ཁུལ་གསར་པ་འཛུཌ་སྐྲུན་ལ་གང་མགྱོཌ་སྐུལ་འདེད་གཏོང་རྒྱུ། རིག་ཚན་ཆེད་ལས་ཀྱི་གྲུབ་ཆ་ལེགས་སུ་བཏང་སྟེ་དངོས་ཁམས་རིག་པ་དང་། བཟོ་ལས་རིག་པ། ཞིང་ལས་རིག་པ། གསོ་རིག་སོགས་དགོས་མཁོ་ཆེ་ལ་དཀོན་པའི་རིག་ཚན་ཆེད་ལས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གྲུབ་ཆ་ལུགས་མཐུན་དང་ཁྱད་ཆོས་མངོན་གསལ་དོད་པའི་རིག་ཚན་ཆེད་ལས་ཀྱི་མ་ལག་ཅིག་ཆགས་པ་བྱ་རྒྱུ། དངོས་གཞིའི་སློབ་གསོ་རྩེ་གྲ་འཛུགས་སྐྲུན་བྱས་ནས་བཟོ་རིག་ཚན་ཁག་དང་། གསོ་རིག་ཚན་ཁག ཞིང་ལས་ཚན་ཁག རིག་གཞུང་ཚན་ཁག་བཅས་གསར་པ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། བོད་ཀྱི་ཉེན་རྟོག་དཔོན་གྱི་མཐོ་རིམ་ཆེད་ཚན་སློབ་གྲྭ་དང་། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ“ཆེད་ཚན་ནས་དངོས་གཞིར་འཕར་བར”སྐུལ་འདེད་གཏོང་རྒྱུ། སློབ་གསོ་སློབ་ཁྲིད་ཀྱི་བསྒྱུར་བཅོས་ཟབ་ཏུ་བཏང་སྟེ“ཆེད་ལས་རྩེ་གྲ་དང་སློབ་ཚན་རྩེ་གྲ”གཏོད་པའི་འཆར་གཞི་ལག་བསྟར་བྱས་ཏེ་ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ། ཞིབ་འཇུག་སློབ་མའི་སློབ་གསོ་བསྒྱུར་བཅོས་ཟབ་ཏུ་བཏང་སྟེ་ཞིབ་འཇུག་སློབ་མའི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ་དང་། འབུམ་རམས་པའི་དབང་བཅོལ་ཚན་པ་དང་འབུམ་རམས་པ་དང་རབ་འབྱམས་པའི་དབང་བཅོལ་གནས་གཞི་མང་དུ་བཏང་ནས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུ། མཐོ་སློབ་ཀྱི་ཚན་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་ཏུ་བཏང་སྟེ་ཚན་ཞིབ་འགྲོ་སོང་བེད་སྤྱོད་ཐད་ཀྱི་མཐོ་སློབ་ཚན་ཞིབ་མི་སྣའི་རང་བདག་དབང་ཆ་ཆེ་རུ་བཏང་ནས་ཚན་ཞིབ་མི་སྣའི་གསར་གཏོད་གསར་བཟོའི་ཧུར་བརྩོན་རང་བཞིན་འཕེལ་བར་བྱེད་རྒྱུ།

    ས་བཅད་བཞི་པ། སློབ་གསོར་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་ཤུཌ་ཆེ་རུ་གཏོང་རྒྱུ།

    དུས་རབས་གསར་པའི་སློབ་གསོའི་དཔྱད་དཔོག་ལམ་ལུགས་བསྒྱུར་བཅོས་ཟབ་ཏུ་བཏང་སྟེ་ཡིག་རྒྱུགས་ལ་བརྟེན་ནས་སློབ་མ་བསྡུ་བའི་ལམ་ལུགས་བསྒྱུར་བཅོས་དང་ས་གནས་དང་། སློབ་གྲྭ དགེ་རྒན། སློབ་མ། མི་སྤྱོད་བཅས་ཐད་ཀྱི་དཔྱད་དཔོག་མ་ལག་ལ་བསྒྱུར་བཅོས་བཏང་ནས་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་གསོའི་བར་གྱི་སློབ་མཚམས་རེའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་ཚད་གཞི་བཟོ་རྒྱུ། རྫོང་ཁོངས་ནང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ཡོང་བ་བྱ་རྒྱུ། རྫོང་ཁོངས་ནང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭ་འཛུགས་པའི་ཚད་གཞི་གཅིག་གྱུར་དང་། དགེ་རྒན་གྱི་སྒྲིག་ཁོངས་ཚད་གཞི་གཅིག་གྱུར། སློབ་མ་རེའི་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་གྱི་ཚད་གཞིའི་བཅད་གྲངས་གཅིག་གྱུར། གཞི་རྩའི་སྒྲིག་ཆས་སྒྲིག་སྦྱོར་གྱི་ཚད་གཞི་གཅིག་གྱུར་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ཟབ་ཏུ་བཏང་སྟེ་གཞོན་ནུ་ལོ་ཆུང་གི་བདེ་ཐང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ངལ་རྩོལ་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ། མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གསོའི་སྤེལ་རེས་ལམ་སྲོལ་བཙུགས་ཏེ་ཕྱོགས་བསྡུས་མཐོ་རིམ་སློབ་འབྲིང་གོང་འཕེལ་གཏོང་རྒྱུ། ལས་རིགས་སློབ་གླིང་དང་སློབ་གྲྭའི་ལས་མི་ཡོངས་ཀྱི་ལས་གནས་གདན་ཞུའི་ལམ་ལུགས་དང་ལས་རྗེས་དཔྱད་ཞིབ་བགོ་བཤའི་ལམ་ལུགས་ཁྱབ་གདལ་བཏང་སྟེ་ལས་གནས་ལ་གཞིགས་ནས་མི་གདན་ཞུ་བྱེད་པ་དང་། ལས་གནས་ལ་གཞིགས་ནས་གླ་ཕོགས་གཏན་འཁེལ་བཟོ་བ། ལས་རྗེས་ལ་བརྟེན་ནས་ཐོབ་ཆ་ལེན་པ་བཅས་བྱེད་རྒྱུ། དགེ་རྒན་གྱི་དོ་དམ་བསྒྱུར་བཅོས་ཟབ་ཏུ་བཏང་སྟེ་སྒྲིག་ཁོངས་འགུལ་རྣམ་གྱི་བཀོད་སྒྲིག་ལམ་སྲོལ་འཛུགས་རྒྱུ། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་ཡིག་རྒྱུགས་དང་དུས་བཀག་ཐོ་བཀོད་ལམ་ལུགས་བཟོས་ཏེ་དགེ་རྒན“རྫོང་ནས་དོ་དམ་དང་སློབ་གྲྭས་གདན་ཞུ་བྱེད་པ”དང་སློབ་གྲྭ་འབྲིང་ཆུང་གི་སློབ་སྤྱིའི་ལས་རིམ་ལམ་ལུགས་དང་དགེ་རྒན་གྱི་ཐོབ་ཐང་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་རྒྱུ།

    ཆེད་སྒྲོམ་བཅུ་དྲུག་པ། སློབ་གསོའི“མཐོར་གཏོང་དྲུག”

    01 དགེ་རྒན་གྱི་ཕྱོགས་བསྡུས་བྱང་ཚད་དང་སློབ་སྤྱིའི་སློབ་བཅོས་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ།

    དཔྱད་དཔོག་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་འགན་ལེན་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དགེ་རྒན་གྱི་ལས་ཀའི་ནུས་པ་དང་བྱ་གཞག་སྒྲུབ་སེམས། འགན་འཁྲིའི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་རྒྱུ།

    02 བསམ་བློ་ཆབ་སྲིད་སློབ་གསོ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ།

    སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཤུགས་ཆེ་བསྟར་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་ཀྲུང་གོར་དགའ་ཞེན་བྱེད་པའི་ས་བོན་གྱི་མྱུ་གུ་ལོ་ཆུང་གཞོན་ནུ་ཡོངས་ཀྱི་སེམས་སུ་འབུས་པར་བྱེད་རྒྱུ།

    03 སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ།

    རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གིས་གཙོས་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་བུ་བཅོལ་ཁང་གི་གཞི་གཅིག་ཅན་གྱི་སློབ་གསོ་སློབ་ཁྲིད་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ“100%བྱས་པ་ལྔའི”གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ“ལོ་ལྔ་ཚན་བཅུ་བཞི་པའི”ལོ་མཇུག་ཏུ་མཐོ་རྒྱུགས་ཀྱི་སྦྱང་འབྲས་སྐར་མ་30མཐོ་རུ་འགྲོ་རྒྱུའི་བརྩོན་ལེན་བྱེད་རྒྱུ།

    04 སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ།

    གྲོང་ཁྱེར་གྱིས་མཐོ་རིམ་སློབ་འབྲིང་གཉེར་བ་དང་། རྫོང་གིས་དམའ་རིམ་སློབ་འབྲིང་གཉེར་བ། ཤང་གིས་སློབ་ཆུང་གཉེར་བ། གྲོང་ཚོས་བུ་བཅོལ་ཁང་གཉེར་བ་བཅས་ཀྱི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་སློབ་གྲྭའི་བཀོད་པ་ལུགས་མཐུན་ལེགས་སུ་བཏང་ནས་ཞིང་འབྲོག་ཁུལ་གྱི་སློབ་གཉེར་ཆ་རྐྱེན་མི་འདང་ས་གང་མགྱོགས་གསབ་ནས“ལོ་ལྔ་ཚན་བཅུ་བཞི་པའི”ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་སྤྱིར་ཆ་སྙོམས་པར་བྱེད་རྒྱུ།

    05 ལས་རིགས་སློབ་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ།

    མཐོ་རིམ་ལས་རིགས་སློབ་གྲྭར་སློབ་མ་བསྡུ་རྒྱ་ཆེ་རུ་གཏོང་བ་དང་ལས་རིགས་རྩལ་ནུས་མཐོར་གཏོང་གི་ལོ་གསུམ་བྱ་སྤྱོད་ལག་བསྟར་བྱས་ཏེ་བོད་ཀྱི་ལག་རྩལ་སློབ་གླིང་ཡག་པོ་གཉེར་བ་དང་ཀྲུང་དབྱང་གི་ཁེ་ལས་ཁག་གཅིག་ཏུ་བོད་ཀྱི་ལས་རིགས་སློབ་གསོའི“ལག་རྩལ་སློབ་གསོ”དངོས་སྦྱོང་རྟེན་གཞི་བཙུགས་ནས་ལས་རིགས་སློབ་གསོའི་ཐོན་སློབ་མཉམ་འདྲེས་དང་སློབ་ཁེ་མཉམ་ལས་རོགས་སྐྱོར་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་དེང་རབས་ཅན་འཛུགས་སྐྲུན་ལ་མཁོ་བའི་བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱས་ནས་ལྗོངས་ཡོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་དང་དོ་དམ་ཁྲོད་ས་ཆ་དེ་གའི་ལག་རྩལ་མི་སྣ་50%ལས་བརྒལ་རྒྱུའི་བརྩོན་ལེན་བྱེད་རྒྱུ།

    06 དམངས་ཡོངས་ཀྱི་སློབ་གསོ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ།

    གྲོང་ཚོའི(གྲོང་མི)ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཆུད་པར་བྱེད་པའི་ལོ་གཉིས་ཀྱི་འགག་སྒྲོལ་བྱ་སྤྱོད་ལག་བསྟར་ཤུགས་ཆེ་བྱས་ཏེ་ཞིང་འབྲོག་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་བྱེད་པ་དང་། རྒྱུན་མཐུད་སློབ་གསོ་གོང་འཕེལ་མགྱོགས་སུ་གཏོང་བ། དམངས་ཡོངས་སློབ་སྦྱོང་གི་སློབ་གསོའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”ལོ་མཇུག་ཏུ་ངལ་རྩོལ་གྱི་ལོ་ཟིན་པའི་མི་ལ་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་ལོ་13.6ཟིན་རྒྱུའི་བརྩོན་ལེན་བྱེད་རྒྱུ།

    ལེའུ་བཅུ་དྲུག་པ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ།

    མི་དམངས་ཀྱི་བདེ་ཐང་འགན་ལེན་བྱ་རྒྱུ་དེ་སྔོན་ལ་གོང་འཕེལ་གཏོང་བའི་འཐབ་ཇུས་གནས་བབ་ཐོག་འཇོག་པ་དང་གཞི་རིམ་གཙོ་བོར་བྱེད་པ་དང་། སྔོན་འགོག་གཙོ་བོར་བཟུང་བ། ཀྲུང་ལུགས་དང་ནུབ་ལུགས་གསོ་རིག་གལ་ཆེ་མཉམ་དུ་འཛིན་པ། མི་དམངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་འཕྲོད་བསྟེན་དང་བདེ་ཐང་ལས་ཀའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་བདེ་ཐང་བོད་ལྗོངས་འགན་ལེན་གྱི་ལས་གཞི་ལག་བསྟར་བྱེད་རྒྱུ།

    ས་བཅད་དང་པོ། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།

    ནད་ཡམས་སྔོན་འགོག་དང་ཚོད་འཛིན་མ་ལག་བསྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལྟ་བཤེར་ཉེན་བརྡ་སྔོན་གཏོང་དང་། ཉེན་ཁ་ཚོད་སྐོར། རིམས་དཔྱད་ཁུངས་འདེད། ཞིབ་བཤེར་ཚད་ལེན། འཕྲལ་སྒྲུབ་ཐག་གཅོད་སོགས་ཀྱི་འགན་ནུས་ཆེ་རུ་གཏོང་རྒྱུ། བརྟན་པོ་ཡོད་པའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་གི་མ་འཇོག་ལམ་སྲོལ་འཛུགས་པ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ནད་ཡམས་ཚོད་འཛིན་གྱི་རྨང་གཞིའི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་བྱས་ཏེ་གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་མ་ལག་ཆེ་རུ་གཏོང་རྒྱུ། སྨན་བཅོས་ལས་ཁུངས་ཀྱི་སྤྱི་པའི་འཕྲོད་བསྟེན་འགན་འཁྲི་དོན་འཁྱོལ་དང་། འཇམ་འཐབ་ཟུང་འབྲེལ། སྨན་བཅོས་དང་སྔོན་འགོག་མཐུན་སྦྱོར་གྱི་ལམ་སྲོལ་གསར་གཏོད་བྱེད་རྒྱུ། ཐོལ་བྱུང་སྤྱི་པའི་དོན་རྐྱེན་གྱི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་སྔོན་གཏོང་དང་ཐག་གཅོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་སྲོག་སྐྱོབ་དང་། ཚན་རྩལ་འདེགས་སྐྱོར། དངོས་ཟོག་འགན་ལེན་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་རྒྱུ། སྤྱི་པའི་འཕྲོད་བསྟེན་དང་སྨན་བཅོས་ལས་ཁུངས་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་ཞན་ཆ་གསབ་པ་དང་ཆ་འཕྲིན་འཛུགས་སྐྱོང་ཚད་ལྡན་ཡོང་བར་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ལ་ཁྱབ་པའི་བློ་རིག་སྨན་བཅོས་མ་ལག་གང་མགྱོགས་བསྐྲུན་རྒྱུ། འགག་སྒོའི་སྤྱི་པའི་འཕྲོད་བསྟེན་གྱི་ལྟེ་བའི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ།

    ས་བཅད་གཉིས་པ། སྨན་བཅོས་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ།

    བདེ་ཐང་བོད་ལྗོངས་ཀྱི་འགན་སྲུང་ལས་གཞི་ལག་བསྟར་བྱས་ཏེ་ཐོན་ཁུངས་བགོ་སྒྲིག་དང་བཀོད་ཁྱབ་ལེགས་སུ་བཏང་ནས་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཆར་འགོད་དང་བཀོད་པ་གང་མགྱོགས་འདིང་བ་དང་། ཁུལ་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རང་སྐྱོང་ལྗོངས་དང་ས་གནས(གྲོང་ཁྱེར)རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྨན་བཅོས་ཞབས་ཞུ་ཁྱབ་ཁྱོན་དང་མཁོ་དགོས་རང་བཞིན་ཆེ་རུ་གཏོང་རྒྱུ། སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་རྒྱ་ཆེ་རུ་དང་གཤམ་སྤྲོད་ཀྱི་ལས་གཞི་ལག་བསྟར་བྱས་ཏེ་སྨན་བཅོས་མཉམ་འབྲེལ་ཚོགས་པ་དང་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རང་སྐྱོང་ལྗོངས་དང་ས་གནས་དང་གྲོང་ཁྱེར་རིམ་པའི་སྨན་ཁང་དང་རྫོང་སྨན་ཁང་དབར་ཁ་གཏད་རོགས་སྐྱོར་དང་། སྐོར་སྐྱོད་སྨན་བཅོས། རྒྱང་ཁྲིད་སྨན་བཅོས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་སྐོར་སྐྱོད་སྨན་བཅོས་ཀྱི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ། སྨན་བཅོས་བདེ་ཐང་གི་ཆ་འཕྲིན་ཅན་འཛུགས་སྐྱོང་མགྱོགས་སུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཚད་ལྡན་ཅན་འཛུགས་སྐྱོང་དང་སྒྲིག་ཆས་རིམ་སྤོར་ལ་རྒྱབ་སྐྱོར་བཅས་བྱས་ཏེ་གཞི་རིམ་གྱི་ནད་བསྟེན་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ་ནང་སའི་གསོ་རིག་སློབ་གླིང་དང་སློབ་གྲྭས་རིམ་མཐོའི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་བརྟེན་ནས་མཁོ་ཆོད་སྨན་པ་དཀའ་བཅུ་པ་དང་ནད་སྡོད་སྨན་པ་དཀའ་བཅུ་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལོ་ལྟར་སྨན་པ་མངགས་ཏེ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དུ་སློབ་སྦྱོང་ལ་གཏོང་རྒྱུ། ས་མཐོར་འཕྲོད་པའི་སྨན་བཅོས་བདེ་སྲུང་གི་སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་ཞིབ་འཇུག་གསར་སྤེལ་དང་སྦྲགས་ཁྱབ་གདལ་གཏོང་རྒྱུ། རྒྱལ་ཁབ་ཀྱི་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་དང་རྒྱལ་ཁབ་ཀྱི་ས་མཐོའི་ནད་ཀྱི་ཁུལ་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ། བདེ་ཐང་སློབ་གསོ་དང་གཅོང་ནད་དོ་དམ་དང་དབང་སྐྱོན་དྲག་སྐྱེད་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ།

    ས་བཅད་གསུམ་པ། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་ངོ་བོ་མཐའ་འཁྱོངས་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་ཏུ་གཏོང་བ་དང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རིམ་དབྱེ་བརྟག་བཅོས་མ་ལག་གང་མགྱོགས་འཛུགས་པ་དང་། གཞུང་འཛུགས་སྨན་བཅོས་བསྒྱུར་བཅོས་མགྱོགས་སུ་བཏང་ནས་གཞུང་འཛུགས་སྨན་ཁང་འཛུགས་སྐྲུན་དང་དོ་དམ་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་རྒྱུ། སྨན་རྫས་དང་སྨན་སྤྱོད་ཡོ་བྱད་གཅིག་སྡུད་ཉོ་སྒྲུབ་ལམ་ལུགས་བསྒྱུར་བཅོས་ཟབ་ཏུ་བཏང་སྟེ་སྨན་རྫས་ཞབས་ཞུའི་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྨན་རྫས་མཁོ་སྤྲོད་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་ལེགས་སྒྲིག་བྱེད་རྒྱུ། རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་སྟབས་བསྟུན་སྐོར་སྐྱོད་བྱེད་པར་སྐུལ་མ་བཏང་སྟེ་ས་བབ་མཐོ་བའི་ས་ཁུལ་གྱི་ཤང་གྲོང་འཕྲོད་བསྟེན་ཁང་གི་ཆེད་ལས་ལག་རྩལ་མི་སྣའི་དམིགས་བསལ་ལས་གནས་ཀྱི་བྱ་དགའ་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་རྒྱུ། སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་རྒྱུར་སྐུལ་མ་གཏོང་རྒྱུ། སྨན་པ་དཀའ་བཅུ་པས་ས་ཚིགས་མང་པོར་ལས་གཉེར་བྱེད་རྒྱུ་འཚོལ་ཞིབ་ཧུར་ཐག་དང་ཚད་ལྡན་དུ་གཏོང་རྒྱུ།

    ས་བཅད་བཞི་པ། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུ།

    བོད་ལུགས་གསོ་རིག་དང་སྨན་བཅོས་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་འཐུས་ཚང་ཡོང་བ་དང་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྫོང(ཆུས)དང་། ཤང(གྲོང་རྡལ)གྲོང་ཚོ(གྲོང་ལྷན)བཅས་སུ་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུ་ཡོངས་སུ་ཁྱབ་པར་བྱེད་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་ལ་འཚམ་པའི་དོ་དམ་སྒྲིག་སྲོལ་དང་འཁོར་སྐྱོད་ལམ་སྲོལ་བཙུགས་ཏེ་ཆ་རྐྱེན་འཛོམས་པའི་བོད་སྨན་གཏན་འབེབས་གཞིར་བཟུང་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་མིང་གཞུང་ནང་འཇུག་རྒྱུར་བརྩོན་ལེན་བྱེད་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རྩལ་གསར་གཏོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། བོད་སྨན་རིལ་བུ་སྡེབ་སྦྱོར་ཞིབ་སྤེལ་དང་གྲུབ་འབྲས་ཁ་སྒྱུར་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གསར་གཏོད་གོང་འཕེལ་ལྟེ་གནས་འཛུགས་པ། རྒྱལ་ཁབ་ཀྱི་བོད་ལུགས་གསོ་རིག་ལྟེ་གནས་དང་བོད་ལུགས་གསོ་རིག་གི་ཁུལ་ཁོངས་སྨན་བཅོས་ལྟེ་གནས་འཛུགས་པ་བཅས་བྱེད་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་གཞིའི་མ་ལག་འཛུགས་པ་དང་། བོད་སྨན་གྱི་སྨན་རྩྭའི་རྟེན་གཞི་འཛུགས་མགྱོགས་སུ་གཏོང་བ། བོད་སྨན་གྱི་སྨན་རྩྭའི་ཐོན་ཁུངས་སྲུང་སྐྱོང་དང་ལྟ་སྐུལ་ཚད་ལེན་མ་ལག་འཛུགས་པ་བཅས་བྱས་ཏེ་བོད་སྨན་སྨན་རྩྭའི་གྲངས་གཞིའི་མཛོད་དང་། འདྲ་སྦྲེལ་+བོད་ལུགས་གསོ་རིག་དང་བོད་སྨན་གསར་གཏོད་གོང་འཕེལ་གྱི་ལྟ་འདོམས་ལས་སྟེགས་བསྐྲུན་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་སུ་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་བདེ་ཐང་ཞབས་ཞུའི་ལས་རིགས་སྐྱེད་སྲིང་བཅས་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་བཅོས་དང་། སློབ་གསོ། ཚན་ཞིབ། ཐོན་ལས། འཕྲོད་སྦྱོར། རིག་གནས་བཅས་མཉམ་འདྲེས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་ལྔ་པ། དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    བདེ་ཐང་གི་འགག་སྒོ་མདུན་དུ་སྤོ་རྒྱུར་སྐུལ་འདེད་བཏང་སྟེ་ལུས་རྩལ་དང་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་དང་མཐུན་སྦྱོར་དང་སྤྱི་ཚོགས་ཡོངས་ཞུགས་པའི་ལས་འགུལ་ལ་བརྟེན་ནས་བདེ་ཐང་ལ་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་གཏོད་རྒྱུ། དམངས་ཡོངས་ལུས་སྦྱོང་གི་ལས་འགུལ་རྒྱ་ཁྱབ་ངང་སྤེལ་བ་དང་། མང་ཚོགས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་ཡུལ་དང་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་ལུས་རྩལ་སྒྲིག་ཆས་རིན་པ་མི་ལེན་པའམ་ཡང་ན་རིན་པ་ཉུང་ངུའི་ཐོག་ནས་སྒོ་མོ་དབྱེ་རྒྱུ། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ཟབ་ཏུ་བཏང་སྟེ་གཞོན་ནུ་ལོ་ཆུང་གི་རིག་གནས་སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱེད་སྒོའི་སྐུལ་སྤེལ་འཆར་གཞི་ལག་བསྟར་བྱེད་པ། ལུས་རྩལ་དང་བདེ་ཐང་སློབ་ཚན་ཆ་ཚང་བར་འཁྲིད་པ། གཞོན་ནུ་ལོ་ཆུང་གི་ལུས་རྩལ་དགའ་ཞེན་དང་ལུས་རྩལ་གྱི་རྩལ་ནུས་སྐྱེད་སྲིང་བྱེད་པ། གཞོན་ནུ་ལོ་ཆུང་གི་འཚོ་བཅུད་དང་གཟུགས་གཞི་བདེ་ཐང་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་བ་བཅས་བྱེད་རྒྱུ། ཚན་རིག་དང་མཐུན་པའི་ལུས་སྦྱོང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མང་ཚོགས་ཀྱི་ལུས་རྩལ་དང་རྩལ་ནུས་ལུས་རྩལ། ལུས་རྩལ་ཐོན་ལས་བཅས་ཕྱོགས་ཡོངས་དང་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། བོད་ཀྱི་རི་ཁུལ་དང་ཕྱི་རོལ་གྱི་ལུས་རྩལ་སློབ་གླིང་གང་མགྱོགས་སྐྲུན་ནས་རི་ཁུལ་དང་ཕྱི་རོལ་གྱི་ལུས་རྩལ་ཁུལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། འཕྲོད་བསྟེན་བདེ་ཐང་ལས་ཀའི་འདུ་ཤེས་དང་ཞབས་ཞུ་སྒྲུབ་སྟངས་དེ་ནད་བཅོས་ལྟེ་བར་བྱེད་པ་ནས་མི་དམངས་ཀྱི་བདེ་ཐང་ལྟེ་བར་བྱེད་པའི་བར་སྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་བདེ་ཐང་སློབ་གསོའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལེགས་བཙའ་ལེགས་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་ཀུན་ཕན་བཅོལ་སྐྱོང་ཞབས་ཞུའི་མ་ལག་གོང་འཕེལ་བཏང་སྟེ་བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་གནས་དམའ་རུ་བཏང་ནས་མིའི་བྱང་ཚད་མཐོ་རུ་གཏོང་རྒྱུ། བུད་མེད་ལ་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་དོ་དམ་དང་། ཞབས་ཞུ། འགན་ལེན་བཅས་ཀྱི་མ་ལག་འཛུགས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བུ་བཙའི་ཁ་གསབ་ལམ་ལུགས་བཟོ་རྒྱུ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་ནས་དམངས་ཡོངས་ལ་ཤེས་དཔལ་བདེ་ཐང་འཚོ་བ་སྐྱེལ་སྟངས་འཇགས་པར་སྐུལ་འདེད་གཏོང་རྒྱུ། བཟའ་བཅའ་དང་སྨན་རྫས་བདེ་འཇགས་འགན་ལེན་མ་ལག་བཙུགས་ཤིང་འཐུས་ཚང་དུ་བཏང་ནས། བདེ་འཇགས་ལྟ་འདོམས་དང་ལག་རྩལ་འདེགས་སྐྱོར་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། ཧྥུའུ་ཉུང་བདེ་འཕྲོད་ཇ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་སྦྲགས་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་རྒྱུ། བསམ་པའི་འཕྲོད་བསྟེན་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་བསམ་པའི་འཕྲོད་བསྟེན་དང་སེམས་ཁམས་བདེ་ཐང་ཡོང་བར་མཐོང་ཆེན་བྱེད་རྒྱུ།

    ལེའུ་བཅུ་བདུན་པ། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་རྒྱུ།

    རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། རྩ་གསོ་བློ་སྦྱོང་བྱས་ནས་མི་སེམས་གཅིག་སྒྲིལ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།

    སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམིགས་ནས། གསར་འགྱུར་དཔེ་སྐྲུན་དང་། རླུང་འཕྲིན་དང་། བརྙན་འཕྲིན། གློག་བརྙན། རྩོམ་རིག་སྒྱུ་རྩལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བཅས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་དར་རྒྱས་བཏང་སྟེ་རིག་གནས་སྟོབས་ཆེའི་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་དང་པོ། སྤྱི་ཚོཌ་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་རྒྱུ།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་དམངས་ཡོངས་ལ་དྲིལ་བསྒྲགས་དང་སློབ་གསོ་གཏོང་བའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་རྒྱལ་དམངས་སློབ་གསོ་དང་། ལས་བྱེད་པའི་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་ནང་འཇུག་རྒྱུ་དང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཆགས་ས་དང་། སེམས་ཀྱི་རྟེན་ས་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་རྒྱུ་དང་། བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་རྒྱུ། ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྱོང་ལ་སྣེ་ཁྲིད་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་ལོ་རྒྱུས་ཞིབ་འཇུག་བྱེད་ཟབ་ཏུ་གཏོང་བ། གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དང་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱེད་པའི་བོད་ཀྱི་ལོ་རྒྱུས་དོན་དངོས་འཚོལ་ཞིབ་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་ལས་གཞི་ལག་བསྟར་བྱས་ནས་གསར་བརྗེའི་རིག་དངོས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་རྒྱུ། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་སྟེ། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་གོང་འཕེལ་ལོ་རྒྱུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དང་། བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱེད་རྒྱུ། སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་མཐོ་རུ་བཏང་ནས་དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་བསམ་བློའི་འདུ་ཤེས་དང་། བསམ་པའི་ཉམས་འགྱུར། ཤེས་དཔལ་དར་སྲོལ། བྱ་སྤྱོད་ཚད་གཞི་བཅས་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལས་གཞི་ལག་ལེན་གཏིང་ཟབ་བསྟར་ནས་ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་ཀུན་སྤྱོད། མི་སྒེར་གྱི་ཀུན་སྤྱོད་བཅས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། མི་རྣམས་ལ་མེས་རྒྱལ་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པའི་སྐུལ་ལྕག་གཏོང་རྒྱུ། དགེ་བརྩོན་ཡར་ཐོན་དང་རྒན་བཀུར་གཉེན་གཅེས་བྱེད་རྒྱུ། ཤེས་དཔལ་དར་སྤེལ་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྱོང་རྒྱ་སྐྱེད་གཏོང་བ་དང་། ཤེས་དཔལ་གྲོང་ཁྱེར་དང་། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ། ཤེས་དཔལ་ཚན་པ། ཤེས་དཔལ་ཁྱིམ་ཚང་། ཤེས་དཔལ་སློབ་གྲྭ་སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་ཤེས་དཔལ་འཛུགས་གཏོད་བྱེད་སྒོ་གཏིང་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་གོམས་སྲོལ་བསྒྱུར་བ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། བདེ་ཐང་ཡ་རབས་ཀྱི་འཚོ་བ་དོན་གཉེར་བཅས་བྱེད་པའི་ཁྲིད་སྟོན་བྱེད་རྒྱུ། ཡིད་རྟོན་འཛུགས་སྐྱོང་དང་དང་བླངས་ཞབས་ཞུ་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུ། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་ཀྱིས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ།

    ས་བཅད་གཉིས་པ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    དྲ་རྒྱའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་ལས་གཞི་ལག་བསྟར་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་དང་གོང་འཕེལ་མགྱོགས་མྱུར་ཡོང་བ་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་སྒུལ་བདེའི་བརྒྱུད་སྤེལ་ལས་སྟེགས་དང་ས་གནས་དང་གྲོང་ཁྱེར་དང་། རྫོང(ཆུས)གི་མཉམ་འདྲེས་སྨྱན་སྦྱོར་གྱི་ལྟེ་གནས་བཙུགས་ནས་བློ་རིག་རླུང་འཕྲིན་དང་། བརྙན་འཕྲིན། གློག་བརྙན་བཅས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། དྲ་རྒྱའི་ཐོག་ནས་བརྒྱུད་གཏོང་དང་དོ་དམ་ནུས་པ་ཕྱོགས་ཡོངས་ནས་ཤུགས་ཆེར་གཏོང་རྒྱུ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཞི་གཅིག་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དང་། གཞི་རིམ་གྱི་སྤྱི་པའི་རིག་གནས་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་པའི་གྲངས་གཞིའི་རིག་གནས་ཞབས་ཞུའི་དྲ་རྒྱ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། རྫོང་རིམ་པའི་རིག་གནས་ཁང་དང་དཔེ་མཛོད་ཁང་ཨ་མ་དང་ཡན་ལག་ཁང་གི་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ། རྫོང(ཆུས)གི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ཀྱི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་རྒྱུ། གྲོང་གསེབ་རིམ་པའི་མང་ཚོགས་རང་བཞིན་གྱི་རིག་གནས་འཐབ་ས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། “མཛེས་པའི་བོད་ལྗོངས། གཅེས་པའི་ཕ་ཡུལ”ཞེས་པའི་ཕུལ་བྱུང་རིག་གནས་ཐོན་རྫས་ཀྱི་གྲོང་གསེབ་མཁོ་སྤྲོད་ལས་གཞི་ལག་ལེན་གཏིང་ཟབ་བསྟར་བ་བཅས་བྱེད་རྒྱུ། ཀྲུང་གོའི་བོད་ལྗོངས་ཀྱི་རིག་རྩལ་དྲ་བ་དང་རོལ་དབྱངས་དྲ་བ་འཛུགས་རྒྱུ། རྫོང(ཆུས)གི་སྲིད་འཛིན་གྲོང་ཚོར་གྲངས་འཛིན་གློག་བརྙན་ཁང་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་རབས་གསར་པའི་ཐད་གཏོང་སྲུང་སྐར་གྱི་རླུང་འཕྲིན་དང་བརྙན་འཕྲིན་ཡོངས་ཁྱབ་ལས་གཞི་ལག་ལེན་བསྟར་རྒྱུ། བོད་ཡིག་གི་དཔེ་དེབ་དང་། ཚགས་པར། དུས་དེབ་བཅས་གྲངས་འཛིན་ཅན་གྱི་དཔེ་སྐྲུན་དང་། དཔེ་སྐྲུན་དངོས་པོ་འགྲེམས་སྤེལ་གྱི་དྲ་ཚུགས། “གྲོང་གསེབ་ཀྱི་ཚགས་པར་ལྟ་ཀློག་སྒྲོམ་བྱང”འཛུགས་པར་སྐུལ་འདེད་གཏོང་རྒྱུ། སྤྱི་པའི་རིག་གནས་ཐོན་ཁུངས་གཙོ་གནད་ཐོག་ཞིང་འབྲོག་ཁུལ་དང་མཐའ་མཚམས་ས་ཁུལ་ལ་ཕྱོགས་པར་ཁྲིད་སྟོན་བྱེད་རྒྱུ། དབང་པོ་སྐྱོན་ཅན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་གསུམ་པ། རིག་རྩལ་གསར་གཏོད་དང་སྤེལ་རེས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུ།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བཟུང་ནས། བོད་ཀྱི་རིག་གནས་ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆ་འཚོལ་ཞིབ་དང་བེད་སྤྱོད་གང་ལེགས་བྱེད་པ་དང་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་རིག་རྩལ་གྱི་བརྩམས་ཆོས་རྩེ་གྲ་གསར་གཏོད་དང་། ཐོན་སྐྱེད། བརྒྱུད་སྤེལ་བཅས་ལག་ལེན་གཏིང་ཟབ་བསྟར་རྒྱུ། དོན་དངོས་ཀྱི་བརྗོད་གཞིའི་གསར་གཏོད་དང་ཐོན་སྐྱེད་ལ་ཤུགས་སྣོན་བརྒྱབ་སྟེ་དུས་རབས་ཀྱི་རྣམ་པ་གསར་པ་མཚོན་པ་དང་མི་དམངས་ཀྱི་གསར་གཏོད་གསར་པར་བསྟོད་གླུ་འབུལ་བའི་རིག་རྩལ་བརྩམས་ཆོས་རྩེ་གྲ་ཟམ་མི་ཆད་པར་འདོན་རྒྱུ། གློག་བརྙན་དང་བརྙན་འཕྲིན་པར་གཞི་གཙོ་བོ་གསར་གཏོད་དང་བརྗོད་གཞི་འདེམས་པའི་འཆར་གཞི་ལག་ལེན་བསྟར་རྒྱུ་དང་། རིག་རྩལ་གྱི་བརྩམས་ཆོས་རྩེ་གྲ་གསར་གཏོད་དང་བརྒྱུད་སྤེལ་ལས་གཞི་ལག་ལེན་བསྟར་རྒྱུ། ཕུལ་བྱུང་གི་ལོ་རྒྱུས་རིག་གནས་མཐའ་མཚམས་བརྗོད་བྱར་བྱས་པའི་དངོས་མཚོན་གློག་བརྙན་གསར་གཏོད་དང་བརྒྱུད་སྤེལ་གྱི་ལས་གཞིར་རྒྱབ་སྐྱོར་བྱེད་རྒྱུ། བརྙན་ཐུང་སོགས་སྨྱན་སྦྱོར་གསར་པའི་ཐོན་རྫས་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱང་བསྒྲགས་བརྙན་འཕྲིན་གྱི་ཇོ་རིའི་ལས་གཞི་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་ཕུལ་བྱུང་རྒྱང་བསྒྲགས་བརྙན་འཕྲིན་གྱི་ལེ་ཚན་སྒྱུར་བཟོའི་ལས་ཀ་ཁྱབ་གདལ་གཏོང་རྒྱུ། བོད་འབྲེལ་གྱི་གློག་བརྙན་དང་བརྙན་འཕྲིན་པར་གཞི་སྒྲིག་བཟོ་དང་ཁྱབ་གདལ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ། གསར་འགྱུར་དཔེ་སྐྲུན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། བོད་སྐད་ཡིག་གི་བསམ་པའི་རིག་གནས་ཀྱི་ཐོན་རྫས་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པ་བསྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། རིག་རྩལ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་རྒྱུ། “ཀྲུང་གོའི་བོད་ལྗོངས·བཀྲ་ཤིས་བདེ་ལེགས”ཞེས་པའི་ཕྱི་ཕྱོགས་དང་རིག་གནས་སྤེལ་རེས་ཀྱི་གྲགས་རྟགས་རྒྱ་སྟོབས་ཆེ་རུ་བཏང་ནས“སའི་གོ་ལའི་གླིང་སྣེ་གསུམ་པ་དང་། རིག་གནས་བསམ་བཀོད་ཀྱི་བོད་ལྗོངས་གསར་པ”ཞེས་པའི་རིག་གནས་གྲགས་རྟགས་གཏོད་པར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ།

    ས་བཅད་བཞི་པ། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ།

    རིག་དངོས་དང་གནའ་ཤུལ་སྲུང་སྐྱོང་དང་། ཞིབ་འཇུག བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཙོ་གནད་རིག་གནས་དང་རང་བྱུང་ཤུལ་བཞག་དང་མངོན་མིན་རིག་གནས་ཤུལ་བཞག་ཆ་ལག་ཚང་བའི་སྒོ་ནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མི་རིགས་ཁག་གི་ཕུལ་བྱུང་གི་སྲོལ་རྒྱུན་ལག་ཤེས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་བསྐྲུན་རྒྱུར་བཀོད་སྒྲིག་ལུགས་མཐུན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ལས་ཕྱོད་མཐོ་རུ་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་འཛུགས་རྒྱུར་རོགས་སྐྱོར་བྱེད་རྒྱུ། མངོན་མིན་རིག་གནས་ཤུལ་བཞག་གི་ཡིག་ཚགས་དང་གྲངས་གཞིའི་ཐོན་ཁུངས་མཛོད་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་རྣམ་པ་གསར་པ་གཏོད་རྒྱུ། རང་སྐྱོང་ལྗོངས་རིམ་པའི་རིག་གནས་དང་སྐྱེ་ཁམས་སྲུང་སྐྱོང་ཁུལ་སྐྲུན་མགྱོགས་སུ་གཏོང་རྒྱུ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། ལོ་རྒྱུས་རིག་གནས་སྐད་གྲགས་ཆོད་པའི་གྲོང་ཁྱེར་དང་། གྲོང་རྡལ། གྲོང་ཚོ་བཅས་དང་། ལོ་རྒྱུས་ལྡན་པའི་ཁྲོམ་གཞུང་དང་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་ཉམས་གསོ་སོགས་ཀྱི་ལས་གཞི་ལག་ལེན་བསྟར་རྒྱུ། བོད་ཡིག་དཔེ་སྐྲུན་གྱི་ལྟེ་བའི་གྲངས་གཞིའི་མཛོད་བསྐྲུན་དགོས།

    ཆེད་སྒྲོམ་བཅོ་བརྒྱད་པ། རིག་གནས་ཀྱི“ལས་གཞི་ཆེན་པོ་ལྔ”

    01 སྤྱི་པའི་ཀུན་སྤྱོད་འཛུགས་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་གོམས་སྲོལ་བསྒྱུར་རྒྱུར་ཁྲིད་སྟོན་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། བདེ་ཐང་ཤེས་དཔལ་འཚོ་བ་དོན་གཉེར་བྱེད་པ། ཡིད་རྟོན་འཛུགས་སྐྱོང་དང་དང་བླངས་ཞབས་ཞུ་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་རྒྱུ།

    02 དྲ་བའི་ནང་དོན་འཛུགས་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ་དྲ་བའི་བརྒྱུད་སྤེལ་དང་དོ་དམ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ།

    03 ཤེས་དཔལ་སྲོལ་གཏོད་ལས་གཞི་ལག་བསྟར་བྱས་ཏེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་རྒྱ་ཆེ་རུ་གཏོང་བ་དང་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    04 “མཛེས་པའི་བོད་ལྗོངས། གཅེས་པའི་ཕ་ཡུལ”ཕུལ་བྱུང་རིག་གནས་ཐོན་རྫས་གྲོང་གསེབ་ཏུ་མཁོ་སྤྲོད་བྱེད་པའི་ལས་གཞི་ལག་བསྟར་བྱེད་རྒྱུ།

    05 རིག་རྩལ་སྤུས་དག་གསར་རྩོམ་བརྒྱུད་སྤེལ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་། ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་དང་གྲོང་རྡལ། གྲོང་ཚོ། ལོ་རྒྱུས་ལྡན་པའི་ཁྲོམ་གཞུང་དང་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་ཉམས་གསོ་སོགས་ཀྱི་ལས་གཞི་ལག་བསྟར་བྱེད་རྒྱུ།

    ལེའུ་བཅོ་བརྒྱད་པ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    དམངས་ཡོངས་ལ་ཁྱབ་པ་དང་། ཤང་གྲོང་སྤྱི་འདོམས། འདྲ་མཉམ་གཅིག་གྱུར། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་གི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་རིམ་པས་མཐོ་རུ་བཏང་སྟེ། དེ་བས་འདྲ་མཉམ་དང་དེ་བས་རྒྱུན་མཐུད་ཐུབ་པའི་སྤྱི་ཚོགས་འགན་སྲུང་གི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་དང་པོ། སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་མ་དངུལ་གཏོང་ཤུགས་མང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ཚབས་ཆེའི་སྨན་བཅོས་འགན་བཅོལ་ལམ་ལུགས་གཅིག་གྱུར་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་བསྡུར་ཚད་ལུགས་མཐུན་གཏན་འཁེལ་བྱེད་རྒྱུ། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དངུལ་དང་སྨན་བཅོས་སྐྱོབ་བཅོས་མ་དངུལ་སྤྱི་འདོམས་ངང་བེད་སྤྱོད་ཡག་པོ་བྱེད་རྒྱུ། ཕྱོགས་མིའི་སྨན་བཅོས་འགན་བཅོལ་གྱི་འབྲེལ་བ་བསྒྱུར་བ་དང་རྒྱུན་མཐུད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། ཞིང་ཆེན་སྒྲོལ་བའི་ས་ཆ་གཞན་དུ་སྨན་རིན་ཐད་ཀར་རྩིས་ཞུ་བྱེད་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ། ཚོང་ལས་སྨན་བཅོས་འགན་བཅོལ་གོང་འཕེལ་ཧུར་ཐག་བཏང་སྟེ་རིགས་ཁག་གི་སྨན་བཅོས་འགན་བཅོལ་གསབ་རེས་འབྲེལ་མཐུད་ལ་སྐུལ་འདེད་དང་། རིམ་པ་མང་བའི་སྨན་བཅོས་འགན་སྲུང་གི་མ་ལག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། གོ་ཆོད་ལ་ནུས་པ་ཆེ་བའི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ལམ་སྲོལ་རིམ་པས་བཟོས་ནས། སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་སྟངས་བསྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ། སྨན་བཅོས་འགན་བཅོལ་ཐེབས་རྩར་ལྟ་འདོམས་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་དང་ལེགས་སུ་བཏང་ནས། ཐེབས་རྩ་ལྟ་འདོམས་བྱེད་སྟངས་གསར་གཏོད་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་གི་ཆ་འཕྲིན་ལས་སྟེགས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ནས། ལྗོངས་ནང་ཁུལ་དང་ལྗོངས་ཕྱིའི་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་ལས་སྟེགས་ཕན་ཚུན་སྦྲེལ་མཐུད་ཡོང་བ་བྱེད་རྒྱུ། འགན་བཅོལ་ཡུན་རིང་བདག་སྐྱོང་ཐུབ་པའི་ལམ་ལུགས་འཚོལ་ཞིབ་དང་ཚོད་ལྟ་ཧུར་ཐག་བྱེད་རྒྱུ།

    ས་བཅད་གཉིས་པ། སྤྱི་ཚོགས་འགན་བཅོལ་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པའི་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་སོགས་ཀྱི་འགན་བཅོལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། བབ་བསྟུན་ལས་ཞུགས་ཀྱི་མི་སྣའི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཐོབ་ཐང་གཏན་འཁེལ་དང་རྨང་གཞིའི་རྒན་གསོའི་དངུལ་རྒྱུན་གཏན་ལྟར་ལེགས་སྒྲིག་ཐུབ་པའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་དང་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཆུ་ཚད་རིམ་པས་མཐོ་རུ་གཏོང་རྒྱུ། ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་མྱུར་པོ་གཏོང་རྒྱུ། ཁེ་ལས་ཀྱི་ལས་བཟོའི་རྒན་གསོ་འགན་བཅོལ་ལ་སྤྱི་འདོམས་བྱེད་པའི་ལམ་ལུགས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ། ལས་རྨས་འགན་བཅོལ་དང་ལས་ཤོར་འགན་བཅོལ་གྱི་དུས་མཚམས་རང་བཞིན་གྱི་འགྲོ་གྲོན་གཅོག་པའི་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱེད་རྒྱུ་དང་། ལྗོངས་ཡོངས་སུ་ལས་རྨས་གཏན་འཁེལ་དང་ངལ་རྩོལ་ནུས་ཤུགས་ཆོད་སྡོམ་ཚད་ལྡན་དུ་གཏོང་བར་སྐུལ་འདེད་མགྱོགས་སུ་བཏང་སྟེ། ལས་ཤོར་མི་སྣ་དང་ལས་རྨས་ལས་བཟོའི་གཞི་རྩའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུ། སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩ་ལྟ་འདོམས་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐེབས་རྩ་དང་ལས་རིགས་ཀྱི་ལོའི་མ་དངུལ་གྱི་ཐེབས་རྩའི་མ་འཇོག་གཉེར་སྐྱོང་ལ་ཁྲིམས་ལྟར་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་རིན་ཐང་མི་ཆག་པ་དང་རིན་ཐང་འཕར་བ་བྱེད་རྒྱུ། སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་གཅིག་གྱུར་བསྐྲུན་རྒྱུ་དང་། སྤྱི་ཚོགས་འགན་བཅོལ་བསྒྱུར་རྒྱུ་དང་རྒྱུན་མཐུད་ཀྱི་ལམ་ལུགས་སྐྲུན་མགྱོགས་སུ་གཏོང་རྒྱུ། “དྲ་སྦྲེལ+སྤྱི་ཚོགས་འགན་བཅོལ”གྱི་ཞབས་ཞུ་རིམ་པས་ལག་བསྟར་བྱེད་རྒྱུ། སྤྱི་ཚོགས་འགན་བཅོལ་གྱི་མ་ལག་ལྗོངས་ཡོངས་སུ་ཕན་ཚུན་འབྲེལ་མཐུད་ཐུབ་པ་བྱེད་རྒྱུ། སྤྱི་ཚོགས་འགན་བཅོལ་གཱ་གཙོ་བོར་བྱེད་པའི“གཱ་གཅིག་ཀུན་འཐུས”ཀྱི་ཞབས་ཞུ་དོ་དམ་བྱེད་སྟངས་ཁྱབ་གདལ་གཏོང་རྒྱུ། ས་བབ་མཐོ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་འཚོ་བའི་ཁ་གསབ་སྤྲོད་པའི་ལམ་ལུགས་འཚོལ་ཞིབ་ཧུར་ཐག་བྱེད་རྒྱུ། དམག་ཞབས་ཐིམ་པའི་དམག་མིའི་ལས་ཀའི་མ་ལག་དང་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་གསུམ་པ། སྤྱི་ཚོགས་རོགས་སྐྱོབ་ཀྱི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    སྤྱི་ཚོགས་རོགས་སྐྱོབ་ཀྱི་འབྲེལ་ཡོད་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། སྤྱི་ཚོགས་རོགས་སྐྱོབ་ཀྱི་འགན་བཅོལ་ཚད་གཞི་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་དང་བསྙེན་བཀུར་གྱི་ཚད་གཞི་དང་། དྭ་ཕྲུག་དང་། དབང་སྐྱོན་བྱིས་པ། འཚོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བའི་ཁ་གསབ་ཚད་གཞི་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་སྒྲིག་བྱེད་རྒྱུ། ལས་ནུས་ཤོར་བ་དང་ལས་ནུས་ཕྱེད་ཀ་ཤོར་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཅིག་སྡུད་བསྙེན་བཀུར་བྱེད་ཚད་རིམ་པས་མཐོ་རུ་གཏོང་རྒྱུ། བབ་བསྟུན་དོ་དམ་འོག་འགན་བཅོལ་ཐུབ་རིགས་འགན་བཅོལ་ཡོང་ཐབས་བྱེད་རྒྱུ། གནས་སྐབས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཞིབ་བཤེར་ཆོག་མཆན་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས“རོགས་སྐྱོབ་དང་། འཕྲལ་བཅོས། དཀའ་སེལ་བཅས”ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། དྭ་ཕྲུག་དང་། ཉེན་གྱར་བྱིས་པ། གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་བཅས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི“གཞིས་ལུས་གསུམ་གྱི་མི་སྣ”དང་དབང་སྐྱོན་མི་སྣར་ཐུགས་ཁུར་བྱེད་པའི་ཞབས་ཞུའི་མ་ལག་དང་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ། འབྲེལ་ཡོད་ཀྱི་སྤྱི་ཚོགས་ཕན་བདེའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཆེད་ལས་ཀྱི་སྤྱི་ཚོགས་ལས་ཀ་དང་དགེ་སྒྲུབ་བྱ་གཞག་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒན་གསོའི་ཞབས་ཞུ་དང་། བྱིས་པའི་ཕན་བདེ། དབང་སྐྱོན་མི་སྣར་རོགས་སྐྱོབ་སོགས་ཀྱི་སྤྱི་ཚོགས་རྩ་འཛུགས་སྐྱེད་སྲིང་ཤུགས་ཆེན་བྱས་ནས། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་། སྤྱི་ཚོགས་ཀྱི་རོགས་རེས། དང་བླངས་ཞབས་ཞུ་བཅས་བསྒྲུབ་རྒྱུ། སྲིད་གཞུང་གིས་དབང་སྐྱོན་ངལ་རྩོལ་པའི་ཐོན་རྫས་སྔོན་ལ་ཉོ་བའི་བྱེད་ཐབས་བཟོ་རྒྱུ།

    ས་བཅད་བཞི་པ། རྒན་གསོ་དང་བྱིས་སྐྱོང་གི་ཞབས་ཞུའི་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    གཞི་རྩའི་རྒན་གསོའི་ཞབས་ཞུའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། རང་ལྗོངས་ཀྱི་མི་འབོར་ན་རྒས་ཅན་དུ་འགྱུར་མགྱོགས་པའི་དུས་བབ་དང་འཚམ་པར་བྱས་ཏེ་ཁྱིམ་དུ་སྡོད་པ་རྨང་གཞིར་བྱེད་པ་དང་། སྡེ་ཁུལ་གཞི་རྟེན་དུ་བྱེད་པ། སྒྲིག་གཞིས་ཁ་གསབ་བྱེད་པ་བཅས་ཀྱི་བང་རིམ་མང་བའི་རྒན་གསོའི་ཞབས་ཞུའི་མ་ལག་གཏོད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལས་དོན་ཡག་པོ་བསྒྲུབས་ཏེ། ཐ་སྐྱོང་རང་བཞིན་གྱི་རྒན་གསོའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཞུང་གཉེར་རྒན་གསོའི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། རྒན་གསོའི་སྒྲིག་གཞིའི་གྲུབ་ཆའི་རང་བཞིན་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ། ཁྱིམ་དུ་རྒན་གསོ་བྱེད་པའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཁྱིམ་ལས་ཞབས་ཞུའི་ལས་རིགས་གོང་འཕེལ་མགྱོགས་སུ་གཏོང་རྒྱུ། སྡེ་ཁུལ་གྱི་རྒན་གསོའི་སྒྲིག་བཀོད་ཀྱི་བཀོད་པ་ལེགས་སུ་བཏང་ནས། གྲོང་གསེབ་ཀྱི་རོགས་རེས་རྒན་གསོའི་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་རྒྱུ། བྱིས་པའི་ཕན་བདེ་དང་བྱིས་པ་སྲུང་སྐྱོང་མ་ལག་གཅིག་གྱུར་འཆར་འགོད་དང་། གཅིག་སྡུད་རྒན་གསོ་དང་བྱིས་པའི་ཕན་བདེའི་ཞབས་ཞུ་གཞི་གཅིག་ཅན་གྱི་གྲོང་ཁྱེར་དང་གྲོང་གསེབ། སྡེ་ཁུལ་བཅས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་ཁག་གཅིག་འཛུགས་རྒྱུ།

    ས་བཅད་ལྔ་པ། སྡོད་ཁང་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    ཁང་ཚོང་མི་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས། ས་ཁང་ཐོན་ལས་ཀྱི་ཁྲོམ་ར་སྐྱོན་བྲལ་ངང་གོང་འཕེལ་བརྟན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ལས་ཤག་དང་། སྤྱི་པའི་བོགས་གཏོང་ཁང་པ། བོགས་གཡར་ཁང་པ། བདག་དབང་ཐུན་མོང་ལ་དབང་བའི་ཁང་པ་གཙོ་བོར་བྱེད་པ་དང་། ཁང་པའི་ཁ་གསབ་དང་གཡར་གླའི་ཁ་གསབ་ཟུང་དུ་འབྲེལ་བའི་སྡོད་ཁང་འགན་བཅོལ་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ནང་ཆས་ཡོད་བཞིན་བོགས་མར་གཏོང་རྒྱུ་དང་དངུལ་ཁ་གསབ་སྤྲོད་རྒྱུ་འཐུས་སྒོ་ཚང་དུ་གཏོང་རྒྱུ། འགན་ལེན་ཡོད་པའི་བོགས་གཏོང་ཁང་པ་སྤྲོད་མང་དུ་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་ལྡན་པའི་བདེ་སྡོད་ལས་གཞི་མུ་མཐུད་ལག་ལེན་བསྟར་ནས། སྡོད་སའི་ཁང་པ་ཡོད་པ་དང་ལས་ཀ་དང་སྡོད་ས་དོ་སྙོམས་ཡོང་བ་བྱེད་རྒྱུ། བདག་དབང་ཐུན་མོང་ལ་དབང་བའི་ཁང་པ་འཛུགས་སྐྲུན་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། བོགས་གཏོང་གི་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས། སྡོད་ཁང་འགན་ལེན་གྱི་ཁྱབ་ཚད་ཆེ་རུ་གཏོང་རྒྱུ། ལས་བྱེད་ལས་བཟོར་སྡོད་ཁང་ཡོད་པ་བྱེད་པའི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཟླ་རེའི་སྡོད་ཁང་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུ། ལས་བྱེད་ལས་བཟོར་ལས་ཤག་བསྐྲུན་པར་བཀོད་སྒྲིག་ལུགས་མཐུན་བྱེད་རྒྱུ། ལྷ་ས་དང་ཁྲེང་ཏུའུ་རུ་ལས་བྱེད་པ་རྒན་གྲས་ཀྱི་ལུས་གསོའི་རྟེན་གཞི་སྐྲུན་ཤུགས་ཆེ་རུ་གཏོང་རྒྱུ།

    ཆེད་སྒྲོམ་བཅུ་དགུ་པ། སྤྱི་ཚོགས་འགན་སྲུང་།

    01 སྤྱི་ཚོགས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་ཆས།

    རྒན་གསོ་དང་བྱིས་པའི་ཕན་བདེ་ཞབས་ཞུ་གཞི་གཅིག་ཏུ་འདུས་པའི་གྲོང་ཁྱེར་དང་གྲོང་གསེབ་དང་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུ།

    02 རྒན་གསོའི་ཞབས་ཞུའི་སྒྲིག་ཆས།

    ལྗོངས་ཡོངས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སྒྱུར་བཀོད་ལེགས་སུ་གཏོང་རྒྱུ།

    03 སྡོད་ཁང་འགན་སྲུང་།

    འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ཏེ། ལས་ཤག་དང་། སྤྱི་པའི་བོགས་གཏོང་ཁང་པ། བོགས་གཏོང་སྡོད་ཁང་། ཁང་པའི་བདག་དབང་སྤྱི་ལ་དབང་བའི་སྡོད་ཁང་བཅས་འཛུགས་སྐྲུན་བྱེད་རྒྱུ་དང་། གྲོང་ཁུལ་རྙིང་པ་དང་། ཁུལ་ཆུང་རྙིང་པ། སྡོད་ཁང་སྐྱོ་ཁུལ་བཅས་སྒྱུར་བཀོད་ཤུགས་ཆེ་བྱེད་རྒྱུ།

    ལེ་ཚན་དྲུག་པ། བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་རྒྱུ།

    ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་སྲིད་གཞུང་གི་ནུས་པ་དེ་བས་འདོན་སྤེལ་གང་ལེགས་བྱས་ནས། ཁྲོམ་ར་དང་ལས་རྗེས་ཐོན་ཐུབ་པའི་སྲིད་གཞུང་དེ་བས་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་བྱེད་པས་འགན་ཁུར་ནས་ལས་ཀ་བྱེད་པ་དང་ནོར་འཁྲུལ་རུང་ལ་ཡོ་བསྲང་ཆོག་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། སྒྲིག་སྲོལ་ལམ་སྲོལ་གྱི་སྐྱོན་ཆ་མཐའ་གཅིག་ཏུ་སེལ་ནས། སྲིད་ཇུས་ཀྱི་ཁེ་འབབ་དང་། བསྒྱུར་བཅོས་ཀྱི་ཁེ་འབབ། མི་འབོར་གྱི་ཁེ་འབབ་བཅས་ཀྱི་ཕན་པ་རྒྱུན་མཐུད་ངང་ཐོན་ནས་དཔལ་འབྱོར་གོང་འཕེལ་གཏོང་བར་གསོན་ཤུགས་གསར་པ་སྣོན་རྒྱུ།

    ལེའུ་བཅུ་དགུ་པ། གཙོ་གནད་ཁྱབ་ཁོངས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ།

    དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་ཁྲིད་སྟོན་ནུས་པ་འདོན་པ་དང་། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིཌ་བསྒྱུར་བཅོས་བྱེད་པའི་ཐད་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྣེ་ཁྲིད་བྱ་རྒྱུར་ཕན་པ་ཐོབ་པའི་སྒྲིག་སྲོལ་ལམ་སྲོལ་ཆགས་པར་བྱེད་རྒྱུ།

    ས་བཅད་དང་པོ། སྲིད་གཞུང་གི་འགན་ནུས་གང་མགྱོགས་བསྒྱུར་རྒྱུ།

    སྲིད་གཞུང་གི་སྒྲིག་སྲོལ་བསྒྱུར་བཅོས་ཟབ་ཏུ་བཏང་ནས་སྲིད་ཁེ་ལོགས་དབྱེ་དང་། སྲིད་དངུལ་ལོགས་དབྱེ། སྲིད་དོན་ལོགས་དབྱེ། སྲིད་སྤྱི་ལོགས་དབྱེ་བཅས་བྱས་ནས་སྲིད་གཞུང་གི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུ། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་གསལ་པོ་བཟོ་རྒྱུ་དང་། དབང་ཆའི་འགན་འཁྲིའི་གསལ་ཐོ་སྔར་བས་འཐུས་ཚང་དང་སྒུལ་རྣམ་ལེགས་སྒྲིག་བྱེད་པ། ཁྲོམ་རའི་ཆོག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ཧུར་ཐག་འཛུགས་པ། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། སྲིད་གཞུང་གི་དཔལ་འབྱོར་སྙོམས་སྒྲིག་དང་། ཁྲོམ་རའི་ལྟ་འདོམས། སྤྱི་ཚོགས་དོ་དམ། སྤྱི་པའི་ཞབས་ཞུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་འགན་ནུས་འཐུས་ཚང་དུ་གཏོང་རྒྱུ། སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་ལམ་ལུགས་བསྒྱུར་བཅོས་བྱེད་ཟབ་ཏུ་བཏང་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ། ལྟ་འདོམས་བྱེད་སྟངས་ལེགས་སུ་བཏང་སྟེ་ཁྲོམ་རའི་ལྟ་འདོམས་དང་། སྤུས་ཚད་ལྟ་འདོམས། བདེ་འཇགས་ལྟ་འདོམས་བཅས་ནན་དུ་བཏང་ནས་ཁྲིམས་འགལ་ཆད་གཅོད་བསླབ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུ། སྤྱི་པའི་ཐོན་ཁུངས་ཉོ་ཚོང་གི་ལས་སྟེགས་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ། གྲངས་འཛིན་སྲིད་གཞུང་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་སྟོབས་ཆེན་བསྐྲུན་ཏེ། སྟོབས་དང་ལྡན་པའི་སྲིད་འཛིན་ལག་བསྟར་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྲིད་གཞུང་གི་ཡིད་རྟོན་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ“སྲིད་གཞུང་གི་ཁས་ལེན་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ། ཡིད་རྟོན་མེད་རིགས་ལ་འགན་འདེད”བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། སྲིད་གཞུང་གི་སྤྱི་མོས་ཐོབ་ནུས་དང་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་རྒྱུ།

    ས་བཅད་གཉིས་པ། ནོར་ཁྲལ་གྱི་དངུལ་རྩའི་ལམ་སྲོལ་བསྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ།

    ནོར་སྲིད་ཀྱི་ཐོན་ཁུངས་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ཁྱབ་ཁོངས་གཅིག་གི་ཐབས་ལམ་མི་འདྲ་བའི་མ་དངུལ་དང་། ནོར་སྲིད་ནས་བཏང་བའི་མ་དངུལ་དང་ནོར་སྲིད་ནས་བཏང་མེད་པའི་མ་དངུལ། ལོ་འཁོར་མི་འདྲ་བའི་དབར་གྱི་ནོར་སྲིད་མ་དངུལ་བཅས་ཀྱི་སྤྱི་འདོམས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་འབྲིང་གི་ནོར་སྲིད་ཀྱི་འཆར་འགོད་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྔོན་རྩིས་དོ་དམ་ལམ་ལུགས་བསྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ། སྔོན་རྩིས་བཟོ་བའི་གཞི་ཆེའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ནོར་སྲིད་ཀྱི་གཏོང་ཆ་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་བ། སྔོན་རྩིས་གཅུན་འདོམས་དང་ལས་རྗེས་དོ་དམ་ལ་ཤུགས་སྣོན་རྒྱག་པ། རང་སྐྱོང་ལྗོངས་མན་གྱི་ནོར་སྲིད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་རྒྱུ། གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ། མཐའ་མཚམས་ས་ཁུལ་དང་མཐའ་མཚམས་མིན་པའི་ས་ཁུལ་གྱི་ཁྱད་པར་ཅན་གྱི་རྒྱབ་སྐྱོར་སྲིད་ཇུས་ལ་ཞིབ་འཇུག་བྱེད་རྒྱུ། རྒྱལ་ཁབ་ཀྱི་དཔྱ་ཁྲལ་ལམ་ལུགས་ཁག་གི་བསྒྱུར་བཅོས་དོན་འཁྱོལ་ཧུར་ཐག་བྱས་ནས། བོད་དུ་ཡོད་པའི་ཁེ་ལས་ལ་ནུབ་རྒྱུད་ཐོན་འབྱེད་ཆེན་པོའི་ཁེ་ལས་ཀྱི་ཐོབ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་འོས་འཚམ་ལག་ལེན་བསྟར་བ་དང་། ཀྲུང་དབྱང་གིས་དབང་ཆ་བསྩལ་བར་གཞིགས་ཏེ་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཀྱི་ཚད་གཞི་དམའ་རུ་འོས་འཚམ་གཏོང་རྒྱུ། ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྲིད་གཞུང་གི་བུ་ལོན་གཡར་བ་དང་མ་དངུལ་བསྡུ་སྒྲིལ་གྱི་ལམ་སྲོལ་ཚད་ལྡན་དུ་གཏོང་རྒྱུ། ཁེ་ལས་གསོ་སྐྱོང་དང་ནང་འདྲེན་མགྱོགས་པོ་བྱས་ཏེ་མ་རྩ་འདྲེན་གསོག་བྱེད་སྒོ་སྤེལ་རྒྱུ། མ་དངུལ་བསྡུ་སྒྲིལ་གྱི་གྲུབ་ཆའི་མ་ལག་ལེགས་སུ་བཏང་ནས། རིམ་པ་མང་བའི་མ་གནས་ཁྲོམ་ར་དང་སྣ་མང་ཅན་གྱི་མ་དངུལ་བསྡུ་སྒྲིལ་གྱི་ཡོ་ཆས་གང་ལེགས་སྤྱོད་པ་དང་། ལྗོངས་ནང་ཁུལ་གྱི་ཆ་རྐྱེན་དང་འཚམ་པའི་ཁེ་ལས་དང་དངུལ་རྩའི་སྒྲིག་གཞིས་ཐད་ཀར་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་པ། འབྲེལ་ཡོད་ཁེ་ལས་ཀྱིས་མ་རྩའི་ཁྲོམ་རའི་ཐོག་འགྲེམས་སྤེལ་དང་ཁྲོམ་རར་འདོན་པར་རྒྱབ་སྐྱོར་བྱས་ཏེ་མ་དངུལ་བསྡུ་སྒྲིལ་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་སྐུལ་ལྕག་བྱེད་རྒྱུ། ཐད་ཀར་མ་དངུལ་བསྡུ་སྒྲིལ་གྱི་བསྡུར་ཚད་མཐོ་རུ་གཏོང་བ་བཅས་བྱེད་རྒྱུ། དངུལ་རྩའི་ལས་ཁུངས་ཀྱི་མ་ལག་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་། དངུལ་རྩ་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། དངུལ་རྩའི་ཀུན་ཕན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ། དངུལ་རྩའི་ཐོན་རྫས་གསར་གཏོད་དང་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོ་ཕན་ཚུན་སྙོམས་སྒྲིག་རྒྱུན་འཁྱོངས་བྱེད་རྒྱུ། དངུལ་རྩའི་ལས་རིགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། དངུལ་རྩའི་ལྟ་འདོམས་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཟབ་ཏུ་གཏོང་བ་དང་། ས་གནས་ཀྱི་དངུལ་རྩའི་ལྟ་འདོམས་ཁྲིམས་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ས་གནས་ཀྱི་དངུལ་རྩའི་ལྟ་འདོམས་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། དངུལ་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། ཁོངས་གཏོགས་རང་བཞིན་དང་ཁུལ་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མ་ཐོན་པའི་མཐའ་ཚད་བརྟན་པོ་བསྲུང་རྒྱུ།

    ས་བཅད་གསུམ་པ། གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ།

    རང་སྐྱོང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་ལག་ལེན་བསྟར་ནས། གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ཀྱི་ཕྱོགས་བསྡུས་གྲུབ་འབྲས་ཆེ་རུ་གཏོང་བ་དང་། ཐོན་ལས་ཆེན་པོ་བདུན་གཏོད་རྒྱུར་དམིགས་པ། གཞུང་ཁོངས་མ་རྩའི་ཁྱབ་ཁོངས་སྔར་བས་ལེགས་བཅོས་བྱེད་པ། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་ཇུས་ལེགས་སུ་དང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། མ་དངུལ་དང་། ཤེས་ལྡན་པ། ལག་རྩལ་སོགས་ཀྱི་ཐོན་ཁུངས་གཙོ་བོ་དེ་དག་གཙོ་གནད་ཁྱབ་ཁོངས་དང་། ལེགས་ཆའི་ཁེ་ལས། ཁྱད་ལྡན་ཐོན་ལས། ལས་སྒོ་གཙོ་བོ་བཅས་ལ་གཅིག་སྡུད་ཡོང་བར་བྱེད་པ། གཞུང་ཁོངས་དཔལ་འབྱོར་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བཅས་བྱེད་རྒྱུ། ཀྲུང་དབྱང་ཁེ་ལས་དང་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་། “ལེགས་པོ་ལྔའི”ལས་གཞི་ལག་ལེན་བསྟར་ནས་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་རྒྱ་སྐྱེད་དང་ལེགས་སུ་གཏོང་རྒྱུ། ཁེ་ལས་དོ་དམ་ནས་མ་རྩར་དོ་དམ་བྱེད་རྒྱུར་འགྱུར་བར་སྐུལ་སྤེལ་གཏོང་བ་དང་། རིགས་དབྱེའི་ལྟ་འདོམས་དང་གཉེར་སྐྱོང་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་གཅིག་སྡུད་གཅིག་གྱུར་ལ་ལྟ་འདོམས་བྱེད་རྒྱུར་སྐུལ་འདེད་གཏོང་བ། མ་འཇོག་དང་གཉེར་སྐྱོང་ཀུང་སིའི་ཚོད་ལྟའི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཞུང་ཁོངས་རྒྱུ་ནོར་གྱི་ལྟ་འདོམས་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ། ཁྲིམས་མི་བཅོས་སྐྱོང་གི་གྲུབ་ཆ་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པ་དང་། ཁེ་ལས་ནང་ཁུལ་གྱི་ལམ་ལུགས་གསུམ་གྱི་བསྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ། ནང་ཁུལ་ཚོད་འཛིན་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། “ཤེས་ལྡན་པར་བརྟེན་ནས་ཁེ་ལས་དར་རྒྱས་གཏོང་བའི་བྱ་སྤྱོད”ལག་ལེན་བསྟར་བ། ལས་རིགས་ཅིང་ལིའི་འོས་མི་འདེམས་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་བྱེད་རྒྱུ། ཁྲོམ་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབང་བའི་ལམ་ལུགས་འདྲེས་མའི་བསྒྱུར་བཅོས་ལ་བརྟན་ཐོག་སྐུལ་སྤེལ་གཏོང་རྒྱུ། གཞུང་ཁོངས་དཔལ་འབྱོར་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་འགྲན་རྩོད་བྱེད་ནུས་དང་། གསར་གཏོད་བྱེད་ནུས། ལྟ་འདོམས་བྱེད་ནུས། ཤུགས་རྐྱེན་ཐེབས་ནུས། ཉེན་ཁར་ཁ་གཏད་གཅོག་ནུས་བཅས་ཆེ་རུ་གཏོང་རྒྱུ། གཞུང་ཁོངས་ཁེ་ལས་ཀྱིས་སྒྲིག་ཁྲིམས་དང་འགལ་ནས་གཉེར་སྐྱོང་དང་མ་དངུལ་བཏང་བའི་འགན་འཁྲི་བདའ་འདེད་ལམ་ལུགས་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ལེའུ་ཉི་ཤུ་པ། དེང་རབས་ཀྱི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ཁེ་ལས་ཀྱི་རང་རྟེན་གཉེར་སྐྱོང་དང་། དྲང་གཞག་འགྲན་རྩོད། ཚོང་ཟོག་དང་རྒྱུ་རྐྱེན་རང་མོས་འཁོར་རྒྱུག་བཅས་ཀྱི་དེང་རབས་ཁྲོམ་རའི་མ་ལག་གང་མགྱོགས་འཛུགས་པ་དང་། གཅིག་གྱུར་སྒོ་དབྱེ་དང་། ཕན་ཆེ་ཚད་ལྡན། འདྲ་མཉམ་འགྲན་རྩོད་བཅས་ཀྱི་ཁྲོམ་རའི་སྒྲིག་སྲོལ་བཙུགས་ནས། ཁྲོམ་རའི་བྱེད་པོ་སྣ་ཚོགས་བོད་དུ་གོང་འཕེལ་གཏོང་རྒྱུར་དེ་བས་སྒོ་དབྱེའི་མ་འཇོག་ཁོར་ཡུག་དང་། དེ་བས་འདྲ་མཉམ་གྱི་ཁྲིམས་སྐྱོང་ཁོར་ཡུག དེ་བས་བཟང་བའི་སྤྱི་ཚོགས་ཁོར་ཡུག་བཅས་མཁོ་འདོན་བྱས་ནས་ཁྲོམ་རའི་བྱེད་པོའི་དཔལ་འབྱོར་གྱི་གསོན་ཤུགས་དང་གསར་གཏོད་བྱེད་ནུས་འཕེལ་བ་བྱེད་རྒྱུ།

    ས་བཅད་དང་པོ། རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་ཆ་དང་། ངལ་རྩོལ་ནུས་པ། མ་རྩ། ལག་རྩལ། གྲངས་གཞི་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ། རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱུ་རྐྱེན་གཙོ་བོའི་ཉོ་ཚོང་སྒྲིག་སྲོལ་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་ས་ཆའི་ཁྲོམ་ར་བསྐྲུན་ནས། འཆར་འགོད་དང་སྤྱོད་སྒོར་དོ་དམ་ཚོད་འཛིན་དང་མཐུན་པ་དང་ཁྲིམས་ལྟར་ཐོབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་ཀྱི་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་དང་གཞུང་ཁོངས་འཛུགས་སྐྲུན་ས་ཆ་རིམ་མཚུངས་ཁྲོམ་རར་ཞུགས་རྒྱུ་དང་། དབང་ཆ་དང་རིན་གོང་གཅིག་མཚུངས་ལ་སྐུལ་འདེད་བཏང་སྟེ། འདྲ་མཉམ་ལུགས་མཐུན་གྱི་ཁྲོམ་ཞུགས་ས་ཆའི་རིན་ཐང་འཕར་མའི་ཁེ་བཟང་བགོ་བཤའི་ལམ་སྲོལ་ཆགས་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་ངལ་རྩོལ་ནུས་པའི་ཁྲོམ་ར་བསྐྲུན་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ལས་ཀ་འདྲ་མཚུངས་ལ་ཐོབ་ཆ་གཅིག་མཚུངས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ངལ་རྩོལ་པ་དང་ཤེས་ལྡན་མི་སྣའི་སྤྱི་ཚོགས་རང་བཞིན་གྱི་སྐོར་སྐྱོད་ཐབས་ལམ་ཤར་གཏོང་བྱེད་རྒྱུ། ལག་རྩལ་དང་རྩལ་ནུས་ཀྱི་དཔྱད་དཔོག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མ་རྩའི་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས་ནུས་ལྡན་གྱི་དངུལ་རྩའི་ཞབས་ཞུའི་མཁོ་སྤྲོད་ཆེ་རུ་གཏོང་རྒྱུ། སྲིད་གཞུང་གི་གྲངས་གཞི་སྒོ་དབྱེ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་གྲངས་གཞིའི་ཐོན་ཁུངས་ཀྱི་རིན་ཐང་མཐོ་རུ་གཏོང་བ། གྲངས་གཞིའི་ཐོན་ཁུངས་ཟླ་སྒྲིལ་དང་བདེ་འཇགས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་རྒྱུ། ཁྲོམ་རའི་མཚམས་སྦྱོར་ཞབས་ཞུ་མ་ལག་གང་མགྱོགས་འཐུས་ཚང་དུ་བཏང་ནས་རྩིས་པ་དང་། རྩིས་བཤེར། འཆར་འགོད། ཇུས་འགོད། བཅའ་ཁྲིམས། ལག་རྩལ་སོགས་ཀྱི་མཚམས་སྦྱོར་ཞབས་ཞུའི་ལས་ཁུངས་གསོ་སྐྱོང་དང་རོགས་སྐྱོར་བྱེད་རྒྱུ།

    ས་བཅད་གཉིས་པ། རིན་གོང་བཟོ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཁྲོམ་རའི་རིན་གོང་གྲུབ་པའི་ནུས་པར་མཐོང་ཆེན་བྱས་ནས་ཁྲོམ་ར་ཡིས་རིན་གོང་ཐག་གཅོད་གཙོ་བོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། འགྲན་རྩོད་རང་བཞིན་གྱི་ལྷུ་ཚིགས་ཀྱི་རིན་གོང་ལྷུག་ཏུ་བཏང་ནས་སྤྱི་པའི་བྱ་གཞག་གཙོ་བོ་དང་། སྤྱི་ཕན་རང་བཞིན་གྱི་ཞབས་ཞུ། རང་བཞིན་སྒེར་སྡེམ་ལྷུ་ཚིགས་བཅས་ལ་སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱེད་རྒྱུ་ཚད་ལྡན་དུ་གཏོང་བ་དང་། ཁྲོམ་རའི་རིན་གོང་ལྟ་འདོམས་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། རིན་གོང་ལྟ་འདོམས་འཕྲལ་སྡོམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རིན་གོང་རིགས་སྒྲུབ་དང་། མ་གནས་ལྟ་བཤེར་དང་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་རྒྱུ། གཙོ་གནད་ཁྱབ་ཁོངས་ཀྱི་རིན་གོང་བསྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་དང་ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་ཀྱི་རིན་གོང་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་གློག་རིན་སྒུལ་རྣམ་ལེགས་སྒྲིག་ལམ་སྲོལ་དང་རང་བྱུང་སོལ་རླངས་ཀྱི་སྟོད་སྨད་རིན་གོང་མཉམ་འགུལ་ལམ་སྲོལ་འཛུགས་རྒྱུ། ཐོན་ཁུངས་ཀྱི་རིན་གོང་གྲུབ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱད་ཡོད་གློག་རིན་དང་ཆད་གཅོད་རང་བཞིན་གྱི་གློག་རིན་གྱི་སྲིད་ཇུས་བླང་བྱ་དོན་འཁྱོལ་ནན་པོ་བྱེད་རྒྱུ། རྒྱུ་རྐྱེན་གཙོ་བོའི་རིན་གོང་ཡོངས་བསྒྲགས་དང་སྒུལ་རྣམ་ལྟ་དཔྱད་སྔོན་བརྡའི་མ་ལག་བཙུགས་ནས་རྒྱུ་རྐྱེན་གཙོ་བོའི་རིན་གོང་བརྟག་དཔྱད་དང་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་རིམ་བཞིན་འཛུགས་རྒྱུ། གལ་ཆེའི་དམངས་འཚོའི་ཚོང་ཟོག་གི་རིན་གོང་སྙོམས་སྒྲིག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་སྤྱིའི་ཆར་བརྟན་པོ་ཡོང་བའི་འགན་སྲུང་བྱེད་རྒྱུ། རིན་གོང་ལེགས་སྒྲིག་རིམ་པ་ལེགས་སུ་གཏོང་བ་དང་། སྲིད་གཞུང་གི་རིན་གོང་གཏན་འཁེལ་རིགས་དང་རྣམ་གྲངས་འོས་འཚམ་ལེགས་སྒྲིག་བྱེད་པ། རིན་གོང་ལྟ་སྐུལ་ཞིབ་བཤེར་དང་སྒེར་སྡོམ་ལ་རྒོལ་བའི་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱུན་གཏན་གྱི་ཁྲོམ་རའི་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་རྒྱུ།

    ས་བཅད་གསུམ་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་ཤུགས་ཆེ་གཏོང་རྒྱུ།

    “གློད་སྡོམ་ཞབས་གསུམ”གྱི་བསྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་ཀྱིས་འགན་འཁུར་བའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ”དང“འཁྲོལ་འཛིན་བྱས་རྗེས་ལག་ཁྱེར་ཉུང་གཏོང”ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “སྟབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་འདོམས་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱེད་རྒྱུ། སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ནས། སྲིད་འཛིན་ཆོག་འཐུས་ཀྱི་དོན་ཚན་སྔར་བས་ཁུ་བསྡུ་ཡོང་བ་དང་། རིམ་ཁག་སྲིད་འཛིན་གྱི་དམངས་ཕན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་པ། ཞིང་ཆེན་རིམ་པའི་སྲིད་འཛིན་གྱི་གྲོན་བསྡུ་གང་ཡང་མི་བྱེད་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ། ནུས་ཆེ་དང་། གཅིག་གྱུར། ཚད་ལྡན་བཅས་ཀྱི“དྲ་སྦྲེལ+སྲིད་དོན་ཞབས་ཞུའི”དེང་རབས་སྲིད་གཞུང་གི་ཞབས་ཞུའི་རྣམ་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། “ཐེངས་གཅིག་ལས་འགྲོ་མི་དགོས་པ་དང་སྒོ་གཅིག་ལས་འཛུལ་མི་དགོས་པའི”སྲིད་དོན་ཞབས་ཞུའི་དམིགས་ཚད་མངོན་འགྱུར་བྱེད་རྒྱུ། མ་འཇོག་དང་འཛུགས་སྐྲུན་ལ་སྟབས་བདེ་སྐྲུན་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་ཞིབ་བཤེར་མཆན་འགོད་དང་ཆ་རྐྱེན་སྟབས་བདེ་རུ་གཏོང་བ། ལས་ཞུགས་ལས་གཏོད་ཀྱི་ཚད་གཞི་སྔར་བས་དམའ་རུ་གཏོང་བ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཚོང་གཉེར་ཁོར་ཡུག་གི་དམིགས་ཚད་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཡོངས་ལ་ཁྱབ་པའི་ཡིད་རྟོན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། བཅའ་ཁྲིམས་ཁྲིམས་སྲོལ་དང་། བསྒྱུར་བཅོས་གསར་གཏོད། ཐུན་མོང་མཉམ་བཅོས་བཅས་ཀྱི་རྩ་དོན་ལ་གཞིགས་པ་དང་། ཡིད་རྟོན་ལྟེ་བར་བྱས་པའི་ལྟ་འདོམས་མ་ལག་གསར་པ་གང་མགྱོགས་བསྐྲུན་ནས་ལྟ་འདོམས་འདུ་ཤེས་དང་། ལྟ་འདོམས་ལམ་ལུགས། ལྟ་འདོམས་བྱེད་སྟངས་བཅས་གསར་གཏོད་བྱེད་པ། ཡིད་རྟོན་ཤོར་བའི་འགན་འདེད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཁྲོམ་རའི་ཆོག་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་བཀའ་རྒྱའི་གསལ་ཐོའི་ཆ་འཕྲིན་ཡོངས་བསྒྲགས་ལམ་སྲོལ་བཙུགས་ཏེ། “བཀག་རྒྱ་མེད་ན་བྱེད་ཆོག་པའི”ལམ་ལུགས་ཀུན་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་རྒྱུ། འགྲན་རྩོད་སྲིད་ཇུས་ཀྱི་རྨང་གཞིའི་རང་བཞིན་གྱི་གནས་བབ་ཆེ་རུ་གཏོང་བ་དང་འདྲ་མཉམ་འགྲན་རྩོད་ཀྱི་ཞིབ་བཤེར་དང་ཕྱོགས་གསུམ་པའི་ཚོད་སྐོར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་རྒོལ་བའི་ཁྲིམས་སྒྱུར་ཁྲིམས་འཛིན་ནན་དུ་གཏོང་རྒྱུ། སྤུས་ཚད་མཐོར་གཏོང་གི་ལས་དོན་གཏིང་ཟབ་སྤེལ་ནས་ཐོན་ལས་ཀྱི་ཐུན་མོང་རང་བཞིན་ལྡན་པའི་ལག་རྩལ་མཁོ་སྤྲོད་དང་འགག་རྩའི་ལག་རྩལ་ཞིབ་སྤེལ་དང་ཁ་སྒྱུར་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་བཀོད་བཀོད་ཇུས་དང་འཛུགས་སྐྲུན་བརྒྱུད་རིམ་མགྱོགས་མྱུར་ལེགས་སུ་གཏོང་བ། ཚད་འཇལ་དང་། ཚད་གཞི། ཁས་ལེན་དཔང་འདོན། བརྟག་བཤེར་ཞིབ་དཔྱད་སོགས་སྤུས་ཚད་དང་ལག་རྩལ་གྱི་རྨང་གཞིའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་རྒྱུ།

    ས་བཅད་བཞི་པ། དམངས་གཉེར་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། “སྐྱོན་བྲལ་གྱི་གོང་འཕེལ་གཉིས”དང་སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བའི་བླང་བྱ་གཞིར་བཟུང་། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གོང་འཕེལ་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་རྒྱུ། དམངས་གཉེར་ཁེ་ལས་ཀྱི་བདག་དབང་དང་ཁེ་ལས་པའི་ཁེ་དབང་ཁྲིམས་ལྟར་འདྲ་མཉམ་སྲུང་སྐྱོང་བྱས་ནས། དམངས་གཉེར་ཁེ་ལས་གོང་འཕེལ་ལ་ཚོད་འཛིན་བཟོ་བའི་བཀག་རྒྱ་མེད་པ་བཟོ་བ། ཁེ་ལས་འབྲིང་གྲས་དང་། ཕྲན་ཚེགས་ཁེ་ལས། སྒེར་གཉེར་ཚོང་དུད་བཅས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཁོར་ཡུག་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་རྒྱུ། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ཁྲལ་དངུལ་གཟིགས་སྐྱོང་སྲིད་ཇུས་ཁག་རྒྱུན་མཐུད་དོན་འཁྱོལ་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱི་བདེ་སྡུག་ཞུ་བ་དང་ཁེ་དབང་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། སྡེ་ཚན་དབར་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་གོང་འཕེལ་གྱི་ཆེད་དོན་མ་དངུལ་བེད་སྤྱོད་ཡག་པོ་དང་མཁས་པོ་བྱེད་པ། དམངས་གཉེར་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ལས་སྟེགས་བསྐྲུན་པ། དམངས་གཉེར་དཔལ་འབྱོར་བསྡོམས་རྩིས་དང་ལྟ་དཔྱད་དབྱེ་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་རྒྱུ། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་ཇེ་ཡངས་སུ་གཏོང་བ་དང་། རིམ་པ་མང་བའི་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བོད་ཀྱི་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཞབས་ཞུའི་ལས་སྟེགས་འཐུས་སྒོ་ཚང་དུ་དང་ཁྱབ་གདལ་གཏོང་བ། ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ཉེན་ཁའི་ཁ་གསབ་བྱ་དགའི་སྲིད་ཇུས་བེད་སྤྱོད་ཡག་པོ་བཅས་བྱེད་རྒྱུ། གཞུང་ཁོངས་ཁེ་ལས་ཀྱི་བསྒྱུར་བཅོས་ནང་དམངས་གཉེར་ཁེ་ལས་ཞུགས་རྒྱུར་སྐུལ་ལྕག་བྱས་ནས་རང་ལྗོངས་ཀྱི་འཐབ་ཇུས་གལ་ཆེན་དང་རྣམ་གྲངས་གལ་ཆེན་ནང་དམངས་གཉེར་ཁེ་ལས་ཞུགས་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཚོང་འགུགས་མ་འདྲེན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་བྱ་དགའ་སྤྲོད་པའི་ཁྱབ་ཁོངས་ཆེ་རུ་བཏང་སྟེ། ནང་སའི་ཕུལ་བྱུང་ཁེ་ལས་བོད་དུ་མ་འཇོག་བྱས་ནས་ཁེ་ལས་འཛུགས་པ་དང་། དམངས་གཉེར་ཁེ་ལས་དང་ཚོང་ལས་མཐུན་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་རྒྱུ། ཚན་རྩལ་གསར་གཏོད་ཁྲོད་ཀྱི་དམངས་གཉེར་ཁེ་ལས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱས་ནས་དམངས་གཉེར་ཁེ་ལས་ཀྱིས་གསར་གཏོད་དང་ཕྱོགས་སྒྱུར་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་རྒྱུ། སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་དང་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། ཕུལ་བྱུང་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་འཆར་གཞི་ཡོད་པའི་སྒོ་ནས་དམངས་གཉེར་ཁེ་ལས་མཁས་ཅན་དང་ལྷག་དོན་དུ་གཞོན་རབས་ཚོར་ཁྱད་ཆོས་ཅན་དང་རིམ་པ་ཅན་གྱི་གསོ་སྦྱོང་བྱས་ཏེ། འཛམ་གླིང་གི་མིག་རྒྱང་དང་རྒྱལ་སྤྱིའི་ལྟ་རྒྱ་ཡོད་པ་དང་། ཤེས་བྱ་དང་ངར་ཤུགས་ལྡན་པ། བསམ་བློའི་འཆར་སྒོ་ཡངས་པ་བཅས་ཀྱི་དམངས་གཉེར་ཁེ་ལས་མཁས་ཅན་གཞོན་རབས་པའི་དཔུང་ཁག་ཁག་གཅིག་གསོ་སྐྱོང་དང་སྟོབས་ཆེར་གཏོང་རྒྱུ། ཕན་འབྲས་ལེགས་པ་དང་། སྙན་གྲགས་མཐོ་བ། གོང་འཕེལ་གྱི་ལེགས་ཆ་མངོན་གསལ་དོད་པ་བཅས་ཀྱི་དམངས་གཉེར་ཁེ་ལས་ལ་ཚད་ལྡན་གྱི་ཀུང་སིའི་སྒྲིག་སྲོལ་བཟོ་རོགས་བྱས་ཏེ་ཀུང་སི་བཅོས་སྐྱོང་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ལེའུ་ཉེར་གཅིག་པ། ཤེས་ལྡན་པ་སྟོབས་ཆེའི་ཁུལ་གྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ།

    ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་བྱར་མཐོང་ཆེན། ཤེས་ལྡན་མི་སྣར་བརྩི་བཀུར། གསར་གཏོད་ལ་བརྩི་འཇོག་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ནས། ཤེས་ལྡན་པའི་གོང་འཕེལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། ཤེས་ལྡན་མི་སྣའི་ལས་གཞི་གལ་ཆེན་ལག་ལེན་བསྟར་བ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་ལྕག་སྐུལ་གྱི་འགན་སྲུང་བྱེད་ཐབས་དོན་འཁྱོལ་བཅས་བྱས་ཏེ། ཆབ་སྲིད་བརྟན་པ་དང་། གྲངས་འབོར་འདང་ངེས། བྱང་ཚད་ལེགས་པ། གྲུབ་ཆ་ལུགས་མཐུན་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་རྒྱུ།

    ས་བཅད་དང་པོ། ཤེས་ལྡན་མི་སྣའི་དཔུང་ཁག་གོང་འཕེལ་དང་སྟོབས་ཆེར་གཏོང་རྒྱུ།

    ཏང་སྲིད་ཤེས་ལྡན་མི་སྣ་དང་། ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་ཤེས་ལྡན་མི་སྣ། ཆེད་ལས་ཀྱི་ལག་རྩལ་ཤེས་ལྡན་མི་སྣ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ། གྲོང་གསེབ་ཀྱི་གོ་ཆོད་ཤེས་ལྡན་མི་སྣ། སྤྱི་ཚོགས་ལས་དོན་གྱི་ཤེས་ལྡན་མི་སྣ་བཅས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། “ནུབ་རྒྱུད་འོད་སྣང”དང“བོད་ལྗོངས་དམིགས་སྐྱོང”སོགས་ཤེས་ལྡན་མི་སྣའི་རྣམ་གྲངས་གལ་ཆེན་ལ་བརྟེན་ཏེ། རང་བྱུང་ཚན་རིག་དང་། བཟོ་ལས། ཞིང་ལས། སྨན་བཅོས་སོགས་ཀྱི་མཁོ་ཆེ་ཞིང་དཀོན་པའི་ཆེད་ལས་ཀྱི་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གསོ་སྐྱོང་བྱེད་རྒྱུ། ཤེས་ལྡན་མི་སྣ་ནང་འདྲེན་གྱི་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས། རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་དང་མཁོ་ཆེ་ཞིང་དཀོན་པའི་ཤེས་ལྡན་མི་སྣ་རྒྱུན་མཐུད་ནང་འདྲེན་བྱས་ཏེ་འབུམ་རམས་པའི་ཞབས་ཞུ་ཚོགས་པ་དང་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་ཞབས་ཞུའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་རྒྱུ། གསར་གཏོད་རྣམ་པ་དང་། གོ་ཆོད་རྣམ་པ། རྩལ་ནུས་རྣམ་པ་བཅས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཤེས་བྱ་གསར་བརྗེའི་ལས་གཞི་དང་རྩལ་ནུས་མཐོར་གཏོང་གི་བྱ་སྤྱོད་ལག་ལེན་བསྟར་བ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱེད་རྒྱུ། མི་སྤྱོད་ཀྱི་རང་བདག་དབང་ཆ་གཙོ་བོ་སྐུལ་འདེད་དང་དོན་འཁྱོལ་བྱས་ནས་ཁེ་ལས་དང་། སློབ་གྲྭ། ཚན་ཞིབ་ཁང་སོགས་ཁེ་ལས་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་རང་རྟེན་ཤེས་ལྡན་མི་སྣ་ནང་འདྲེན་ལ་རྒྱབ་སྐྱོར་བྱེད་རྒྱུ།

    ས་བཅད་གཉིས་པ། ཤེས་ལྡན་མི་སྣའི་ཐོན་ཁུངས་ལེགས་སྒྲིག་བྱེད་རྒྱུ།

    གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་གོ་རིམ་ལྡན་པའི་མི་ཤུཌ་ཐོན་ཁུངས་ཁྲོམ་རའི་མ་ལག་གང་མགྱོགས་བསྐྲུན་པ་དང་། ཤེས་ལྡན་མི་སྣའི་སྐོར་སྐྱོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ངོ་བོ་མི་འདྲ་བའི་ཚན་པ་དང་ས་ཁུལ་མི་འདྲ་བའི་དབར་ཤེས་ལྡན་མི་སྣ་གོ་རིམ་ལྡན་པའི་སྒོ་ནས་རང་མོས་འགྲོ་འོང་ལ་སྐུལ་འདེད་གཏོང་བ། ཤེས་ལྡན་མི་སྣ་དཀའ་ཚེཌ་ཆེ་བའི་ཐག་རིང་ས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོར་འགྲོ་འོང་བྱེད་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་པ། ཤེས་ལྡན་མི་སྣ་ལེགས་སྒྲིག་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་རྒྱུ། ལྗོངས་ཐད་གཏོགས་ཚན་པའི་དབར་དང་། ལྗོངས་ཐད་གཏོགས་དང་ས་གནས་དང་གྲོང་ཁྱེར་དབར། ས་གནས་དང་གྲོང་ཁྱེར་ཁག་དབར་ཤེས་ལྡན་མི་སྣ་འགྲོ་འོང་ལམ་སྲོལ་འཛུཌ་རྒྱུ། མི་དོན་ཡིག་ཚགས་དོ་དམ་ཞབས་ཞུའི་ཆ་འཕྲིན་ཅན་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ་དང་སྤྱི་ཚོཌ་འགན་བཅོལ་འབྲེལ་བ་ཁ་སྒྱུར་གྱི་འབྲེལ་མཐུད་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་ཤེས་ལྡན་མི་སྣ་འགྲོ་འོང་ལ་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ། ཤེས་ལྡན་མི་སྣའི་དཔུང་ཁག་གི་ཆ་འཕྲིན་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས་གླ་ཕོགས་དང་། སྨན་བཅོས་ཐོབ་ཐང་། གོ་མིང་དཔྱད་འདེམས། རྒན་གསོ་འགན་སྲུང་སོགས་ཀྱི་སྐུལ་ལྕག་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། མི་ཤུགས་ཐོན་ཁུངས་ཀྱི་བཀོད་སྒྲིག་ཚན་རིག་ཅན་བཞིན་དོ་དམ་བྱེད་རྒྱུ།

    ས་བཅད་གསུམ་པ། ཤེས་ལྡན་མི་སྣའི་གོང་འཕེལ་ཁོར་ཡུག་བཟང་པོ་གཏོད་རྒྱུ།

    ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། དཔྱད་དཔོག བེད་སྤྱོད། འགྲོ་འོང་། ལྕག་སྐུལ་སོགས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་ལམ་ལུགས་གསར་གཏོད་བྱེད་པ་དང་། ཤེས་ལྡན་མི་སྣའི་སྲིད་ཇུས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ཚན་རིག་དང་མཐུན་ལ་ཚད་དང་ལྡན་པ་དང་། སྒོ་དབྱེ་ཁོང་ཡངས། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ཤེས་ལྡན་མི་སྣའི་གོང་འཕེལ་བཅོས་སྐྱོང་མ་ལག་འཛུགས་རྒྱུ། “མཐོ་མཁས་རྩེ་གསུམ་དང་དཀོན་པའི་ཤེས་ལྡན་མི་སྣའི”སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས། དེ་བས་ལེགས་པ་དང་། དེ་བས་སྒོ་དབྱེ། དེ་བས་ནུས་ལྡན་བཅས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་གྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ། ཤེས་ལྡན་མི་སྣའི་དཔྱད་དཔོག་ལྕག་སྐུལ་ལམ་སྲོལ་དང་ཞབས་ཞུ་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཤེས་ལྡན་མི་སྣའི་རིགས་དབྱེ་དང་དཔྱད་དཔོག་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཤེས་བྱ་དང་རྩལ་ནུས་སོགས་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོའི་རིན་ཐང་མངོན་པའི་ཁེ་བཟང་བགོ་བཤའི་ལམ་སྲོལ་བསྐྲུན་རྒྱུ། ཚན་ཞིབ་མི་སྣའི་འགན་ནུས་གསར་སྤེལ་གྱི་གྲུབ་འབྲས་དང་ཁེ་དབང་མཉམ་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཆེད་ལས་གོང་བཀུར་གྱི་སྤྱི་ཚོགས་ཀྱི་རྣམ་པ་བཏོད་ནས་དུས་རབས་གསར་པའི་བཟོ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་རྒྱུ། ས་གནས་དེ་རང་གི་ཕུལ་བྱུང་རིགས་གཅིག་མཁས་ཅན་དང་ཤེས་ལྡན་མི་སྣར་གཟེངས་བསྟོད་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    ལེ་ཚན་བདུན་པ། སྒོ་མོ་འབྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ནས་གོང་འཕེལ་གྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཡོང་བ་བྱེད་རྒྱུ།

    དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱས་ནས་ཕྱི་ཕྱོགས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་སྐྲུན་པ་བཅས་བྱས་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་གཟུགས་སུ་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་རྣམ་པ་གསར་པའི་ནང་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པར་བྱེད་རྒྱུ།

    ལེའུ་ཉེར་གཉིས་པ། རྒྱལ་སྤྱི་རྒྱལ་ནང་གི་འཁོར་རྒྱུག་གཉིས་ནང་མཉམ་འདྲེས་ཟབ་མོ་ཡོང་བ་བྱེད་རྒྱུ།

    མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་གཙོ་རྐང་དུ་མཐའ་འཁྱོངས་བྱས་ནས་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་གསར་གཏོད་ལ་སྣེ་ཁྲིད་བྱེད་པའི་དགོས་མཁོ་གསར་པ་དང་འཚམ་རྒྱུར་ཁྲིད་སྟོན་དང་། ནང་ས་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེན་པོའི་ནང་རང་འགུལ་ངང་མཉམ་འདྲེས་ཐུབ་པ་བཅས་བྱས་ཏེ་དགོས་མཁོར་སྐུལ་འདེད་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་འཁོར་རྒྱུག་བཟང་པོ་མངོན་འགྱུར་བྱེད་རྒྱུ།

    ས་བཅད་དང་པོ། ལྗོངས་ནང་ཁུལ་གྱི་ཁྲོམ་ར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ།

    ལྗོངས་ནང་ཁུལ་གྱི་ཁྲོམ་རར་གཞི་ཚུགས་པ་དང་། དགོས་མཁོའི་ཕྱོགས་ཀྱི་དོ་དམ་ལ་སྣང་ཆེན་བྱས་ཏེ་འགག་གནད་སེལ་བ་དང་། ཞན་ཆ་སེལ་བ། ཐོན་སྐྱེད་དང་། བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་ཤར་བགྲོད་ཡོང་བ། དགོས་མཁོས་མཁོ་སྤྲོད་ལ་ཁྲིད་སྟོན་དང་མཁོ་སྤྲོད་ཀྱིས་དགོས་མཁོ་གཏོད་པའི་ཆུ་ཚད་དེ་བས་མཐོ་བའི་འགུལ་རྣམ་དོ་སྙོམས་ཡོང་བར་བྱས་ནས་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་ཧྲིལ་པོའི་ནུས་པ་ཆེ་རུ་གཏོང་རྒྱུ། འཛད་སྤྱོད་ཀྱིས་དཔལ་འབྱོར་གཏོང་འཕེལ་ཁྲོད་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། འཛད་སྤྱོད་རིམ་སྤོར་གྱི་དུས་བབ་དང་མཐུན་པ། སྲོལ་རྒྱུན་གྱི་འཛད་སྤྱོད་མང་དུ་གཏོང་བ། འཛད་སྤྱོད་གསར་པ་སྐྱེད་སྲིང་བྱེད་པ། སྤྱི་པའི་འཛད་སྤྱོད་མང་དུ་གཏོང་བ། འཛད་སྤྱོད་ཀྱི་བྱེད་ཐབས་གསར་པ་དང་ལས་རྣམ་གསར་པ་གོང་འཕེལ་ལ་ལྕག་སྐུལ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་ཁྲོམ་ར་རྒྱ་ཆེར་གཏོང་བ། རླངས་འཁོར་སོགས་འཛད་སྤྱོད་དངོས་རྫས་ཉོ་སྒྲུབ་དོ་དམ་བྱེད་རྒྱུ་ནས་བེད་སྤྱོད་དོ་དམ་གྱི་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། སྡོད་ཁང་འཛད་སྤྱོད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཞབས་ཞུ་དང་འཛད་སྤྱོད་ཁྱབ་ཁོངས་ཀྱི་ཁྲོམ་རའི་ཞུགས་འཐུས་ལྷུག་ཏུ་གཏོང་བ་བཅས་བྱས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བར་མ་འཇོག་གི་འགག་རྩའི་ནུས་པ་ཐོན་པ་བྱས་ཏེ་མ་འཇོག་གི་བར་མཐོངས་རྒྱ་ཆེར་གཏོང་བ་དང་མ་འཇོག་གི་གྲུབ་ཆ་ལེགས་སྒྲིག་བྱེད་པ། རྨང་གཞིའི་སྒྲིག་བཀོད་དང་། གྲོང་ཁྱེར་འཛུགས་སྐྲུན་ལས་གྲྭ ཞིང་ལས་དང་གྲོང་གསེབ། སྤྱི་པའི་བདེ་འཇགས། སྐྱེ་ཁམས་སྲུང་སྐྱོང་། སྤྱི་པའི་འཕྲོད་བསྟེན། དངོས་ཟོག་གྲབས་གསོག གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། དམངས་འཚོ་འགན་ལེན་སོགས་ཁྱབ་ཁོངས་ཀྱི་ཞན་ཆ་མགྱོགས་མྱུར་ངང་སེལ་བ། སྲིད་གཞུང་གི་མ་འཇོག་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། དམངས་ཁྲོད་ཀྱི་མ་འཇོག་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་ཁྲོམ་རས་གཙོ་ཁྲིད་བྱས་པའི་མ་འཇོག་གི་ནང་ངོས་འཕར་བའི་ལམ་སྲོལ་ཆགས་པ་བྱེད་རྒྱུ།

    ས་བཅད་གཉིས་པ། ས་ཁོངས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པར་བརྟེན་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་གནས་དང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་དང་། ཤམ་བྷ་ལའི་དཔལ་འབྱོར་ཁུལ། ཧྲའན་ཤིས་དང་། ཀན་སུའུ། ཉིང་ཞ། མཚོ་སྔོན་བཅས་ཀྱི་དཔལ་འབྱོར་ཁུལ་བཅས་དང་མཉམ་འདྲེས་ཧུར་ཐག་ཡོང་བར་བྱས་ཏེ་བོད་ཀྱི་ལྗོངས་བབ་ལེགས་ཆ་དང་། བགྲོད་ལམ་གྱི་ལེགས་ཆ། དཔལ་འབྱོར་ཚོང་དོན་དང་མཉམ་ལས་ཀྱི་ལེགས་ཆ་བཅས་འདོན་སྤེལ་བྱས་ནས་རྒྱལ་ཁབ་ཀྱི་ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ཐོག་གི་བགྲོད་ལམ་གསར་པ་འབྲེལ་མཐུད་བྱེད་པ་དང་ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་ལ་བརྟེན་ནས་པེ་ཅིང་དང་། ཐན་ཅིང་། ཧོ་པེ་བཅས་དང་མཐུན་སྦྱོར་གོང་འཕེལ་ཡོང་བ་དང་། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཁུག་ཆེན་ཁུལ་འཛུགས་སྐྲུན། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་གོང་འཕེལ། འབྲི་ཆུའི་དཔལ་འབྱོར་ཁུལ་གོང་འཕེལ། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་གོང་འཕེལ་སོགས་རྒྱལ་ཁབ་ཀྱི་གལ་ཆེའི་ཁུལ་ཁོངས་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ་རང་ལྗོངས་དང་དབུས་ནུབ་རྒྱུད་ཀྱི་ས་ཁུལ་དང་ཤར་རྒྱུད་མཚོ་རྒྱུད་ས་ཁུལ་གྱི་ལེགས་ཆ་གསབ་རེས་དང་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་དང་ནུས་ཕྱོད་སོགས་ཚད་གཞིའི་བླང་བྱ་དང་མཐུན་པའི་ལས་རིགས་རང་ལྗོངས་སུ་གཅིག་སྡུད་ཁ་སྒྱུར་བྱེད་རྒྱུ་དང་ལེན་ཞུས་ནས་དབུས་ཤར་རྒྱུད་ཀྱི་ཞིང་ཆེན་གྱིས་རང་ལྗོངས་ལ་ཆ་རྐྱེན་དང་འཛོམས་པའི་ཐོན་ལས་ཁ་སྒྱུར་བྱེད་རྒྱུའི་ཡིད་དབང་འགུག་པ་དང་དང་ལེན་ཧུར་ཐག་བྱེད་རྒྱུ། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་གཞན་དག་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས“ས་གྲོལ”ཐོན་ལས་སྡེ་གླིང་དང་ཞིང་ཆེན་སྒྲོལ་བའི་མཉམ་ལས་སྡེ་གླིང་འཚོལ་ཞིབ་བྱས་ཏེ་བསྐྲུན་པ་དང་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གླིང་ཁུལ་བསྐྲུན་རྒྱུར་སྐུལ་ལྕག་བྱེད་པ། ཁེ་ལས་མཉམ་ལས་ཀྱི་མནའ་འབྲེལ་འཛུགས་པ་བཅས་བྱས་ཏེ་ཁུལ་ཁོངས་གསར་པའི་གཉིས་ཕན་མཉམ་ལས་འབྲེལ་བ་རིམ་བཞིན་འཛུགས་རྒྱུ།

    ལེའུ་ཉེར་གསུམ་པ། ཁ་གཏད་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཟབ་ཏུ་གཏོང་རྒྱུ།

    ཡུན་རིང་བོད་སྐྱོར་དང་གནད་སྨིན་རོགས་སྐྱོར་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་ཁ་གཏད་རོགས་སྐྱོར་དེ་བས་ཟབ་པ་དང་། སྤུས་ཚད་དེ་བས་མཐོ་བ། དེ་བས་རྒྱུན་མཐུད་གོང་འཕེལ་བཅས་ཡོང་བར་སྐུལ་འདེད་བཏང་ནས་ཁ་གཏད་རོགས་སྐྱོར་དང་མཉམ་ལས་སྤེལ་རེས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    ས་བཅད་དང་པོ། བློ་རིག་བོད་སྐྱོར་ལ་ཤུགས་སྣོན་རྒྱག་རྒྱུ།

    ལྗོངས་ཕྱི་ནང་གི་བོད་སྐྱོར་དང་། དུས་ཡུན་རིང་ཐུང་གི་བོད་སྐྱོར། སྟབས་བསྟུན་ངང་ཤེས་ལྡན་པ་ནང་འདྲེན་བཅས་ཀྱི་འཆར་འགོད་སྤྱི་འདོམས་བྱས་ཏེ་འཕྲལ་མཁོ་ཆེ་ཞིང་དཀོན་པའི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་འདེམས་གཏོང་གི་བསྡུར་ཚད་མང་དུ་བཏང་ནས་ཕུལ་བྱུང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བོད་དུ་གཞིས་ཆགས་ནས་ལས་དོན་བསྒྲུབ་རྒྱུར་སྐུལ་ལྕག་བྱེད་རྒྱུ། སློབ་གསོ་དང་སྨན་བཅོས་ཀྱི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ཐབས་ཟབ་ཏུ་བཏང་ནས་ནང་སའི་རིམ་གསུམ་སྨན་ཁང་གིས་མཐའ་མཚམས་རྫོང་གི་སྨན་ཁང་ལ་ཁ་གཏད་རོགས་རམ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ལས་དོན་མི་སྣ་ནང་སར་བཏང་ནས་ལས་གནས་ཐོག་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། “ཚོགས་སྒྲིག་རྣམ་པ་ཆུང་བའི”བོད་སྐྱོར་ལས་ཀའི་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་བཏང་ནས་གཙོ་རྟེན་ཐོན་ལས་དང་། ཁྱབ་ཁོངས་གལ་ཆེན། གཙོ་གནད་ཐོན་རྫས། འགག་གནད་ལག་རྩལ་བཅས་ཀྱི་རོགས་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱས་ནས་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཕུལ་བྱུང་འབུམ་རམས་པའི་ནར་འགྱངས་ཞབས་ཞུའམ་ཡང་ན་བོད་དུ་ལས་སྒྱུར་ཡོང་བར་སྐུལ་ལྕག་བྱེད་རྒྱུ།

    ས་བཅད་གཉིས་པ། བོད་སྐྱོར་མ་དངུལ་རྣམ་གྲངས་ཀྱི་ཕན་འབྲས་འདོན་སྤེལ་བྱེད་རྒྱུ།

    བོད་སྐྱོར་མ་དངུལ་གྱི་མ་འཇོག་ཐབས་ལམ་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། འཆར་འགོད་ཀྱིས་ཁྲིད་སྟོན་བྱེད་པར་ཤུགས་སྣོན་རྒྱག་པ། ཁ་གཏད་རོགས་སྐྱོར་གྱི་མ་དངུལ་དང་རྣམ་གྲངས་དོ་དམ་སྔར་བས་འཐུས་ཚང་དང་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། བོད་སྐྱོར་མ་དངུལ་རྣམ་གྲངས་80%ཡན་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་རྫོང་དང་རྫོང་མན་གྱི་གཞི་རིམ་དུ་སྤྱོད་རྒྱུ་འགན་ལེན་བྱེད་རྒྱུ་མ་ཟད། མཐའ་མཚམས་གྲོང་གསེབ་ཀྱི་རིམ་པ་དང་པོར་ཕྱོགས་རྒྱུ། བོད་སྐྱོར་བྱེད་ཐབས་རྒྱུན་ཆད་མེད་པར་རྒྱ་ཆེར་དང་གཏིང་ཟབ་ཏུ་བཏང་ནས་མ་དངུལ་སྤྲོད་པ་དང་རྣམ་གྲངས་བསྐྲུན་པའི་ཐད“གཞན་སྒུལ”གྱི་བོད་སྐྱོར་ནས“རང་འགུལ”གྱི་བོད་སྐྱོར་དུ་རིམ་བཞིན་འགྱུར་བར་བྱས་ནས་རང་ལྗོངས་ཀྱི་རང་ངོས་གོང་འཕེལ་གྱི་ནང་གནས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ།

    ས་བཅད་གསུམ་པ། ཁྲོམ་རའི་མཉམ་ལས་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ།

    “ནང་དུ་འདྲེན་པ”དང“ཕྱིར་སྐྱོད་རྒྱུ”ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ལེགས་ཆའི་ཁེ་ལས་ཀྱིས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་དང་། རང་བྱུང་འཐུང་ཆུ། དེང་རབས་ཞིང་ལས། ཚོང་དོན་འཁོར་རྒྱུག ནུས་རྒྱུ་གཙང་མ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་མ་འཇོག་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱི་སྔོན་ཐོན་གཉེར་སྐྱོང་དོ་དམ་འདུ་ཤེས་ནང་འདྲེན་བྱེད་རྒྱུ་དང་། རང་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་རྫས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་འགྲེམས་སྟོན་ཆེ་གྲས་དང་ཚོང་གཉེར་དྲ་རྒྱ་བརྒྱུད་ནས། དྲིལ་བསྒྲགས་དང་། འོས་སྦྱོར། ཕྱིར་ཚོང་བཅས་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། རང་ལྗོངས་ཀྱི་ཁེ་ལས་ཀྱིས་ནང་སའི་ཁྲོམ་ར་གཏོད་རྒྱུར་རོགས་རམ་བྱས་ནས། གཉིས་ཕན་གཉིས་ཁེའི་མཉམ་ལས་འབྲེལ་བ་འཛུགས་རྒྱུ། ཀྲུང་དབྱང་ཁེ་ལས་ཀྱི་བོད་དུ་ཡོད་པའི་ཐོན་ཁུངས་གསར་སྤེལ་དང་ས་གནས་འདི་གའི་ཞིང་འབྲོག་པའི་འབབ་འཕར་མང་དུ་གཏོང་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་རྒྱུ་དང་། ཀྲུང་དབྱང་ཁེ་ལས་ཀྱི་བོད་དུ་ཐོ་འགོད་བྱས་པའི་ཁྲིམས་མིའི་སྒྲིག་གཞིར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་རྒྱུ། ཀྲུང་དབྱང་ཁེ་ལས་ཀྱི་བོད་དུ་ཡོད་པའི་སྒྲིག་གཞི་དང་བོད་ཀྱི་ཁེ་ལས་དབར་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ།

    ལེའུ་ཉེར་བཞི་པ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་བསྐྲུན་རྒྱུ།

    ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”གི་མཉམ་བསྐྲུན་ཟབ་ཏུ་གཏོང་བ། ཕྱི་ནང་ཟུང་འབྲེལ་དང་། ལེགས་ཆ་གསབ་རེས། གཉིས་ཁེ་གཉིས་ཕན་བཅས་ཀྱི་ལམ་རྒྱུད་སྒོ་དབྱེའི་དཔལ་འབྱོར་ཁུལ་མགྱོགས་མྱུར་བསྐྲུན་པ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་བསྐྲུན་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་པའི་ཁྲོད་རང་ལྗོངས་ཀྱི་འཐབ་ཇུས་གནས་བབ་མཐོ་རུ་གཏོང་རྒྱུ།

    ས་བཅད་དང་པོ། ཕྱི་ཕྱོགས་དང་མཉམ་ལས་བྱེད་པའི་ལས་སྟེགས་བསྐྲུན་རྒྱུ།

    “ཧི་མ་ལ་ཡའི་མཐའ་འཁོར་གྱི་དཔལ་འབྱོར་མཉམ་ལས་ཁུལ”དང་། ས་མཐོའི་དར་གོས་ལམ་བུ། གངས་ཏི་སེའི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ། ཧི་མ་ལ་ཡ་སྒྲོལ་བའི་ཀུན་ཁྱབ་མཉམ་འབྲེལ་མཉམ་མཐུད་དྲ་བ་བཅས་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། གཞིས་རྩེ་དང་མངའ་རིས་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ལྟེ་བའི་གྲོང་ཁྱེར་ལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། སྐྱིད་གྲོང་གི་རྒྱལ་ཁབ་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་དང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་བསྐྲུན་རྒྱུ་དང་། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་གཞིས་རྩེའི་ཁྲལ་སྲུང་ཟོག་འགྲེམས་ཁུལ་བསྐྲུན་རྒྱུ། བློ་རིག་འགག་སྒོ་བསྐྲུན་མགྱོགས་སུ་བཏང་ནས་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རྒྱལ་སྤྱིའི་ཚོང་དོན་གྱི“སྐར་ཁུང་རྐྱང་མ”ཁྱབ་གདལ་དང་བེད་སྤྱོད་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། འགྲམ་འགག་སྒོའི་ཟོག་འདྲེན་ལམ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། གྲོ་མོ་དང་རི་འོག(འདྲེན་ཐང)འགག་སྒོ་སྒོ་མོ་འབྱེད་པ་དང་དེ་བཞིན་ཚད་བཀག་གཏན་འཁེལ་གྱི་ཁུལ་ཁོངས་དབྱེ་རྒྱུར་སྐུལ་འདེད་གཏོང་བ། ལྷ་སའི་མཁའ་འགྲུལ་དང་འགག་སྒོའི་ནུས་པ་ཆེ་རུ་གཏོང་བ། དགུན་སའི་མཁའ་འགྲུལ་དང་འགག་སྒོ་འཛུགས་སྐྲུན་དང་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ། མཐའ་འཁོར་རྒྱལ་ཁབ་དང་ཁྱིམ་མཚེས་ས་ཁུལ་དབར་དཔལ་འབྱོར་མཉམ་ལས་ཁུལ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང་། མཐའ་མཚམས་ཚོང་དོན་ཁྲོམ་ར་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མཐའ་མཚམས་ཡུལ་མིའི་ཚོང་ཁྲོམ་ཉོ་ཚོང་གི་ནང་འདྲེན་དངོས་ཟོག་ལས་སྣོན་ཚོད་ལྟ་བྱེད་རྒྱུ། ནང་སའི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་བསྒྱུར་བཅོས་ཚོད་ལྟའི་ཉམས་མྱོང་རང་ལྗོངས་སུ་ལད་མོ་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོའི(བོད་ལྗོངས)རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་རེ་ཞུ་བྱེད་རྒྱུ།

    ས་བཅད་གཉིས་པ། དཔལ་འབྱོར་ཚོང་དོན་དང་རིག་གནས་མཉམ་ལས་ཟབ་ཏུ་གཏོང་རྒྱུ།

    ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དང་། ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ། ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས། ཀྲུང་གོའི་བོད་ལྗོངས་ཀྱི་ཀླུ་ནང“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་བཅས་ཀྱི་ནུས་པའི་ངེས་གནས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་སྟེ་ཨེ་ཤེ་ཡ་ལྷོ་མ་དང་ཐ་ན་གོ་ལ་ཧྲིལ་པོར་ཕྱོགས་པའི་རང་རྒྱལ་གྱི་མཐོ་རིམ་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་སྟེགས་བུ་བསྐྲུན་རྒྱུ། ཀྲུང་གོ་དང་ནེ་པ་ལ་གོང་འཕེལ་དང་དར་རྒྱས་ལ་ཁ་ཕྱོགས་པའི་ཕ་ཚ་བུ་རབས་ཀྱི་མཛའ་གྲོགས་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་ཀྲུང་ནེའི་མཛའ་གྲོགས་བཟོ་ལས་སྡེ་གླིང་བསྐྲུན་མགྱོགས་སུ་གཏོང་རྒྱུ། ནེ་པ་ལ་དང་། འབྲུག་ཡུལ། རྒྱ་གར་སོགས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་མི་ཆོས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་དབར་གྱི་འགྲོ་འོང་གི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་རྒྱུ། བོད་ལྗོངས་མཁའ་འགྲུལ་ཀུང་སི་དང་ཧི་མ་ལ་ཡའི་མཁའ་འགྲུལ་ཀུང་སི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་ཕྱི་ཕྱོགས་སུ་འགྲོ་འོང་བྱེད་པའི“མཁའ་དབྱིངས་བར་མཐོངས”བསྐྲུན་རྒྱུ། ཨེ་ཤེ་ཡ་ལྷོ་མའི་ཚད་ལྡན་ཅན་གྱི་ཞིབ་འཇུག་ལྟེ་གནས(ལྷ་ས)བསྐྲུན་པའི་ཆུ་ཚད་མཐོ་རུ་བཏང་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ། ཕྱི་ཕྱོགས་དང་རིག་གནས་སྤེལ་རེས་ཀྱི་ལས་དོན་ཧུར་ཐག་སྤེལ་ནས་ཕྱོགས་ཡོངས་ནས་བོད་ཀྱི་རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་རྒྱུ།

    ས་བཅད་གསུམ་པ། སྒོ་དབྱེའི་སྲིད་ཇུས་འཐུས་ཚང་དང་རྒྱ་ཆེར་གཏོང་རྒྱུ།

    ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་རིམ་གྱིས་ཆེ་རུ་གཏོང་བ་དང་གོ་རིམ་ལྡན་པའི་སྒོ་ནས་སྒོ་དབྱེའི་ཁྱབ་རྒྱ་རྒྱ་ཆེར་བཏང་སྟེ་རང་རྒྱལ་གྱི་སྤྱི་དམངས་མཐའ་མཚམས་ས་ཁུལ་དུ་བསྐྱོད་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་རྒྱུ། གློག་རྡུལ་འགག་སྒོ་འཛུགས་སྐྲུན་དང་ས་མཚམས་སྒྲོལ་བའི་ཚོང་དོན་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་འགག་སྒོ་སྒྲོལ་བའི་བསྒྱུར་བཅོས་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ། ཕྱི་རྒྱལ་ཚོང་པའི་མ་འཇོག་ཆོག་འཐུས་མ་བྱས་གོང་རྒྱལ་དམངས་ཀྱི་ཐོབ་ཐང་ཁར་བཀག་རྒྱ་གསལ་ཐོའི་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཕྱི་རྒྱལ་ཚོང་པས་རང་ལྗོངས་ཀྱི་སྐུལ་ལྕག་གོང་འཕེལ་གཏོང་བའི་ལས་རིགས་ཁྱབ་ཁོངས་སུ་མ་དངུལ་གཏོང་རྒྱུར་ཁྲིད་སྟོན་བྱེད་རྒྱུ། མཐའ་འཁོར་རྒྱལ་ཁབ་དང་དངུལ་རྩའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འགག་སྒོའི་མི་སྒེར་གྱི་ཕྱི་དངུལ་བརྗེ་བའི་དམིགས་བསལ་ཆོག་འཐུས་ཀྱི་ཚད་གཞི་དམའ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དངུལ་རྩའི་ཞབས་ཞུའི་མཉམ་འབྲེལ་མཉམ་མཐུད་ལམ་སྲོལ་བཙུགས་ནས། མི་དམངས་ཤོག་སྒོར་མཐའ་འཁོར་རྒྱལ་ཁབ་ཀྱི་ཕྱོགས་གཉིས་ཀྱི་ཚོང་དོན་དང་མ་འཇོག་ནང་སྤྱོད་ཚད་ཆེ་རུ་གཏོང་རྒྱུ། མཐའ་འཁོར་རྒྱལ་ཁབ་ཀྱི་དངུལ་རྩའི་སྒྲིག་གཞི་དང་ཡན་ལག་ཉིང་ལག་སྒྲིག་གཞི་འཛུགས་རྒྱུར་སྐུལ་ལྕག་བྱས་ནས་མི་དམངས་ཤོག་སྒོར་བསྡོམས་རྩིས་དང་སྡེབ་རྩིས་རྒྱག་པའི་ཐབས་ལམ་ཤར་བགྲོད་ཐུབ་པ་བྱེད་རྒྱུ།

    ཆེད་སྒྲོམ་ཉི་ཤུ་པ། སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ། 01 ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་མཉམ་ལས་སྟེགས་བུ།

    སྐྱིད་གྲོང་ནི་རྒྱལ་ཁབ་ཀྱི་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་དང་། མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ། ཀྲུང་ནེའི་མཛའ་གྲོགས་བཟོ་ལས་གླིང་། གཞིས་རྩེའི་དཔྱ་ཁྲལ་ཡང་གཅོད་ཟོག་འགྲེམས་ཁུལ་བཅས་ཡིན།

    02 ཨེ་ཤེ་ཡ་ལྷོ་མའི་གྲངས་འཛིན་སྟེགས་བུ་བསྐྲུན་པ།

    ལྷ་ས་དང་གཞིས་རྩེ་འབྲེལ་ཚིག་གཙོ་བོར་བྱས་ནས་ཨེ་ཤེ་ཡ་ལྷོ་མའི་གྲངས་འཛིན་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་བྱ་རྒྱུའི་ཇུས་འགོད་བྱས་ཏེ་ས་ཁོངས་ཀྱི་རྒྱལ་སྤྱིའི་འཕྲིན་གཏོང་ཨ་མའི་བཀོད་པ་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་དགོས། ལྷ་སའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་འཛུགས་སྐྲུན་ལ་བརྟེན་ནས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་པ་དང་རིག་ནུས་གླིང་ཁུལ་གོང་འཕེལ་ཤུགས་ཆེན་གཏོང་བ་དང་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་གྲངས་འཛིན་ཚོང་དོན་མཉམ་ལས་གཏིང་ཟབ་བྱེད་དགོས་པ་དང་། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་མཉམ་འབྲེལ་དང་། གྲངས་འཛིན་ཚོང་དོན་མཉམ་ལས་མཉམ་འདྲེས། རིག་ནུས་མི་ཆོས་སྤེལ་རེས་ཀྱི་རྣམ་པ་རགས་ཙམ་ཆགས་པ་བཅས་བྱེད་དགོས།

    ལེ་ཚན་བརྒྱད་པ། འབྱུང་འཕྲོད་གོང་འཕེལ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུ།

    སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། སྲུང་སྐྱོང་ཧུར་ཐག་དང་བྱས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་མྱུར་བསྐྲུན་རྒྱུ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་མགྱོགས་མྱུར་བསྐྲུན་རྒྱུ།

    ལེའུ་ཉེར་ལྔ་པ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་བརྟན་པོ་འཛུགས་རྒྱུ།

    《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་ལམ་སྲོལ》ལག་བསྟར་ནན་པོ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་རྒྱུ་གཙོ་གནད་དམ་འཛིན་བྱ་གཞིར་བྱས་ཏེ་བོད་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་ཧུར་ཐག་གཏོད་རྒྱུ།

    ས་བཅད་དང་པོ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ།

    སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་ཁུལ་བསྐྲུན་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། སྤྱི་ཡོངས་ལ་ཇུས་འགོད་དང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་བཅོས་སྒྲིག་མ་ལག་ལེགས་སུ་གཏོང་བ་དང་། སྣོད་བཅུད་སླར་གསོ་བྱེད་པ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱེད་པ། ས་གཙང་སྲུང་སྐྱོང་བྱེད་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་མངོན་གསལ་དོད་དུ་བཏང་ནས། མཐུན་སྦྱོར་མཉམ་འགུལ་གྱི་རི་ཆུ་ནགས་ཞིང་མཚེའུ་དང་རྩྭའི་ལས་དབང་གཅིག་མཐུན་ཚོགས་པ་ཆགས་པར་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་བརྟན་དུ་གཏོང་རྒྱུ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་སྟོན་རྟེན་གཞི་བསྐྲུན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གཞི་རྩའི་བྱེད་ཐབས་མཐའ་འཁྱོངས་བྱེད་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱེད་པ། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ། རྒྱལ་ཁབ་ས་ཆའི་བར་མཐོངས་ལེགས་གཏོང་དང་། “རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་ལག་ལེན། སྐྱེ་ཁམས་གནས་སྤོ། འབྱུང་འཕྲོད་ཁ་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་གཙོ་གནད་དུ་བཟུང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་རྣམ་པ་མགྱོགས་མྱུར་བསྐྲུན་རྒྱུ། འབྱུང་འཕྲོད་གོང་འཕེལ་གྱི་ཚོད་ལྟའི་ཁུལ་བསྐྲུན་པ་དང་། འབྱུང་འཕྲོད་གོང་འཕེལ་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་འདུ་ཤེས་ལག་བསྟར་བྱེད་པ། སྐྱེ་ཁམས་སྔོན་འཇོག་དང་འབྱུང་འཕྲོད་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་པ། ཐོན་ཁུངས་ཁོར་ཡུག་ཉིད་ལྡོག་མེད་ཀྱི་གཅུན་སྡོམ་དུ་བརྩི་བ། གྲུབ་ཆ་ལེགས་སྒྲིག་དང་། བཀོད་པ་ལེགས་གཏོང་། ཐོན་ལས་སྟོབས་ཆེར་གཏོང་བ། སྤྱི་ཡོངས་འཁོར་འབྲེལ་བཅས་མཐའ་འཁྱོངས་བྱེད་པ། ཁྱད་ལྡན་ཐོན་ཁུངས་དང་གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་མངོན་པར་བྱེད་པ། ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཀྱི་རྟེན་གཞི་དང་། ནུས་རྒྱུ་གཙང་མའི་རྗེས་མཐུད་རྟེན་གཞི། འཛམ་གླིང་གི་ཡུལ་སྐོར་དམིགས་སའི་ཁུལ་བསྐྲུན་རྒྱུ་གཙོ་གནད་དུ་བྱེད་པ་བཅས་བྱས་ནས་འབྱུང་འཕྲོད་ཐཱན་ཉུང་འཁོར་རྒྱུག་གོང་འཕེལ་གྱི་དཔལ་འབྱོར་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། རང་བྱུང་སྲུང་སྐྱོང་གི་མ་དཔེ་བཟོས་ཏེ་རང་བྱུང་སྲུང་སྐྱོང་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ནམ་ཡང་གོང་འཕེལ་གཏོང་བ་བཅས་མཐའ་འཁྱོངས་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འཐབ་ཇུས་ལག་ལེན་བསྟར་ཏེ་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བསྐྲུན་རྒྱུ། ས་མཐོའི་རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་། སྤྱི་ཡོངས་རང་བཞིན། བརྒྱུད་རིམ་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་རྒྱུ། སྐྱེ་ཁམས་དམངས་ཕྱུག་གི་སྔོན་བསྟར་ཁུལ་བསྐྲུན་པ་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་པའི་དམངས་འཚོའི་བདེ་རྩ་ཡིན་པ་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་འཛུགས་པ་དང་། སྐྱེ་ཁམས་ཁ་གསབ། སྐྱེ་ཁམས་དར་འཕེལ་བཅས་ལག་བསྟར་ཤུགས་ཆེ་བྱེད་པ། སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་སྔར་བས་མང་བ་མཁོ་འདོན་བྱས་ཏེ་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བའི་འགན་ལེན་བཅས་བྱས་ནས། སྐྱེ་ཁམས་བཟང་པོ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་ཀྱི་འཁོར་རྒྱུག་བཟང་བའི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་རྒྱུ།

    ས་བཅད་གཉིས་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུ།

    རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་གྲོང་ཁྱེར་དང་རྫོང་བསྐྲུན་པའི་དམིགས་ཚད་དང“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི”ཡིན་པའི་ལག་ལེན་གསར་གཏོད་ཀྱི་རྟེན་གཞི་བསྐྲུན་རྒྱུའི་དོ་དམ་དང་སྒྲིག་སྲོལ་སོགས་ཀྱི་འབྲེལ་ཡོད་ཚད་གཞི་ལག་བསྟར་ནན་ཏན་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་དཔེ་སྟོན་ཁུལ་མགྱོགས་མྱུར་བསྐྲུན་རྒྱུ། དཔེ་སྟོན་སྣེ་ཁྲིད་ཀྱི་དུས་སྐབས་དང་། ཕྱོགས་ཡོངས་གསར་གཏོད་ཀྱི་དུས་སྐབས། སྲ་བརྟན་མཐོར་གཏོང་གི་དུས་སྐབས་བཅས་དུས་མཚམས་གསུམ་ལ་གཞིགས་ནས། འོག་ནས་གོང་དང་གོང་འོག་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། རང་སྐྱོང་ལྗོངས་དང་། ས་གནས་དང་གྲོང་ཁྱེར། རྫོང(ཆུད) ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་རིམ་ལྔའི་མཉམ་སྐྲུན་མཉམ་གཏོད་བྱེད་རྒྱུ། བྱ་སྤྱོད“ཆེན་པོ་དྲུག”སྤེལ་ནས“ལས་གཞི་ཁག་བཅོ་བརྒྱད”ལག་བསྟར་བྱེད་རྒྱུ། 2035ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ་དང་། སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་བསྐྲུན་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱེད་རྒྱུ། སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་དང་། སྐྱེ་ཁམས་རིན་ཐང་མངོན་འགྱུར། འབྱུང་འཕྲོད་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་བཅས་ཀྱི“རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་ཀྱི་ལེགས་གྲུབ་ལྡན་པའི་ངང་ལག་ལེན་ཐུབ་པ་བྱེད་རྒྱུ་དང་། སྐྱེ་ཁམས་ཤེས་དཔལ་ཁྱབ་ཁོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་སྐྱེ་ཁམས་ཁོར་ཡུག་བཟང་པོའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་བཅས་བྱས་ནས། བོད་འདི་ཉིད“རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ལག་ལེན་ཁུལ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། “རྒྱུད་གཅིག་ལམ་གཅིག”གི་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་སྔོན་བསྟར་ཁུལ། ཁོར་ཡུག་སྲུང་སྐྱོང་གི་དཔེ་བཟང་ཁུལ་བཅས་ལ་བསྐྲུན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཕྱོགས་ཡོངས་ནས་སྐྲུན་རྒྱུ།

    ལེའུ་ཉེར་དྲུག་པ། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཁྱོངས་རང་བཞིན་མཐོ་རུ་གཏོང་རྒྱུ།

    རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་འཆར་འགོད་དང་བེད་སྤྱོད་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སླར་གསོ་དང་རྒྱལ་ཁབ་ཀྱི་ས་ཆའི་ཕྱོགས་བསྡུས་བཅོས་སྐྱོང་ལག་ལེན་བསྟར་བ། གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་དང་སྐྱེ་ཁམས་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། གཙོ་གནད་ས་ཁོངས་ཀྱི་རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་བྱེ་ཐང་བཅས་སྤྱི་ཡོངས་ལ་སྲུང་སྐྱོང་དང་། མ་ལག་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ལ་སྤྱི་འདོམས་བྱེད་རྒྱུ།

    ས་བཅད་དང་པོ། སྐྱེ་ཁམས་བར་མཐོངས་ཀྱི་བཀོད་པ་ལེགས་སུ་གཏོང་རྒྱུ།

    སྐྱེ་ཁམས་ཀྱི་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པ་དང་། ནུས་པའི་ཁུལ་གཙོ་བོའི་འཐབ་ཇུས་དོན་འཁྱོལ་བྱེད་པ། རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་ཀྱི་འཆར་འགོད་མ་ལག་འཛུགས་པ་དང་འབྲེལ་ལྟ་སྐུལ་ལག་ལེན་བསྟར་བ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཡུན་བརྟན་གྱི་གཞི་རྩའི་ས་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྤེལ་ཐད་འཛིན་པའི་མཐའ་མཚམས་ཀྱི་ཚོད་འཛིན་ཁུལ་གསུམ་བཅས་ཀྱི་དབྱེ་མཚམས་འབྱེད་རྒྱུ། ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་ཀྱི་བར་མཐོངས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ། གསར་སྤེལ་གྱི་གོ་རིམ་དང་གསར་སྤེལ་བྱེད་ཚད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། བར་མཐོངས་བེད་སྤྱོད་ཀྱི་ཕན་འབྲས་དང་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེའི་དོ་དམ་དང་ཚོད་འཛིན་མ་ལག་འཛུགས་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་གི་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་དྲ་ཐོག་ཏུ་འཇུག་པ། སྐྱེ་ཁམས་ཁོར་ཡུག་གི་ཆོག་འཐུས་གསལ་ཐོ་བཅས་ཚན་རིག་དང་མཐུན་པའི་ངང་བཟོས་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་བར་ཁྱམས་གལ་ཆེན་དང་རྒྱལ་ཁབ་མཐའ་སྲུང་འཛུགས་སྐྲུན་བར་མཐོངས་སོར་འཇོག་བྱེད་རྒྱུ། གཙང་གསུམ་ཆུ་འགོ(བོད་ལྗོངས་ཡུག་ཁུལ)དང་། ཇོ་མོ་གླང་མ། བྱང་ཐང་སོགས་གཙོ་བོར་བྱེད་པའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་ཞིང་འབྲོག་པའི་སྐྱེ་ཁམས་གནས་སྤོར་སྐུལ་འདེད་ཧུར་ཐག་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་བར་མཐོངས་རྣམ་པ་གཏོད་རྒྱུ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་དང་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་གཏོང་བའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། བོད་ལྗོངས་ལྟེ་གནས་ཀྱིས་སྐྱེ་ཁམས་ལ་ལྟ་ཞིབ་ཚད་ལེན་དང་ཚོར་སྐོར་བྱེད་པའི་མཐོ་འབྱེད་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་རྒྱུ།

    ས་བཅད་གཉིས་པ། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱུག་རྒྱུ།

    གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ། ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་བཅད་མ་ལག་སྔར་བས་ལེགས་སུ་བཏང་ནས། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོའི་ལས་གཞི་གལ་ཆེན་ལག་ལེན་བསྟར་བ་དང་། ཀོ་ལི་གུང་ཧྲན་རི་བོ(བོད་ལྗོངས་དུམ་བུ)སྲུང་སྐྱོང་དང་སྐྱེ་དངོས་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་པ། རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་བྱེ་ཐང་བཅས་ཀྱི་མ་ལག་ཉམས་གསོར་སྤྱི་འདོམས་བྱེད་པ། འདམ་ར་དང་། རང་བྱུང་ནགས་ཚལ། རང་བྱུང་རྩྭ་ས་བཅས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ། ཡར་ཀླུང་གཙང་པོ་དང་། འབྲི་ཆུ། རྫ་ཆུ། ལྷ་ས་སྐྱིད་ཆུ། ཉང་ཆུ། མཚོ་མོ་ངང་ལྷ་སོགས་གཙང་པོ་དང་མཚེའུ་རྒྱུག་ཁུལ་གལ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་གཙོ་གནད་ཐོག་ཤུགས་སྣོན་རྒྱུག་རྒྱུ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་གི་རྟོག་ཞིབ་ཐེངས་གཉིས་པ་བྱེད་པར་རྒྱུན་མཐུད་སྐུལ་སྤེལ་གཏོང་རྒྱུ།

    ས་བཅད་གསུམ་པ། སྐྱེ་ཁམས་མ་ལག་གི་ལས་གྲྭ་གལ་ཆེན་ལག་ལེན་བསྟར་རྒྱུ།

    རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས། ནགས་བཟོ་ནགས་སྐྱོང་གི“སྔོན་ལ་ཤིང་འཛུགས་ནགས་བཟོ་དང་རྗེས་ལ་གསབ་འཛུགས་བྱེད་པའི”སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དམ་འཛིན་བྱ་གཞིར་བྱེད་པ་དང་། “གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུག་ཁུལ་དང་། སྐྱེ་ཁམས་ནུས་པའི་ཁུལ་གལ་ཆེན། ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས་གཙོ་བོར་བྱེད་པ་བཅས་བྱས་ནས། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་དང་། བྱེ་འགྱུར་བཅོས་སྐྱོང་། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་སོགས་སྐྱེ་ཁམས་ལས་གཞི་གལ་ཆེན་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི“ཉེ་འགྲམ་བཞིའི”ཤིང་འཛུགས་ནགས་བཟོ་བྱས་ཏེ། གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པའི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་རྒྱུ། བྱེ་འགོག་བྱེ་བཅོས་ཀྱི་ལས་གཞི་དང་ས་ཆུ་ཤོར་བའི་གཙོ་གནད་ཁུལ་ཁོངས་ཀྱི་བཅོས་སྐྱོང་ལས་གཞི་ལག་བསྟར་ཤུགས་ཆེན་བྱེད་རྒྱུ་དང་། རང་བྱུང་རྩྭ་ཐང་ཕྱུགས་བཀག་རྩྭ་གསོ་དང་། ཞན་འགྱུར་དང་བྱེ་འགྱུར་གྱི་རྩྭ་ཐང་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་གནོད་ཡོད་སྐྱེ་དངོས་འགོག་བཅོས་ལས་གཞི་ལག་ལེན་བསྟར་བ་བཅས་བྱས་ནས། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དང་འདམ་ར་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་ལས་གཞི་ལག་བསྟར་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་ཉེ་འཁོར་གྱི་བྱེ་འགྱུར་བཅོས་སྐྱོང་བྱ་སྤྱོད་སྤེལ་ནས་གྲོང་ཁྱེར་དང་གྲོང་རྡལ་ཉེ་འགྲམ་གྱི་བྱེ་འགྱུར་སྣང་ཚུལ་མགྱོགས་མྱུར་མེད་པ་བཟོ་རྒྱུ། གནས་འཕྲོད་ལུང་ཤུར་ས་ཁུལ་གྱི་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་ལ་སྐུལ་འདེད་བཏང་ནས་ཆུ་ལོག་གནོད་འཚེ་དང་འཁྱགས་པའི་གནོད་འཚེ་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ཁའི་ཐོན་ཁུངས་བེད་སྤྱོད་བྱེད་དབང་ཕྱིར་འཐེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཏེར་རིའི་སྐྱེ་ཁམས་གང་མགྱོགས་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ། འབྱུང་འཕྲོད་གཏེར་རིའི་འཛུགས་སྐྲུན་ཚད་གཞི་བཟོ་བ་བཅས་བྱས་ནས། གཏེར་རིའི་ཐོན་སྐྱེད་དང་གསར་སྐྲུན་གཏེར་རི་ཚང་མ་འབྱུང་འཕྲོད་གཏེར་རི་བསྐྲུན་པའི་བླང་བྱ་དང་འཚམ་པ་བྱེད་རྒྱུ། མཁའ་དབྱིངས་ཀྱི་ཆར་ཆུའི་ཐོན་ཁུངས་ཚན་རིག་དང་མཐུན་ཞིང་ལུགས་མཐུན་གསར་སྤེལ་བྱེད་རྒྱུ།

    ལེའུ་ཉེར་བདུན་པ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ།

    སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་དང་། ཁོར་ཡུག་སྦགས་བཙོག་འགོག་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་ལེན་བསྟར་བ་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ།

    ས་བཅད་དང་པོ། སྦཌ་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱུག་རྒྱུ།

    རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་གཙོ་བོར་དམིགས་ནས་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་མུ་མཐུད་སྤེལ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གཙོ་བོར་བྱེད་པའི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་དང་། རླུང་ཁམས་ཆེ་མོའི་སྦགས་བཙོག་དངོས་པོར་མཐུན་སྦྱོར་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། མཁའ་རླུང་ཁོར་ཡུག་གི་སྤུས་ཚད་ཇེ་སྡུག་ཏུ་མི་འགྲོ་བའི་འགན་ལེན་བྱེད་རྒྱུ། ཆུ་བོ་རྒྱུག་ཁུལ་གྱི་གཙོ་གནད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འཐུང་ཆུའི་ཆུ་ཁུངས་དང་། ས་འོག་ཆུ། ས་ངོས་ཆུ་བཅས་ཀྱི་ཁོར་ཡུག་བདེ་འཇགས་འགན་ལེན་བྱས་ནས། གྲོང་ཁྱེར་འཛུགས་སྐྲུན་ཁུལ་དུ་ཆུའི་སྦགས་བཙོག་མེད་པར་བྱེད་རྒྱུ། ཞིང་ལས་ཐད་ཀྱི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ས་རྒྱུའི་སྦགས་བཙོག་བཅོས་སྒྲིག་དང་སླར་གསོ་ཚོད་ལྟའི་ལས་དོན་སྤེལ་ནས། གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་དང་འགྱིག་རྫས་སྦགས་བཙོག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ། བཙོག་འབུད་ཆོག་འཐུས་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས་བཙོག་ཆུ་ཐོན་ཁུངས་ཅན་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་དང་། སྦགས་བཙོག་དངོས་པོ་གཙོ་བོ་དང་དྲོད་ཁང་གི་རླངས་གཟུགས་འབུད་གཏོང་བྱེད་ཚད་དེ་རྒྱལ་ཁབ་ཀྱི་ཞིབ་གཏན་འཁེལ་བའི་ཁྱབ་ཁོངས་ནང་ཚོད་འཛིན་བྱེད་རྒྱུ། ཉེན་ཡོད་ཟོག་རོ་དང་སྨན་བཅོས་ཟོག་རོ་གཅིག་སྡུད་ཐོག་མེད་པར་བཟོ་བར་ཤུགས་སྣོན་རྒྱག་རྒྱུ་དང་ཉིང་རྡུལ་དང་ཁྱབ་འགྱེད་ཀྱི་བདེ་འཇགས་དོ་དམ་ནུས་པ་ཆེ་རུ་བཏང་སྟེ་ཁོར་ཡུག་གི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ།

    ས་བཅད་གཉིས་པ། དེང་རབས་ཁོར་ཡུག་གི་བཅོས་སྐྱོང་མ་ལག་སྐྲུན་རྒྱུ།

    ཁོར་ཡུག་བཅོས་སྒྲིག་གི་འགོ་ཁྲིད་ཀྱི་འགན་འཁྲིའི་མ་ལག་དང་། ཁེ་ལས་ཀྱི་འགན་འཁྲིའི་མ་ལག དམངས་ཡོངས་ཀྱི་བྱ་སྤྱོད་མ་ལག ལྟ་འདོམས་མ་ལག ཁྲོམ་རའི་མ་ལག ཡིད་རྟོན་མ་ལག བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སྲིད་ཇུས་མ་ལག་བཅས་འཐུས་སྒོ་ཚང་དུ་བཏང་ནས་ཁོར་ཡུག་སྲུང་སྐྱོང་གི་མ་འཇོག་ལམ་སྲོལ་སྣ་ཚོགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་ལས་དོན་མུ་མཐུད་སྤེལ་ནས་མང་ཚོགས་ཉེ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་རྒྱུ། བློ་རིག་སྐྱེ་ཁམས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དྲ་བ་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་ཁྲིམས་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་འདོམས་ཁྲིམས་འཛིན་ནན་དུ་གཏོང་རྒྱུ། ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་རྒྱུ་བཅས་བྱས་ནས། བོད་ཀྱི་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོང་ཡག་པོ་བྱེད་རྒྱུ། ཁོར་ཡུག་སྲུང་སྐྱོང་གི་ཡིད་རྟོན་གདེང་འཇོག་དང་། ཆ་འཕྲིན་བཙན་ཤེད་ངང་ཐེར་འདོན་བྱེད་པ། ཆད་པ་ནན་གཅོད་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ལེའུ་ཉེར་བརྒྱད་པ། འབྱུང་འཕྲོད་གོང་འཕེལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    འབྱུང་འཕྲོད་གོང་འཕེལ་གྱི་ལམ་ལུགས་འགན་ལེན་དང་ལག་ལེན་བསྟར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱུན་མཐུད་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། འབྱུང་འཕྲོད་ཐཱན་ཉུང་གི་གོང་འཕེལ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་འབྱུང་འཕྲོད་ལ་སྒྱུར་བར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་དང་པོ། སྐྱེ་ཁམས་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་དང་། ནགས་དཔོན་དང་རྩྭ་དཔོན་གྱི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་ལུགས་ནན་ཤོས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་ལག་ལེན་བསྟར་ནས་ནགས་རྩྭའི་ཐོན་ཁུངས་བསྡུ་ལེན་བཟུང་སྤྱོད་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྒྲིག་བཀོད་བཟོ་སྐྲུན་གྱི་ཞིབ་མཆན་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལ་ལས་གནས་ནས་བྲལ་དུས་ཀྱི་ཞིབ་རྩིས་རྒྱག་པའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་དང་དཔྱད་ཞིབ་ལམ་ལུགས་ཟབ་ཏུ་གཏོང་རྒྱུ། ཐོན་ཁུངས་ནུས་ཆེའི་བེད་སྤྱོད་ལམ་ལུགས་འཛུགས་རྒྱུ། སྐྱེ་ཁམས་ཁ་གསབ་ལམ་ལུགས་དང་། སྐྱེ་ཁམས་ཁ་གསབ་མ་ལག སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེའི་ཁ་གསབ་ལམ་ལུགས་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། སྐྱེ་ཁམས་ཕྱོགས་བསྡུས་ཀྱི་ཁ་གསབ་ཚོད་ལྟའི་ལས་དོན་སྤེལ་རྒྱུ། རྒྱལ་ཡོངས་ཀྱི་ནུས་སྤྱོད་དབང་ཆ་དང་ཐཱན་འབུད་དབང་ཆ་ལྷུག་གཏོང་གི་ཉོ་ཚོང་ཁྲོམ་ར་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་ལེ་ལག་ཚང་བའི་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་གཏོང་སྤྲོད་ཁ་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཀྱི་ཁ་གསབ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུ། གཙང་པོ་དང་ཆུ་བོ་ཆེན་པོ་རྒྱུག་ཁུལ་གྱི་ས་ཁོངས་སྒྲོལ་བའི་སྐྱེ་ཁམས་ཁ་གསབ་ལ་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་དང་གནམ་གཤིས་འགྱུར་ལྡོག་གི་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དང་ལྟ་བཤེར་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུག་རྒྱུ། སྐྱེ་ཁམས་ལས་གནས་ཁ་གསབ་ཀྱི་འབྲེལ་ཡོད་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་གཉིས་པ། འབྱུང་འཕྲོད་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ།

    མ་བྱུང་སྔོན་འགོག་མཐའ་འཁྱོངས་ཀྱིས་དཔལ་འབྱོར་གོང་འཕེལ་འཆར་འགོད་དང་རྣམ་གྲངས་ལས་གྲྭའི་འཆར་གཞི་འགོད་སྐབས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་མི་གཏོང་བ་དམར་ཐིག་ཏུ་བྱས་ཏེ་བུ་རབས་ཚ་རྒྱུད་ལ་རྩ་ཆེའི་སྐྱེ་ཁམས་ཀྱི་རྒྱུ་ནོར་འཇོག་རྒྱུ། ས་མཐོའི་སྐྱེ་དངོས་དང་། ཡུལ་སྐོར་རིག་གནས། ནུས་རྒྱུ་གཙང་མ། འབྱུང་འཕྲོད་བཟོ་ལས། དེང་རབས་ཞབས་ཞུ། མཐོ་གསར་གྲངས་གཞི། མཐའ་མཚམས་ཚོང་དོན་ཟོག་འགྲེམས་སོགས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། འབྱུང་འཕྲོད་དངུལ་རྩ་གོང་འཕེལ་གཏོང་བ་དང་། འབྱུང་འཕྲོད་GDPཞིབ་རྩིས་བརྒྱབ་ནས“ས་གོ་ལའི་གླིང་སྣེ་གསུམ་པའི”འབྱུང་འཕྲོད་ཐོན་རྫས་སྤུས་རྟགས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ། སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྣོད་བཅུད་ཅན་ལ་སྐུལ་འདེད་བཏང་སྟེ་སྔོ་ཞིང་དྭངས་བའི་རི་ཆུར་ལྡན་པའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་གསེར་རི་དངུལ་རིར་གང་མགྱོགས་འགྱུར་བ་བྱས་ཏེ་སྔོ་ཞིང་དྭངས་བའི་རི་ཆུ་དེ་བས་མཛེས་སྡུག་ལྡན་པར་བསྐྲུན་པ་དང་གསེར་རི་དངུལ་རི་དེ་བས་རྒྱ་ཆེར་གཏོང་རྒྱུ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲིད་ཇུས་དོ་ནན་ཤོས་ལག་བསྟར་བྱེད་རྒྱུ། “མཐོ་གསུམ”གྱི་ཁེ་ལས་དང་རྣམ་གྲངས་ལ་ཞིབ་མཆན་མི་འགོད་པ། ནང་འདྲེན་མི་བྱེད་པ་བཅས་མཐའ་འཁྱོངས་བྱེད་རྒྱུ།

    ས་བཅད་གསུམ་པ། འབྱུང་འཕྲོད་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་རྒྱུ།

    སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་གོང་འཕེལ་མཐའ་འཁྱོངས་བྱེད་པ་དང་འབྱུང་འཕྲོད་གོང་འཕེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ནུས་པའི་འབྱུང་ཁུངས་ཀྱི་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་ཁོར་ཡུག་འཛུགས་སྐྲུན་དང་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། མཛེས་ཤིང་གཙང་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བསྐྲུན་པ། གྲོང་ཁྱེར་དང་གྲོང་གསེབ་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཞན་ཆ་གང་མགྱོགས་གསབ་པ། ས་མཐོའི་སྤྱི་གླིང་གྲོང་ཁྱེར་དང་ནགས་ཚལ་གྲོང་ཁྱེར་བསྐྲུན་པ། འབྱུང་འཕྲོད་གྲོང་ཁྱེར་དང་གྲོང་རྡལ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་སྡོད་མལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་གནས་བར་མཐོངས་གཏོད་རྒྱུ། གྲོང་ཁྱེར་གྱི་གོམ་བགྲོད་ལམ་དང་། རྐང་འཁོར་གྱི་འགྲིམ་འགྲུལ་མ་ལག མི་སྐྱོད་སྲང་ལམ་སྒྲིག་ཆས་སོགས་མ་ལག་གང་མགྱོགས་བཙུགས་ནས་འབྱུང་འཕྲོད་འགྲོ་སྐྱོད་དར་སྤེལ་དང་སྤྱི་པའི་འགྲིམ་འགྲུལ་སྔོན་ལ་གོང་འཕེལ་གཏོང་རྒྱུ། མཚོ་བོད་ས་མཐོའི་ཐོན་ཁུངས་ཡོངས་བཤེར་བྱེད་པ་དང་། མཚོ་བོད་ས་མཐོའི་འཛམ་གླིང་གི་རང་བྱུང་དང་རིག་གནས་ཤུལ་བཞག་རེ་ཞུའི་རྣམ་གྲངས་ཡག་པོ་བཟོས་ནས་ས་མཐོའི་སྐྱེ་ཁམས་རིག་གནས་ཀྱི་སྤུས་རྟགས་གཏོད་རྒྱུ། འབྱུང་འཕྲོད་ཐོན་རྫས་སྲིད་གཞུང་གིས་ཉོ་བའི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་བྱས་ཏེ་སྤྱི་དམངས་ཀྱི་གྲོན་ཆུང་འདུ་ཤེས་དང་། ཁོར་ཡུག་སྲུང་སྐྱོང་འདུ་ཤེས། སྐྱེ་ཁམས་འདུ་ཤེས་བཅས་ཆེ་རུ་གཏོང་རྒྱུ།

    ཆེད་སྒྲོམ་ཉེར་གཅིག་པ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་རྒྱུ།

    01 བྱ་སྤྱོད་ཆེན་པོ་དྲུག

    སྐྱེ་ཁམས་བདེ་འཇགས་འགན་ལེན་དང་། སྐྱེ་ཁམས་བར་མཐོངས་ལེགས་གཏོང་། སྐྱེ་ཁམས་དཔལ་འབྱོར་སྐྱེད་སྲིང་། སྐྱེ་ཁམས་འཚོ་བ་ལག་ལེན། སྐྱེ་ཁམས་རིག་གནས་རྒྱུན་འཛིན། སྐྱེ་ཁམས་ལམ་ལུགས་གསར་གཏོད་བཅས“བྱ་སྤྱོད་ཆེན་པོ་དྲུག”སྤེལ་རྒྱུ།

    02 ལས་གཞི་ཁག་བཅོ་བརྒྱད།

    གནམ་སྔོ་ཆུ་དྭངས་དང་ས་གཙང་སྲུང་སྐྱོང་དང་། རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ། ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྱོང་། ས་མཐོའི་རང་བྱུང་གནོད་འཚེ་འགོག་བཅོས། ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོ། ས་མཐོའི་སྤྱི་གླིང་གྲོང་ཁྱེར་འཛུགས་སྐྲུན། ཞིང་འབྲོག་ལས་ཀྱི་འབྱུང་འཕྲོད་མཐོར་གཏོང་། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན། འབྱུང་འཕྲོད་གཏེར་རི་འཛུགས་སྐྲུན། ས་མཐོའི་སྐྱེ་ཁམས་ཁུལ་ཁོངས་ཧྲིལ་པོའི་ཡུལ་སྐོར། “སའི་གོ་ལའི་སྣེ་གསུམ་པའི”འབྱུང་འཕྲོད་ཐོན་རྫས་སྤུས་རྟགས་གཏོད་པ། ས་མཐོའི་འཚོ་བ་འབྱུང་འཕྲོད་ཅན། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག ས་མཐོའི་སྐྱེ་ཁམས་རིག་གནས་སྔོག་འདོན་སྲུང་སྐྱོང་། ས་མཐོའི་ཐོན་ཁུངས་ཡོངས་བཤེར། ཐེངས་གཉིས་པའི་མཚོ་བོད་ཚན་རིག་རྟོག་ཞིབ་གྲུབ་འབྲས་ཁ་སྒྱུར་བེད་སྤྱོད། “སའི་གོ་ལའི་སྣེ་གསུམ་པའི”སྤེལ་རེས་མཉམ་ལས་ལས་སྟེགས་འཛུགས་སྐྲུན་བཅས“ལས་གཞི་ཁག་བཅོ་བརྒྱད”ལག་བསྟར་བྱེད་རྒྱུ།

    03 གཙོ་གནད་སྐྱེ་ཁམས་རྣམ་གྲངས།

    བོད་ཀྱི་བྱང་ཐང་གི་ས་མཐོའི་ཐང་རྒོད་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་དང་བོད་ཀྱི་ཤར་ལྷོའི་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། ས་མཐོའི་གཏེར་རིའི་སྐྱེ་ཁམས་ཉམས་གསོ་བཅས་ཀྱི་འདུ་འགོད་ལག་ལེན་བསྟར་རྒྱུ། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར། བྱེ་འགོག་བྱེ་བཅོས་ལས་གཞི་ལག་བསྟར། གྲོང་གསེབ་ཀྱི“ཉེ་འགྲམ་བཞིའི”ཤིང་འཛུགས་བྱ་སྤྱོད་སྤེལ་བ། གཙང་པོ་དང་ཆུ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་མགྱོགས་སུ་གཏོང་བ། ས་ཆུ་ཤོར་བའི་གཙོ་གནད་ཁུལ་ཁོངས་བཅོས་སྐྱོང་དང་། རང་བྱུང་རྩྭ་ཐང་ཕྱུགས་བཀག་རྩྭ་གསོ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་གནོད་ཡོད་སྐྱེ་དངོས་འགོག་བཅོས། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། འདམ་ར་གཙོ་བོ་སྲུང་སྐྱོང་དང་ཉམས་གསོའི་ལས་གཞི་བཅས་ལག་བསྟར་བྱེད་རྒྱུ། གཙང་པོ་དང་ཆུ་བོ་ཆེན་པོའི་ཆུ་འགོ་དང་། རྒྱུག་ཁུལ། རྩྭ་ཐང་སྲུང་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་རྒྱུ།

    04 སྐྱེ་ཁམས་ཀྱི་ཕྱོགས་བསྡུས་ཁ་གསབ་སྤྲོད་པའི་ཚོད་ལྟ་ཁུལ།

    གཞིས་རྩེའི་དིང་རི་རྫོང་དང་། ལྷོ་ཁའི་ལྷུན་རྩེ་རྫོང་། ཆབ་མདོ་གྲོང་ཁྱེར་གྱི་རི་བོ་ཆེ་རྫོང་། ནག་ཆུ་གྲོང་ཁྱེར་གྱི་ལྷ་རི་རྫོང་། མངའ་རིས་ས་ཁུལ་གྱི་རྩྭ་མདའ་རྫོང་བཅས།

    05 སྐྱེ་ཁམས་འཆར་འགོད།

    བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་བཟོ་སྒྲིག་བྱེད་པ་དང་། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་འཆར་འགོད་བཟོ་རྒྱུ་དང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཆར་འགོད་བཟོ་འདོན་བྱེད་རྒྱུ།

    ལེ་ཚན་དགུ་པ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་བསྲུངས་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་རྒྱུ།

    དམག་དཔུང་འདུས་སྡོད་དང་མི་དམངས་བདེ་སྡོད་མཉམ་སྤེལ་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་དང་། མཐའ་མཚམས་གོང་འཕེལ་མགྱོགས་སུ་གཏོང་བར་མཐའ་མཚམས་སྲ་བརྟན་དང་བདེ་འཇགས་འགན་ལེན་བྱེད་པའི་གཙོ་ཐིག་ལ་དམིགས་ཏེ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ། རྒྱལ་སྲུང་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྐྱོར་ལ་སྐུལ་འདེད་བཅས་བཏང་ནས། མཐའ་སྲུང་དང་། མཐའ་བརྟན། མཐའ་ཕྱུག མཐའ་དར་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཐུབ་པ་བྱེད་རྒྱུ།

    ལེའུ་ཉེར་དགུ་པ། དཔལ་འབྱོར་འཛུགས་སྐྱོང་དང་རྒྱལ་སྲུང་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་བྱེད་རྒྱུ།

    རྒྱལ་སྲུང་གི་དགོས་མཁོ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཀྱི་མ་ལག་ནང་བཅུག་སྟེ་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་མཉམ་སྤྱོད་གཏིང་ཟབ་དང་། སྲིད་ཇུས་ལམ་ལུགས་མཐུན་སྦྱོར་ཟབ་གཏོང་། རྒྱལ་སྲུང་ཁྱབ་ཁོངས་ཀྱི་གཙོ་གནད་ལས་གྲྭ་ལག་བསྟར་བཅས་བྱས་ཏེ་རྒྱལ་སྲུང་གི་དངོས་ཤུགས་དང་དཔལ་འབྱོར་དངོས་ཤུགས་གོམ་སྟབས་གཅིག་མཚུངས་སུ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་དང་པོ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་རྒྱུ།

    མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་། གནམ་གཤིས། ཁྲིམས་འཛིན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་སྟེ་མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེ་གཏོང་རྒྱུ། འགྲིམ་འགྲུལ་ཤར་གཏོང་ཐུབ་ནུས་ཆེ་རུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མཐའ་མཚམས་ཤང་དང་གྲོང་རྡལ་དང་མཐའ་མཚམས་གྲོང་ཚོའི་གཞུང་ལམ་དྲ་བ་ཁྱོན་ཡོངས་ལ་ཁྱབ་པ་དང་ཀུན་སྤྱོད་མཁའ་ལམ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། གློག་དྲ་གཙོ་བོ་སྣུར་བསྲིང་ལ་སྐུལ་འདེད་མྱུར་པོ་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་ཕྱོགས་བསྡུས་ནུས་རྒྱུའི་འགན་ལེན་བྱེད་ནུས་ཆེ་རུ་གཏོང་རྒྱུ། མཐའ་མཚམས་ས་ཁུལ་གྱི་ཆུ་ཁུངས་འདུ་འགོད་གཙོ་བོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ཆུ་ལོག་སྔོན་འགོག་དང་། ཐན་འགོག ཞིང་ཆུ་འདྲེན་པ། གློག་གཏོང་སོགས་ཆུ་བེད་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་རྒྱུ། བློ་རིག་མཐའ་སྲུང་དང་བློ་རིག་མཐའ་མཚམས་ཞིབ་བཤེར་ལ་སྐུལ་འདེད་བཏང་སྟེ་རྒྱལ་ལམ་དང་ཞིང་ཆེན་ལམ་དང་། མཐའ་མཚམས་རྫོང་། མཐའ་སྲུང་སྐོར་གཡེང་རྫོང་། མཐའ་རྒྱུད་བགྲོད་ལམ་སོགས་ལམ་རྒྱུད་དུ་འཕྲིན་གཏོང་དྲ་རྒྱ་ཁྱོན་ཡོངས་སུ་ཁྱབ་པར་བྱེད་རྒྱུ། མི་དམངས་ཀྱི་ཉེན་ཟོན་ལས་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་འགག་སྒོའི་མཐའ་མཚམས་འཛུལ་སྒྲོལ་གྱི་མཐའ་སྲུང་ཞིབ་བཤེར་གྱི་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་བསྐྲུན་ནས་འགག་སྒོའི་མཐའ་མཚམས་འཛུལ་སྒྲོལ་གྱི་ཞིབ་བཤེར་ནུས་པ་དང་འགག་སྒྲོལ་གྱི་ལས་ཕྱོད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། མཐའ་མཚམས་ཤང་དང་གྲོང་རྡལ་གྱི་ཁྲིམས་འཛིན་ལས་ཁུངས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འཛིན་ནུས་པ་ཆེ་རུ་གཏོང་རྒྱུ། མཐའ་མཚམས་ས་ཁུལ་གྱི་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་ཀྱི་དྲ་བ་ཁེབས་ཁྱོན་ཆེ་རུ་གཏོང་བ་དང་མཐའ་མཚམས་ཀྱི་གནམ་གཤིས་སྒྲིག་ཆས་དང་། གྲངས་གཞི། ཐོན་ཁུངས་བཅས་མཉམ་སྐྲུན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་མཐའ་མཚམས་ས་ཁུལ་གྱི་གནམ་གཤིས་ཐད་ཀྱི་ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་ཉེན་ཟོན་བརྡ་གཏོང་གི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ།

    ས་བཅད་གཉིས་པ། དངོས་ཟོག་འགན་ལེན་ནུས་པ་འཛུཌ་སྐྱོང་ལ་ཤུཌ་སྣོན་རྒྱག་རྒྱུ།

    དངོས་ཟོག་གྲབས་གསོག་དང་འཕྲལ་སྡོམ་འགན་ལེན་ནུས་པ་ཆེ་རུ་བཏང་ནས་འབྲུ་རིགས་དང་དངོས་ཟོག་འཕྲལ་སྡོམ་གྲབས་གསོག་ལྟེ་གནས་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། འབྲུ་རིཌ་འཕྲལ་སྒྲུབ་མཁོ་སྤྲོད་དང་ལས་སྣོན་ནུས་པ་ཆེ་རུ་གཏོང་བ། འབྲུ་རིགས་དང་དངོས་ཟོག་ཆ་འཕྲིན་ཅན་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཐོན་ཁུངས་མཉམ་སྤྱོད་དང་། བཀོད་པ་ལུགས་མཐུན། ནུས་པ་ཆ་ཚང་བ་བཅས་ཀྱི་གྲབས་གསོག་སྒྲིག་བཀོད་དྲ་རྒྱ་བསྐྲུན་རྒྱུ། བཅོས་སྣུམ་དང་རང་བྱུང་སོལ་རླངས་གྲབས་གསོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ནུས་རྒྱུ་གྲབས་གསོག་གི་ལམ་ལུགས་ཞིབ་བཟོ་བྱས་ཏེ་ཁེ་ལས་ཀྱི་གྲབས་གསོག་དང་སྲིད་གཞུང་གི་གྲབས་གསོག་ཟུང་འབྲེལ་དང་ཕན་གསབ་མཉམ་འགུལ་གྱི་ནུས་རྒྱུ་གྲབས་གསོག་མ་ལག་རགས་ཙམ་ཆགས་པར་བྱེད་རྒྱུ། འབྲུ་རིགས་དང་དངོས་ཟོག་གྲབས་གསོག་གི་བདེ་འཇགས་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་བསྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་གྲབས་གསོག་སྣ་ཁའི་གྲུབ་ཆ་དང་ཁུལ་ཁོངས་ཀྱི་བཀོད་པ་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ། འབྲུ་རིགས་བདེ་འཇགས་ཐད་ཀྱི་ཏང་སྲིད་འགན་འཁྲི་མཉམ་འཁུར་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བ་བྱས་ནས་དངོས་ཟོག་གི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུ།

    ས་བཅད་གསུམ་པ། མཐུན་སྦྱོར་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    མཐའ་མཚམས་སྟོབས་ཆེ་དང་མཐའ་བརྟན་གྱི་ལས་འགན་ཨང་དང་པོར་འཇོག་པ་དང་། ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱེད་པ། མཐའ་བརྟན་མཐའ་སྲའི་འཕྲལ་མཁོ་དང་། མུག་ཟོས་ལ་རྒོལ་བའི་འཐབ་རྩོད་ཀྱི་མཁོ་སྤྱོད། མཐའ་མཚམས་མི་སེར་གྱི་རེ་སྒུག་ཆེན་པོ་བཅས་ཐག་གཅོད་བྱེད་རྒྱུ་འགོ་འཛུགས་སར་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས་རྒྱལ་སྲུང་གི་བླང་བྱ་མཐའ་འཁྱོངས་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་། ཁ་ཕྱོགས་གཙོ་བོ། རྣམ་གྲངས་གལ་ཆེན་བཅས་འགག་གནད་སྒྲོལ་སར་བྱེད་པ་བཅས་ཀྱི་ཐོག་ནས་རྨང་གཞིའི་ཁྱབ་ཁོངས་ཀྱི་ཐོན་ཁུངས་མཉམ་སྤྱོད་མ་ལག་འཛུགས་པ་དང་། མཐའ་མཚམས་གཞི་རིམ་ཏང་རྩ་འཛུགས་ཀྱི་མཐའ་སྲུང་དང་། མཐའ་བརྟན། མཐའ་ཕྱུག མཐའ་མཚམས་སྟོབས་ཆེ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ། དམག་བཀུར་ཁྱིམ་སྐྱོང་སྲིད་ཇུས་ཀྱི་བྱེད་ཐབས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཉིས་བཀུར་མཉམ་སྐྲུན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་ཀྱི་འགོག་ཟོན་བཀོད་འདོམས་མ་ལག་གང་མགྱོགས་བསྐྲུན་པ་བཅས་བྱེད་རྒྱུ།

    ལེའུ་སུམ་ཅུ་པ། མཐའ་མཚམས་ས་ཁུལ་གྱི་མི་འབོར་དང་དཔལ་འབྱོར་གྱི་འདེགས་སྐྱོར་ཆེ་རུ་གཏོང་རྒྱུ།

    མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པ། མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་བྱས་ཏེ་མཐའ་མཚམས་ས་ཁུལ་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་དང་པོ། མཐའ་མཚམས་ས་ཁུལ་གྱི་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ།

    མཐའ་མཚམས་ཀྱི་མུ་ཏིག་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་ཁག་གཅིག་བསྐྲུན་ནས་ཆུ་གློག་ལམ་འཕྲིན་གཏོང་དྲ་རྒྱ་དང་ཚན་སློབ་རིག་འཕྲོད་འགན་ལེན་བཅས་གཞི་གཅིག་ཅན་འཛུགས་སྐྲུན་བྱེད་རྒྱུར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་གཏོང་རྒྱུ། མཐའ་མཚམས་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆད་སྐྱོན་གང་མགྱོགས་གསབ་ནས་གྲོང་ཁྱེར་གྲོང་རྡལ་གྱི་བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། མཐའ་མཚམས་ཀྱི་གཙོ་གནད་རྫོང་གྲོང་དང་། གཙོ་གནད་འགག་སྒོ། མཐའ་མཚམས་མི་སེར་གྱི་ཁྲོམ་རའི་ཉོ་ཚོང་ཁུལ་བཅས་སུ་གྲོང་རྡལ་འབྲིང་བ་དང་ཆུང་གྲས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་མཐའ་མཚམས་ས་ཁུལ(གྲོང་ཁྱེར)ཨ་མར་བྱེད་པ་དང་། མཐའ་མཚམས་རྫོང་གྲོང་ལྟེ་བར་བྱེད་པ། འགག་སྒོ་དང་གཙོ་གནད་གྲོང་རྡལ་མཚམས་ཚིགས་སུ་བྱེད་པ། མཐའ་མཚམས་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་མཐའ་མཚམས་གྲོང་ཚོ་དང་གྲོང་རྡལ་གྱི་བར་ཁྱམས་བསྐྲུན་རྒྱུ། མཐའ་མཚམས་ཤང(གྲོང་རྡལ)གི་གྲོང་སྲིད་དང་སྤྱི་པའི་སྒྲིག་ཆས་གསར་སྐྲུན་རྒྱས་སྐྲུན་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་རྣམ་གྲངས་ལག་བསྟར་བྱས་ཏེ་མཐར་ལུས་རང་བྱུང་གྲོང་ཚོའི་སྡོད་མལ་ཁོར་ཡུག་མཛེས་སུ་དང་ལེགས་སུ་གཏོང་རྒྱུ། མཐའ་མཚམས་ས་ཁུལ་གྱི་སྲིད་འཛིན་ཁུལ་དབྱེའི་སྒྲིག་བཀོད་འོས་འཚམ་ལེགས་སུ་གཏོང་རྒྱུ།

    ས་བཅད་གཉིས་པ། མཐའ་མཚམས་ས་ཁུལ་ལ་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ།

    མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱས་ཏེ་མཐའ་མཚམས་མི་སེར་མཐའ་སྲུང་ལ་ཞུགས་རྒྱུར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་མཐའ་སྲུང་གྲོང་ཚོའི(གྲོང་ལྷན)སྡོད་ཁང་དང་། རྒན་གསོ། སློབ་གསོ། སྨན་བཅོས། སྤྱི་ཚོགས་རོགས་སྐྱོབ། དངུལ་རྩ། ས་ཞིང་སོགས་ལ་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་བཟོས་ནས་མཐའ་མཚམས་སྟོབས་ཆེ་དང་མཐའ་བརྟན་གྱི་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་གྱིས་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མཐའ་མཚམས་སྐོར་སྲུང་བའི་ལམ་ལུགས་དང་མཐའ་མཚམས་མི་སེར་གྱི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། མཐའ་མཚམས་ས་ཁུལ་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། གློག་སྤྱོད་ས་སྤྱོད་དང་། ཚན་རྩལ་གསར་གཏོད། སྤུས་རྟགས་གཏོད་པ། མ་རྩ་བསྡུ་སྒྲིལ་ཁག་ཐེག་སོགས་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཞིབ་བཟོ་བྱེད་རྒྱུ།

    ས་བཅད་གསུམ་པ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ།

    མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་ཁུལ་འཆར་འགོད་འཛུགས་སྐྲུན་བྱེད་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་རོང་ཁུལ་གྱི་སྐྱེ་ཁམས་དཔལ་འབྱོར་ཁུལ་དང་། གྲོག་རོང་རྒྱུད་ཀྱི་དཔལ་འབྱོར་བར་མཐོངས། ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་ལས་སྣོན་རྟེན་གཞི། རྒྱལ་ཡོངས་ཀྱི་ཡུལ་སྐོར་གཙོ་གནད་གྲོང་ཚོ་དང་རི་འཛེགས་བཅས་ཀྱིས་གཙོས་པའི་མཐའ་མཚམས་ཀྱི་ཐོན་ལས་གོང་འཕེལ་རྣམ་པ་གཏོད་རྒྱུ། ཁྲོམ་རའི་སྟོན་ཕྱོགས་མཐའ་འཁྱོངས་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཐའ་མཚམས་ཀྱི་ཤང་(གྲོང་རྡལ)ལ་རྒྱབ་སྐྱོར་བྱས་ནས་ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ནགས་ཀྱི་ཐོན་ལས་དང་། རང་བྱུང་འཐུང་ཆུ། འབྱུང་འཕྲོད་སྣོད་བཅུད། ཡུལ་སྐོར་རིག་གནས། མི་རིགས་ལག་ཤེས་བཟོས་རྫས་སོགས་ཁྱད་ལྡན་ཐོན་ལས་གོང་འཕེལ་ཧུར་ཐག་གཏོང་རྒྱུ། མཐའ་མཚམས་རྫོང་དང་ཤང་གི་ཚོང་དོན་ཟོག་འགྲེམས་མ་ལག་གང་མགྱོགས་བཙུགས་ནས་མཐའ་མཚམས་མི་སེར་གྱི་ཉོ་ཚོང་ཁྲོམ་ར་སྣ་མང་ཅན་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་མཐའ་མཚམས་ཚོང་དོན་ཕྱོགས་སྒྱུར་གྱིས་མཐའ་མཚམས་མི་སེར་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་སྒོ་མོ་འབྱེད་རྒྱ་ཆེ་བ་དང་མཐའ་དར་དམངས་ཕྱུག་གི་ཕན་འབྲས་མངོན་ཆེའི་མཐའ་མཚམས་ཚོང་དོན་གྱི་དཔེ་སྟོན་གྲོང་ཚོ་ཁག་གཅིག་བསྐྲུན་རྒྱུ་དང་། ཉོ་ཚོང་ཁྲོམ་རའི་ལས་སྣོན་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱས་ཏེ་ལས་སྣོན་ཁེ་ལས་ལ་ས་ཆ་སོགས་ཀྱི་དམིགས་བསལ་རྒྱབ་སྐྱོར་སྲིད་ཇུས་མཁོ་འདོན་བྱ་རྒྱུ། ཡུལ་སྨད་ཤང་དཔེ་མཚོན་དུ་བྱས་པའི་མཐའ་མཚམས་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ། མི་འབོར་ཅུང་ཉུང་བའི་མི་རིགས་ཤང་9སྔོན་ལ་སྤུས་ཚད་མཐོ་པོས་གོང་འཕེལ་ཡོང་བར་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ།

    ལེ་ཚན་བཅུ་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ།

    བརྟན་ལྷིང་སྲུང་སྐྱོང་དེ་འགན་འཁྲི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་རྒྱུ།

    ལེའུ་སོ་གཅིག་པ། དུས་བདེའི་བོད་ལྗོངས་འཛུཌ་སྐྲུན་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་རྒྱུ།

    མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དོན་ལ་བབ་ས་དང་ཤུགས་རྒྱག་སར་བྱས་ནས་མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་ནས་ལས་དོན་སྒྲུབ་པ་དང་། དོན་ཆེན་མ་ཐོན་སྔོན་འགོག་བྱ་རྒྱུ་རྨང་གཞིར་བྱས་ནས་གྲ་སྒྲིག་བྱེད་པ། འགན་འཁྲི་ཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་ཚད་གཞིར་བཞག་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་གྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ།

    ས་བཅད་དང་པོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ།

    ཁ་ཕྲལ་ལ་ངོ་རྒོལ་བྱེད་པར་སྤྱི་ཡོངས་ནས་རང་འགུལ་ཡོང་བར་བྱས་ཏེ་ཆེས་རྙོག་འཛིང་ཆེ་བའི་འཐབ་རྩོད་ལ་རྒྱལ་ཁ་ལེན་པ་དང་། ཚོད་བགམ་ནན་ཤོས་ལ་གདོང་གཏུག་པ། དཀའ་ངལ་ཆེ་ཤོས་ཀྱི་རྣམ་པར་ཁ་གཏད་གཅོག་པ་བཅས་ཀྱི་མཐོ་ཚད་ནས་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་ལྷག་པར་དུ་སྲིད་དབང་བདེ་འཇགས་དང་། ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་བདེ་འཇགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ། “སྣང་ཆེན་བཞི་དང་དགའ་ཞེན་བཞི”དང“ཚད་ལོན་པའི་ཏང་ཡོན་ཞིག་བྱས་ཏེ་གདོང་ལེན་དཔེ་བཟང་བར་བརྩོན་པའི”སློབ་གསོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་དང་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་མ་ལག“ཆེ་གྲས་བཅུ”འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཉེན་ཁ་ཚབས་ཆེན་ལ་ཁ་གཏད་གཅོག་པའི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་དང་། བྱ་ཐབས། སྒྲིག་ཆས། འགྲོ་གྲོན། རྨང་གཞིའི་སྒྲིག་བཀོད་བཅས་སྐྲུན་པར་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་འཐབ་ས་དང་པོས་ཁྲིམས་ལྟར་བརྟན་ལྷིང་སྲུང་སྐྱོང་དང་། གནད་འཕིགས་ཁྲིམས་སྒྱུར་བྱེད་ནུས་བཅས་ཆེ་རུ་བཏང་སྟེ། བརྟན་ལྷིང་སྲུང་སྐྱོང་གི་འཕྲལ་རྐྱེན་སེལ་ནུས་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆེད་དོན་རྡུང་རྡེག་དང་བཅོས་སྐྱོང་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ། དྲ་རྒྱའི་བདེ་འཇགས་འགན་ལེན་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དྲ་རྒྱའི་འཕྲིན་གཏོང་བྱེད་སྒོའི“གཏན་འགོག་ཉི་ཤུ”དོན་འཁྱོལ་ནན་པོ་བྱས་ཏེ་བོད་འབྲེལ་དྲ་སྦྲེལ་གྱི་གྲངས་གཞི་ཆེན་པོའི་ལས་སྟེགས་དང་བཀོལ་སྤྱོད་ལས་གཞི་དང་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་རྣམ་པའི་ཚོར་ཤེས་དང་འཕྲལ་སྡོམ་བཀོད་འདོམས་ལས་སྟེགས་རྣམ་གྲངས་གང་མགྱོགས་སྐྲུན་རྒྱུ། ཕྱོགས་བསྡུས་བཅོས་སྐྱོང་གི་གྲངས་གཞི་ཆེན་པོ་ལྟེ་གནས་སྐྲུན་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་ལྗོངས་ཡོངས་ཀྱི་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་བཟོའི་ཞིབ་འཇུག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འགན་ལེན་གྱི་ནུས་པ་ཐོན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་རིམ་བཞིན་གཏོད་རྒྱུ། རིགས་འདྲ་མིན་གྱི་སྤྱི་ཚོགས་རྩ་འཛུགས་དང་ལྷག་པར་དུ་ས་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་དང་། ཕྱི་ཕྱོགས་ཚོང་པའི་མ་འཇོག་ཁེ་ལས་ཀྱི་དོ་དམ་ལ་ཁྲིམས་བཞིན་ཤུགས་སྣོན་རྒྱག་རྒྱུ།

    ས་བཅད་གཉིས་པ། སྤྱི་ཚོགས་བདེ་འཇགས་དང་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་རྒྱུ།

    རང་འགུལ་བཅོས་སྐྱོང་དང་ཆེད་དོན་བཅོས་སྐྱོང་བྱེད་རྒྱུ་དེ་ཁྲིམས་ལྟར་བཅོས་སྐྱོང་དང་། མ་ལག་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་དང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱས་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་འགྱུར་བའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེ་གཏོང་བ། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་གོང་འཕེལ་བཏང་སྟེ་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་ཚོད་སྐོར་ལམ་སྲོལ་དང་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡིག་བསྐུར་ཞུ་བཅར་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་ནང་ཁུལ་གྱི་འགལ་ཟླ་འོས་འཚམ་སེལ་བ་བཅས་བྱེད་རྒྱུ། གྲོང་སྲོལ་དམངས་ཆིངས་ཀྱི་གྲོང་མིའི་སྤྱི་ཆིངས་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཚོའི(གྲོང་ལྷན)རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་ཆུ་ཚད་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཕྱོགས་བསྡུས་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དུས་བདེའི་འཛུགས་སྐྲུན་བྱེད་པའི་དཔྱད་གདེང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མཉམ་འགོག་མཉམ་བཅོས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གནད་དོན་མཉམ་དུ་བཅོས་པ། ལས་དོན་མཉམ་དུ་སྒྲུབ་པ། དུས་བདེ་མཉམ་དུ་གཏོད་པ་བཅས་མཐའ་འཁྱོངས་ཀྱིས་གྲོང་སྡོད་དང་དགོན་སྡོད་སྟོབས་ཤུགས་དང་། གཞི་རིམ་རྩ་འཛུགས། “གཉིས་ལྡན་དུད་སྦྲེལ” “དཔུང་རྟགས་དམར་པོ” “སྲུང་སྐྱོང་བཞིའི་རུ་ཁག”ཚོགས་པའི་རྩ་འཛུགས། ཡུལ་དམག ལམ་སྐྱོང་རུ་ཁག མཐའ་སྲུང་བ་སོགས་སྟོབས་ཤུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་ཆགས་པར་བྱེད་རྒྱུ།

    ས་བཅད་གསུམ་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་རྒྱུ།

    ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལ་ཕན་པ་དང་། “མོས་སེམས་ལྔ”ཆེ་རུ་འགྲོ་རྒྱུར་ཕན་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཕན་པ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཡོང་བར་ཕན་པ། དད་ལྡན་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་བར་ཕན་པ་བཅས་ཚད་གཞིར་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་རྒྱུ། ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་དོ་དམ་བཅས་ཟུང་དུ་འབྲེལ་བའི་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས“མང་དུ་མི་གཏོང་བ་གསུམ་གྱི་མཐའ་ཚད”ནན་སྲུང་གིས་དགོན་སྡེའི་ནོར་ཁྲལ་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ། བོད་བརྒྱུད་ནང་བསྟན་གྱི་རིམ་གསུམ་མཚན་གནས་ལམ་ལུགས་དོན་འཁྱོལ། བོད་ལྗོངས་ནང་བསྟན་སློབ་གླིང་དང་དེ་བཞིན་དེའི་ཡན་ལག་སློབ་གླིང་ཡག་པོ་གཉེར་བ་བཅས་བྱེད་རྒྱུ། བསྟན་དོན་ལ་འགྲེལ་བཤད་གསར་པ་རྒྱག་པའི་ལས་གཞི་ལག་བསྟར་བྱེད་རྒྱུ། འདུལ་ཁྲིམས་དང་བསྟན་དོན་ལ་དུས་རབས་ཀྱི་སྙིང་དོན་དང་འཚམ་ཞིང་། གོ་བདེ་རྟོགས་སླ་བའི་འཆད་འགྲེལ་བྱེད་རྒྱུ། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་སོགས་ཁྲིམས་སྲོལ་དང་སྒྲིག་སྲོལ་དང་དེ་བཞིན་བླ་སྤྲུལ་ཡང་སྲིད་ཀྱི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ངེས་སྲོལ་སོགས་དྲིལ་བསྒྲགས་ཤུགས་ཆེ་བྱེད་རྒྱུ། སེར་སྐྱ་མང་ཚོགས་ཀྱིས་ཏཱ་ལ་དང་པཎ་ཆེན་སོགས་བླ་སྤྲུལ་ཆེ་གྲས་ཀྱི་ཡང་སྲིད་ཐད་ཀྲུང་དབྱང་སྲིད་གཞུང་གི་རྩོད་ཐབས་གང་ཡང་མེད་པའི་མཐའ་མའི་ཐག་གཅོད་དབང་ཆར་མཐའ་གཅིག་ཏུ་བརྩི་བཀུར་བྱེད་རྒྱུར་ཁྲིད་སྟོན་བྱེད་རྒྱུ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་ཐོན་པའི་ཤུགས་རྐྱེན་ངན་པ་བསལ་ནས་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། ད་ཆའི་མཛེས་སྡུག་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ།

    ས་བཅད་བཞི་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ།

    འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་རྨང་གཞི་བརྟན་དུ་གཏོང་བ་དང་། གཡུལ་ས་ལེགས་པར་བསྐྲུན་པ། དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱེད་རྒྱུ། ཐོལ་བྱུང་དོན་རྐྱེན་གལ་ཆེན་དང་ཚོར་སྣང་སྐྱེན་པའི་གླེང་ཕྱོགས་ལ་དབྱེ་ཞིབ་དང་བརྡར་གཅོད་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་ཁྱབ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་ཡག་པོ་བསྒྲུབ་རྒྱུ། སྨྱན་སྦྱོར་ཐོན་ཁུངས་སྒྲིལ་སྤྱོད་དང་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་འཆད་འགྲེལ་གཏིང་ཟབ་བྱེད་རྒྱུ་དང་། ཏང་གི་མཁས་མཛངས་རླབས་ཆེན་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་རྒྱས་བཤད་གཏིང་ཟབ་བྱེད་རྒྱུ། “མངོན་གསལ་དོད་པའི་ཁྱད་ཡོན་བཅུ་གསུམ”དང“མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅུ་གསུམ”དེ་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་དང་འབྲེལ་བ་ཡོད་པ་གསལ་པོ་ཤོད་རྒྱུ། སྲོལ་རྒྱུན་གྱི་གཙོ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་གྱིས་དཔྱད་གཏམ་པའི་རྩོམ་ཡིག་རབ་དང་རིམ་པ་གཅིག་སྡུད་ཐོག་འོས་སྦྱོར་བྱས་ནས་མི་སེམས་གཅིག་ཏུ་འགྲིལ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། རང་སྐྱོང་ལྗོངས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་མཉམ་འདྲེས་གོང་འཕེལ་ཟབ་མོ་ཡོང་བར་སྐུལ་འདེད་མགྱོགས་མྱུར་བཏང་ནས་རང་སྐྱོང་ལྗོངས་རིམ་པའི་སྒུལ་བདེའི་བརྒྱུད་སྤེལ་ལས་སྟེགས་དང་ས་གནས(གྲོང་ཁྱེར)རྫོང་(ཆུས)ཁག་ཏུ་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་བསྐྲུན་རྒྱུ། རང་སྐྱོང་ལྗོངས་དང་ས་གནས(གྲོང་ཁྱེར)ཀྱི་རླུང་འཕྲིན་འཕྲལ་སྡོམ་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་མཐའ་མཚམས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་གྱི་སྐུད་མེད་གྲངས་འཛིན་ཅན་དང་དབུལ་སྐྱོར་གནས་སྤོའི་ས་ཚིགས་སུ་རླུང་འཕྲིན་བརྙྀན་འཕྲིན་ཁྱབ་པར་བྱེད་རྒྱུ། བློ་རིག་རླུང་འཕྲིན་བརྙན་འཕྲིན་གྱི་ལེ་ཚན་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ། མི་རིགས་ཀྱི་དུས་དེབ་རྩོམ་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། བོད་ཡིག་དཔར་བསྐྲུན་གྱི་ལྟེ་བའི་གྲངས་གཞིའི་མཛོད་འཛུགས་པ། “གངས་ལྗོངས་ཀྱི་རིག་མཛོད”སོགས་སྤུས་དག་དཔེ་དེབ་རབ་དང་རིམ་པ་གསར་རྩོམ་བཅས་བྱེད་རྒྱུ།

    ས་བཅད་ལྔ་པ། སྤྱི་པའི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་འཕྲལ་སྡོམ་རོགས་སྐྱོབ་ལས་འགན་ཨང་དང་པོར་བརྩི་བ་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་བདེ་འཇགས་ལྟ་འདོམས་རྨང་གཞིར་བྱས་ཏེ་འཕྲལ་སྡོམ་དོ་དམ་མ་ལག་དང་། ནུས་པ་དེང་རབས་ཅན། འཕྲལ་སྡོམ་སྐྱོབ་རོགས་རྟེན་གཞི་བཅས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གེགས་སེལ་གེགས་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱས་ནས་བདེ་འཇགས་ལས་འཛོལ་ཚབས་ཆེན་ཐོན་རྒྱུ་བཀག་འགོག་ནུས་ལྡན་བྱེད་པ་དང་བདེ་འཇགས་དང་གནོད་འཚེའི་ཉེན་ཁ་མངོན་གསལ་དོད་པོས་འགོག་ཟོན་དང་སེལ་རྒྱུ། སྐྱེ་དངོས་བདེ་འཇགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་བཟའ་བཅའ་དང་སྨན་རྫས་སོགས་མི་དམངས་ཀྱི་བདེ་ཐང་དང་འབྲེལ་བའི་ཐོན་རྫས་དང་ཞབས་ཞུའི་བདེ་འཇགས་འགན་ལེན་ཆུ་ཚད་མཐོ་རུ་གཏོང་རྒྱུ། “བློ་རིག་འཕྲལ་སྡོམ”འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་གཅིག་གྱུར་དང་ནུས་ཆེའི་བཀོད་འདོམས་ལས་སྟེགས་སྐྲུན་པ་དང་དམག་དཔུང་དང་། ཉེན་རྟོག ས་གནས་བཅས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་། རིགས་འདྲ་མིན་གྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཐོན་ཁུངས་དང་སྟོབས་ཤུགས་ཁག་གཅིག་སྡུད་ཐོག་སྤྱི་འདོམས་བཀོད་གཏོང་བྱེད་པ། སྡེ་ཚན་དབར་གྱི་ཐོན་ཁུངས་དང་ཆ་འཕྲིན་མཉམ་སྤྱོད་ཡོང་བར་བྱེད་པ། རང་བྱུང་གནོད་འཚེར་དུས་ཐོག་ཏུ་དྲ་ཐོག་ནས་ལྟ་ཞིབ་ཚད་འཇལ་བྱེད་པ་དང་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ། ས་མཐོའི་མཁའ་འགྲུལ་རོགས་སྐྱོབ་རྟེན་གཞི་མགྱོགས་མྱུར་བཙུགས་ཏེ་འཕྲལ་སྡོམ་སྐྱོབ་རོགས་དངོས་རྫས་དང་སྒྲིག་ཆས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། འཕྲལ་སྡོམ་དོ་དམ་དཔུང་ཁག་སྟོབས་ཆེར་བཏང་སྟེ་འཕྲལ་སྡོམ་དོ་དམ་གྱི་ཕྱོགས་བསྡུས་ཁྲིམས་སྒྱུར་བྱེད་ཤུཌ་ཆེ་རུ་གཏོང་བ་དང་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་སྐྱོབ་རོགས་དཔུང་ཁག་ཚད་གཞི་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། རང་བྱུང་གནོད་འཚེའི་ཉེན་ཁ་བརྟག་དཔྱད་དང་། ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ། བདེ་འཇགས་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར། འགོག་བཅོས་ནུས་པ་འཛུཌ་སྐྱོང་བཅས་ལ་ཤུཌ་སྣོན་བརྒྱབ་ནས་གནམ་གཤིས་ཀྱི་ལྟ་ཞིབ་ཚད་འཇལ་དང་ཉེན་བརྡ་སྔོན་གཏོང་ནུས་པ་ཆེ་རུ་གཏོང་བ་དང་། ཡོམ་འགོག་གེགས་སེལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་བྱུང་གནོད་འཚེ་འགོག་བཅོས་ཀྱི“ལས་གཞི་ཁག་དགུ”གཙོ་གནད་དུ་ལག་བསྟར་བྱེད་པ། རིགས་ཁག་གི་རང་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་ཕྱོགས་བསྡུས་སྐྱོབ་རོཌ་དང་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ།

    ལེའུ་སོ་གཉིས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ།

    བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡང་དག་པའི་འགྲོ་ལམ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ་བསམ་བློའི་གནད་དོན་ཡང་ཐག་གཅོད་བྱེད་པའི་ཕུགས་ཕན་གྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ“གཅིག་གྱུར”དང་“མང་པོའི”དབར་དང་། “གཅིག་མཐུན”དང“ཁྱད་པར”དབར། གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མི་རིགས་ཀྱི་འདུ་ཤེས་དབར་བཅས་ཀྱི་མགོ་མཇུག་དང་། གཙོ་ཕལ། སྔོན་རྗེས་བཅས་ཀྱི་ནང་སྐྱེད་འབྲེལ་བ་གནད་འཕིགས་སྟངས་འཛིན་བྱས་ཐོག “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་རང་བཞིན་གྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བཏང་ཐོག་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་པོ་བཞིན་དམ་པོར་སྦྲེལ་ཐུབ་པ་བྱེད་རྒྱུ།

    ས་བཅད་དང་པོ། ཏང་གི་མི་རིཌ་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ།

    མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་ཀྱིས་གཅིག་མཐུན་དང་ཧེ་བག་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང“ཏང་གི་འོད་ཟེར་མཐའ་མཚམས་ཡུལ་དུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས”ཞེས་པའི་སློབ་གསོ་རྒྱ་ཁྱབ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་ཆེན་པོ་བྱེད་ལུགས་སྐྱེད་སྲིང་བྱས་ཏེ་ཡུལ་སྲོལ་གོམས་གཤིས་དང་རིག་གནས་སྒྱུ་རྩལ་སོགས་ཐད་ཀྱི་མཛེས་སྡུག་མཉམ་སྤྱོད་དར་སྤེལ་གཏོང་རྒྱུ། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱས་ཏེ་བཅའ་ཁྲིམས་ཀྱི་ཚད་ལྡན་ནང་ཁྲིམས་སྐྱོང་གི་ཐབས་ལམ་ནས་མི་རིགས་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་འབོར་ཐོན་ཡུལ་དང་སླེབས་ཡུལ་དབར་གྱི་འབྲེལ་མཐུད་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་གྱི་མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དང་ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་སྟངས་ལ་བརྟེན་ནས་མི་རིགས་ལས་དོན་ཁྱབ་ཁོངས་ཀྱི་འགལ་ཟླའི་རྩོད་གཞི་ཁག་འོས་འཚམ་བསལ་ཏེ། རྐང་བཙུགས་ནས་མི་རིགས་འབྲེལ་བར་དཀྲུགས་ཤིང་རྒྱག་པ་དང་། མི་རིགས་དབར་མཐོང་ཆུང་དང་འཁོན་འཛིན་སློང་བའི་ངན་སྐུལ་འཆང་བ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། དོན་རྐྱེན་ངན་པ་བཟོ་བ་བཅས་ཀྱི་ཉེས་གསོག་པར་ཁྲིམས་ལྟར་རྡུང་རྡེག་བཏང་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་བའི་འགན་ལེན་བྱེད་རྒྱུ།

    ས་བཅད་གཉིས་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ཁ་ཕྱོགས་གཙོར་བོར་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོཌ་ཡོངས་ནས་ཁྱབ་གདལ་གཏོང་བ་དང་སློབ་ཞུཌ་གོང་གི་བྱིས་པའི་སྤྱི་སྐད་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སློབ་གྲྭ་འབྲིང་ཆུང་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད་དང་མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་ཕྱོཌ་ཡོངས་ནས་བྱེད་རྒྱུ། ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་གསོ་གོང་འཕེལ་གྱི་འཆར་འགོད་དོན་འཁྱོལ་བྱས་ཏེ་མི་རིགས་མཉམ་འདྲེས་ཀྱི་སློབ་ཁྲིད་དང་མཉམ་འདྲེས་ཀྱི་ཞག་སྡོད་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ། གྲོང་ཁྱེར་གྱི་ཕྱོགས་མིའི་མི་འབོར་གྱི་ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བསྒར་བརྒྱན་ལྟ་བུའི་སྡེ་ཁུལ་གྱི་ཁོར་ཡུག་སྐྲུན་པ་དང་མི་རིཌ་ཁག་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ལས་དོན་སྒྲུབ་པ། མཉམ་རོལ་བཅས་ཀྱི་སྤྱི་ཚོགས་ཆ་རྐྱེན་བསྐྲུན་གང་ཐུབ་བྱེད་རྒྱུ། སྲིད་ཇུས་སྔར་བས་འཐུས་ཚང་དང་། ཐབས་ལམ་ཆེར་གཏོང་། རིམ་པ་སྤོར་བ་བཅས་བྱས་ཏེ་ནང་སའི་དཔལ་འབྱོར་དང་། རིག་གནས། མི་སྣ། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་བཅས་དབར་ཕན་ཚུན་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ནང་སར་སློབ་ཞུགས་དང་ལས་ཞུགས་ཡོང་བར་རོགས་རམ་བྱེད་པ། ནང་སའི་ཁེ་ལས་དང་མི་སྒེར་བོད་དུ་ལས་གཏོད་གོང་འཕེལ་བྱེད་པར་ཡོང་རྒྱུར་སྐུལ་མ་གཏོང་བ། འདེབས་གསོའི་དུད་ཆེན་དང་། ཕྱུག་འགྱུར་འཇོན་ཐང་ཅན། འདེབས་གསོའི་ཁེ་ལས་བཅས་རང་ལྗོངས་སུ་ལས་གཏོད་ལས་དར་བྱེད་པར་གཙོ་གནད་ཐོག་གདན་འདྲེན་ཞུ་བ་བཅས་བྱེད་རྒྱུ། རྣམ་པ་སྣ་ཚོགས་ཀྱི་ལྟ་སྐོར་སྤེལ་རེས་ཚོགས་པ་ཡག་པོ་གཉེར་ནས་ལོ་ལྟར་མི་རིགས་ཁག་གི་ཕུལ་བྱུང་འཐུས་མི་ནང་སར་ལྟ་སྐོར་སློབ་སྦྱོང་དང་བརྟག་ཞིབ་དང་རྟོག་ཞིབ་བྱེད་པར་སྒྲིག་འཛུགས་བྱས་ཏེ་མི་རིགས་ཁག་དབར་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་སྤུན་ཉེ་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་ལ་སྐུལ་འདེད་བཏང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་གཏོཌ་སེམས་དང་མོས་སེམས་ཟམ་མི་ཆད་བར་ཟབ་ཏུ་གཏོང་རྒྱུ།

    ས་བཅད་གསུམ་པ། མི་རིཌ་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུཌ་གཏོད་བྱེད་རྒྱུ།

    “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་བརྗོད་དོན་གཙོ་བོ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ལག་ལེན་གཏིང་ཟབ་བསྟར་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དཔེ་མཚོན་ལ་གཟེངས་བསྟོད་ཤུགས་ཆེ་བྱས་ཏེ་2025ལོར་སླེབས་སྐབས་ས་གནས་དང་གྲོང་ཁྱེར་བདུན་ཚང་མ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་གནས་དང་གྲོང་ཁྱེར”དུ་འཛུགས་གཏོད་བྱེད་རྒྱུ་དང་། ལྗོངས་ཡོངས་ཀྱི་རྫོང(ཆུས)80%རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་རྫོང(ཆུས)ལ་བསྐྲུན་རྒྱུ། ལྗོངས་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། མི་དམངས་ཚོགས་པ་བཅས་80%རིམ་པ་དེ་གའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པར་བསྐྲུན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིན་ཐང་ལྟ་བ་དར་སྤེལ་རྒྱ་ཁྱབ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་བརྟན་དུ་བཏང་ཐོག་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ཡོང་བར་བྱས་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ཧུར་ཐག་བསྐྲུན་རྒྱུ།

    ལེའུ་སོ་གསུམ་པ། ཁྲིམས་སྐྱོང་འཛུཌ་སྐྱོང་ལ་ཕྱོཌ་ཡོངས་ནས་ཤུཌ་སྣོན་རྒྱག་རྒྱུ།

    ཚན་རིག་དང་མཐུན་པའི་ཁྲིམས་འཛུཌ་དང་། དམངས་གཙོའི་ཁྲིམས་འཛུཌ། ཁྲིམས་ལྟར་ཁྲིམས་འཛུཌ་བཅས་མཐའ་འཁྱོངས་ཀྱིས་ཏང་ཨུད་ཀྱིས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད། སྲིད་གཞུང་ལ་བརྟེན་པ། ཕྱོགས་ཁག་ཞུགས་པ་བཅས་ཀྱི་ཁྲིམས་འཛུགས་ལས་དོན་གྱི་བཀོད་པ་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མཐའ་ཚད་བརྟན་པོར་སྲུང་བ། མཐའ་སྲུང་སྲ་བརྟན་གྱི་འགན་འཁྲི་དང་ལས་འགན་སྒྲུབ་པ་བཅས་བྱེད་རྒྱུ།

    ས་བཅད་དང་པོ། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ།

    ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཁྲིམས་ལྟར་དབང་ཆ་བཟོ་བ་དང་། དབང་ཆ་སྤྲོད་པ། དབང་ཆ་ཚོད་འཛིན། དབང་ཆར་ལྟ་སྐུལ་བཅས་བྱས་ཏེ་སྲིད་གཞུང་གི་བྱེད་སྒོ་ཚང་མ་ཁྲིམས་སྐྱོང་བགྲོད་ལམ་ནང་འཇུག་རྒྱུ། ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་ཕྱོགས་ཡོངས་ནས་བསྒྲུབས་ཏེ་ལས་ཁུངས་དང་། འགན་ནུས། དབང་ཚད། གོ་རིམ། འགན་འཁྲི་བཅས་ཁྲིམས་གཏན་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། འགན་འཁྲི་ཁ་གསལ་དང་ཁྲིམས་ལྟར་སྲིད་འཛིན་གྱི་སྲིད་གཞུང་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་དོན་ཚན་གལ་ཆེན་ལ་མཉམ་དུ་ཐབས་ཇུས་འགོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་བསྒྱུར་བཅོས་ཟབ་གཏོང་དང་། གོང་འཕེལ་ལ་སྐུལ་གཏོང་། འགལ་ཟླ་སེལ་བ། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། གཞུང་དྲང་དང་ཤེས་དཔལ་གྱི་ཁྲིམས་སྒྱུར་ནན་ཞིང་ཚད་ལྡན་དུ་བཏང་སྟེ་ཁྲིམས་སྒྱུར་སྤུས་ཚད་ཀྱི་དཔྱད་ཞིབ་དཔྱད་དཔོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་སྐྱོང་སྲིད་གཞུང་མགྱོཌ་མྱུར་འཛུཌ་རྒྱུ།

    ས་བཅད་གཉིས་པ། ཁྲིམས་སྐྱོང་སྤྱི་ཚོཌ་འཛུཌ་སྐྱོང་ལ་ཕྱོཌ་ཡོངས་ནས་སྐུལ་འདེད་གཏོང་རྒྱུ།

    རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་ཁྲིམས་བཞིན་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་ཡོངས་སུ་ཁྲིམས་སྐྱོང་ཁོར་ཡུག་དང་ཁྲིམས་སྐྱོང་གི་གོམས་གཤིས་བཟང་པོ་འཇགས་པར་བྱེད་རྒྱུ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བཅའ་ཁྲིམས“བདུན་སྤེལ”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། རྩ་ཁྲིམས་དང་དམངས་དོན་ཁྲིམས་གཞུང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། གྱོ ད་གཞི་དྲངས་ནས་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་པ་དང་གྱོ ད་གཞི་དྲངས་ནས་བཅའ་ཁྲིམས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། “གྲོང་གསེབ་ཀྱི་བཅའ་ཁྲིམས་གསལ་པོ་ཤེས་མཁན”གསོ་སྐྱོང་བྱེད་པའི་ལས་གཞི་ལག་ལེན་བསྟར་རྒྱུ། བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། རང་སྐྱོང་ལྗོངས་དང་། ས་གནས། རྫོང་། ཤང་བཅས་རིམ་པ་བཞིའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས(ས་ཚིགས)བསྐྲུན་པ་དང་། གཞུང་ལས་ཁྲིམས་རྩོད་པ་གཙོ་བོར་བྱས་པའི་རྫོང་དང་། ཤང་། གྲོང་ཚོ་བཅས་ལ་ཕྱོགས་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དཔུང་ཁག་བཙུགས་ནས་བཅའ་ཁྲིམས་བློ་འདྲི་གྲོང་ཚོ(གྲོང་ལྷན)ཡོངས་ལ་ཁྱབ་པར་བྱེད་རྒྱུ། ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་ཏུ་བཏང་སྟེ་བློ་རིག་ཁྲིམས་ཁང་དང་བློ་རིག་ཞིབ་དཔྱོད་ལས་དོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། ཁྲིམས་འཛིན་རོགས་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཉེས་ཁྲིམས་ཆད་གཅོད་ལག་བསྟར་ནན་པོ་བྱེད་པ་དང་། ཁྲིམས་སྐྱོང་ལྟ་སྐུལ་ནན་པོ་བྱེད་པ། ཁྲིམས་སྒྱུར་ལས་རིགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་རྒྱུ།

    ས་བཅད་གསུམ་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་རྒྱུ།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ཆད་ལུས་མེད་པར་དོན་འཁྱོལ་བྱས་ཏེ་རྒྱུན་འཁྱོངས་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་དང་སྤྱོད་ཚུལ་ལེགས་སུ་གཏོང་བའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ་རུལ་སུངས་ཡོད་ཚེ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་ལྐོག་རྔན་བླངས་ཚེ་ཐག་གཅོད་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་རྒྱུ་སྲ་བརྟན་དང་གོང་འཕེལ་བཏང་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ། འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་དང་དབང་ཚད་ཚད་ལྡན་བཟོས་ཏེ་ཚན་རིག་དང་མཐུན་པའི་འགན་འཁྲི་བདའ་འདེད་གཏོང་བའི་གོ་རིམ་དང་ལམ་ལུགས་འཛུགས་པ་དང་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲི་བསྡོམས་རྩིས་རྒྱག་ཤུགས་ཆེ་རུ་གཏོང་རྒྱུ། སྲིད་གཞུང་ནང་ཁུལ་གྱི་དབང་ཆའི“གསལ་ཐོ”དང་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབང་ཆའི་སྡེ་ཚན་གྱི་ལྟ་ཞིབ་དང་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པའི་སྤྱོད་གཙང་དང་། སྲིད་གཞུང་གི་སྤྱོད་གཙང་། ཆབ་སྲིད་དྭངས་གཙང་བཅས་ཧུར་ཐག་ཡོང་བ་བྱས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ།

    ཆེད་སྒྲོམ་ཉེར་གཉིས་པ། སྤྱི་ཚོགས་བརྟན་ལྷིང་།

    01 དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ།

    “གངས་འོད་ལས་གཞི”དང“ཕ་བོང་ལས་གཞི”ལག་ལེན་བསྟར་བ། “རིག་ལྡན་སྤྱི་བདེ”འཛུགས་སྐྱོང་མགྱོགས་སུ་བཏང་སྟེ་གྲངས་གཞི་ཆེ་མོའི་རིག་ནུས་ཅན་འཛུགས་སྐྱོང་དང་བཀོལ་སྤྱོད་མགྱོགས་སུ་གཏོང་བ་དང་དུས་བདེའི་བོད་ལྗོངས་ཀྱི་གྲངས་གཞི་དོ་དམ་ལྟེ་གནས་འཛུགས་སྐྱོང་བྱེད་རྒྱུ་དང་། “གྲངས་འཛིན་ཁྲིམས་སྐྱོང་དང་རིག་ལྡན་ཁྲིམས་འཛིན”གྱི་ལས་གཞི་ལག་ལེན་བསྟར་བ། “རིག་ལྡན་འཕྲལ་སྡོམ”འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་རྒྱུ། བོད་ཀྱི་ལྟ་འདོམས་སྒྱུར་བཀོད་བྱ་ཡུལ་དང་དུག་སྤོངས་ཡོ་བསྲང་བྱ་ཡུལ་ཚད་ལྡན་ཅན་འཛུགས་སྐྱོང་དང་དེ་བཞིན་བར་བརྒལ་རང་བཞིན་གྱི་བཀོད་སྒྲིག་སློབ་གསོ་གཅུན་འདོམས་བྱེད་རོགས་བྱ་ཡུལ་སྐྲུན་རྒྱུར་རྒྱབ་སྐྱོར་བཅས་བྱེད་རྒྱུ།

    02 བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་རྒྱུ།

    བོད་བརྒྱུད་ནང་བསྟན་ལ་དོ་དམ་བྱེད་པའི་གྲངས་གཞི་ཆེ་མོའི་ལག་རྩལ་དང་ཆོས་ལུགས་ལས་དོན་ཞབས་ཞུའི་ལས་སྟེགས་བཙུགས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་ཆ་འཕྲིན་ཅན་དོ་དམ་མ་ལག་གི་རྣམ་གྲངས་ལག་ལེན་བསྟར་བ་དང“རིག་ལྡན”ཆོས་ལུགས་ཀྱི་གྲངས་གཞི་ཆེ་མོའི་ཐོན་ཁུངས་མ་ལག་བསྐྲུན་ནས་ལྗོངས་ཡོངས་ཀྱི་ཆོས་ལུཌ་བྱེད་སྒོ་སྤེལ་ཡུལ་གྱི་རྨང་གཞིའི་གྲངས་གཞིའི་ཆ་འཕྲིན་མཛོད་འཛུཌ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    03 ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ།

    བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་རྩེར་སོན་རིག་མཛོད་བཙུགས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བཪྙན་དང་ཕུལ་བྱུང་ལོ་རྒྱུས་རིག་གནས་ཀྱིས་མཐའ་མཚམས་ལ་ཕན་བདེ་སྐྲུན་པའི་གནས་ཚུལ་དངོས་མཚོན་གློག་བརྙན་གསར་རྩོམ་ཁྱབ་སྤེལ་གྱི་ལས་གཞི་ལག་ལེན་བསྟར་བ་དང་། བོད་ཡིག་དཔེ་སྐྲུན་གྱི་ལྟེ་བའི་གྲངས་གཞིའི་མཛོད་འཛུགས་པ། བོད་ཀྱི་གསར་བརྗེའི་འཛུགས་སྐྲུན་དང་བསྒྱུར་བཅོས་དྲན་གསོ་ཁང་བཅས་སྐྲུན་པ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤུལ་བཞག་དང་། ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་དང་། གྲོང་རྡལ། གྲོང་ཚོ། ཁྲོམ་གཞུང་བཅས། སྲོལ་རྒྱུན་བཟོ་སྐྲུན་སྔོག་འདོན་དང་སྲུང་སྐྱོང་ལས་གཞི་བཅས་ལག་ལེན་བསྟར་བ། གསར་བརྗེའི་རིག་གནས་ཤུལ་བཞག་དང་གསར་བརྗེའི་གནའ་ཤུལ། བོད་ས་གནས་དང་མེས་རྒྱས་འགྲོ་འོང་འབྲེལ་བའི་གནའ་ཤུལ་བཅས་སྲུང་སྐྱོང་བྱ་རྒྱུ་རེད། སློབ་གྲྭའི་བསམ་བློ་ཆབ་སྲིད་ལས་གཞི་ལག་ལེན་བསྟར་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བརྟན་པོ་སྐྲུན་པའི་ཆེད་དོན་སློབ་གསོ་ཡག་པོ་སྤེལ་ནས་སྔོག་འདོན་ར་སྤྲོད་ཁུངས་འཚོལ་དང་། ཞིབ་འཇུག་ལེགས་སྒྲིག སློབ་གཞི་རྩོམ་སྒྲིག དྲིལ་བསྒྲགས་སློབ་གསོ་བཅས་ཀྱི“ལས་གཞི་ཆེན་པོ་བཞི”ལག་ལེན་བསྟར་རྒྱུ།

    04 སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱ་རྒྱུ།

    སྤྱི་ཕན་རིགས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱི་སྐྱོང་གསོའི་རྟེན་གཞི་བཙུགས་ཏེ་གློག་འཕྲིན་གྱི་རྨང་གཞིའི་གྲངས་གཞིའི་ཕྱོགས་བསྡུས་འགན་ལེན་མ་ལག་འཛུགས་སྐྱོང་མགྱོགས་པོ་བྱ་རྒྱུ།

    05 ཁྲིམས་སྐྱོང་འཛུགས་སྐྱོང་།

    སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་བཙུགས་ཏེ“བཅའ་ཁྲིམས་གསལ་པོ་ཤེས་མཁན”གསོ་སྐྱོང་དང་ཁྲིམས་སྐྱོང་རིག་གནས་ཀྱི་གཡུལ་ས་འཛུགས་སྐྱོང་གི་ལས་གཞི་ལག་ལེན་བསྟར་རྒྱུ་དང་། “ཤང་གཅིག་ལ་སུའོ་གཅིག”གི་བླང་བྱ་ལྟར་ཤང་དང་གྲོང་རྡལ་གྱི་ཁྲིམས་འཛིན་སུའོ་ཡི་སྒྲིག་གཞི་དང་སྒྲིག་བཀོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛིན་སུའོ་ཡི་ཞབས་ཞུའི་དོ་དམ་ཡོངས་ཁྱབ་ཐུབ་པ་བྱ་རྒྱུ།

    06 འཕྲལ་སྡོམ་དོ་དམ་མ་ལག་འཛུགས་རྒྱུ།

    ཕྱོགས་བསྡུས་འཕྲལ་སྡོམ་སྐྱོབ་རོགས་རྟེན་གཞི་དང་། འཕྲལ་སྡོམ་སྐྱོབ་རོགས་སྒྲིག་ཆས་གསོག་འཇོག་རྟེན་གཞི། དམིགས་བསལ་ས་མཐོའི་མཁའ་ཐོག་སྐྱོབ་རོགས་རྟེན་གཞི། རིག་ལྡན་འཕྲལ་སྡོམ་རྣམ་གྲངས། འཕྲལ་སྡོམ་སྐྱོབ་རོགས་ལྟེ་གནས་འཛུགས་སྐྲུན་ལས་གཞི། རང་བྱུང་གནོད་འཚེ་འགོག་བཅོས་ལག་རྩལ་སྒྲིག་ཆས་ཀྱི་དེང་རབས་ཅན་གྱི་ལས་གཞི། རང་བྱུང་གནོད་འཚེའི་འཕྲལ་སྡོམ་སྐྱོབ་རོགས་ནུས་པ་འཛུགས་སྐྱོང་། གནོད་འཚེ་བརྟག་དཔྱད་དང་གཙོ་གནད་མངོན་མེད་རྐྱེན་ངན་གྲལ་བཤེར་ལས་གཞི། ནགས་ཚལ་གྱི་འཕྲལ་སྡོམ་སྐྱོབ་རོགས་རྨང་གཞིའི་སྒྲིག་བཀོད་བཅས་འཛུགས་རྒྱུ།

    07 དྲ་རྒྱ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།

    དྲ་རྒྱ་དང་གྲངས་འཛིན་བདེ་འཇགས་འགན་ལེན་ལས་གཞི་ལག་ལེན་བསྟར་རྒྱུ།

    ལེ་ཚན་བཅུ་གཅིག་པ། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འཆར་འགོད་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    “ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་མཐུན་རྐྱེན་མཐའ་དག་སྐུལ་སློང་གང་ལེགས་བྱས་ཏེ་འཆར་འགོད་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་གཙོ་བོ་དང་འཐབ་ཇུས་ལས་འགན་བདེ་བླག་ངང་བསྒྲུབ་ཐུབ་པའི་འགན་ལེན་བྱེད་རྒྱུ།

    ལེའུ་སོ་བཞི་པ། ཏང་གིས་ཕྱོཌ་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུཌ་སྣོན་རྒྱག་རྒྱུ།

    ཏང་གིས་སྤྱི་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆེས་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་བ། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་རྒྱ་ཁྱབ་ངང་མཐུན་སྒྲིལ་བྱེད་པ་བཅས་བྱས་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་དང་པོ། ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱ་རྒྱུ།

    ཏང་གིས་ཁ་ཕྱོཌ་སྟངས་འཛིན་དང་། སྤྱི་ཡོངས་ཇུས་འགོད། སྲིད་ཇུས་གཏན་འཁེལ། བསྒྱུར་བཅོས་ལ་སྐུལ་གཏོང་བཅས་བྱེད་པའི་བླང་བྱ་ལག་བསྟར་བྱས་ཏེ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་འགོ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་དབྱང་གིས་བོད་ཀྱི་གོང་འཕེལ་ལ་ནོར་སྲིད་དང་། ཁྲལ་བསྡུ། མ་འཇོག དངུལ་རྩ། བོད་སྐྱོར་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་ནན་ཏན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཐབ་ཇུས་ཞིབ་འཇུག་བྱེད་པ་དང་། དུས་བཀག་ལྟར་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་བྱེད་པ། མཛད་ཕྱོགས་སྲིད་ཇུས་གལ་ཆེན་ལ་ཞིབ་འཇུག་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་ཇུས་འགོད་དང་། སྤྱི་འདོམས་མཐུན་སྦྱོར། སྤྱི་ཡོངས་སྐུལ་འདེད། དོན་འཁྱོལ་ལ་སྐུལ་གཏོང་བཅས་ལ་ཤུགས་སྣོན་རྒྱག་པ། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་གསུམ”གྱི་བླང་བྱ་དོན་འཁྱོལ་བྱེད་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དུས་རབས་གསར་པ་དང་བླང་བྱ་གསར་པ་དང་བསྟུན་ནས་བསྒྱུར་བཅོས་ལ་དམ་འཛིན་དང་། གོང་འཕེལ་ལ་སྐུལ་གཏོང་། བརྟན་ལྷིང་འགན་ལེན་བཅས་ཀྱི་ཆུ་ཚད་དང་ཆེད་ལས་ཅན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ། ཏང་གི་གཅིག་གྱུར་འགོ་ཁྲིད་དང་། ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་དང་ནུས་པ་ཆེ་བ་བཅས་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དམ་ནན་དུ་བཏང་ནས། མི་དམངས་འཐུས་ཚོགས་གི་ལྟ་སྐུལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་འཛིན་གྱི་ལྟ་སྐུལ། ཁྲིམས་འཛིན་གྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། “མི་རུང་བ་གསུམ”གྱི་འཐབ་ཇུས་དམིགས་ཚད་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཁྲོད་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་བ་དང་། མ་དངུལ་གྱི་ཐོན་ཁུངས་གཅིག་སྡུད། ནོར་སྲིད་ཀྱི་དངུལ་རྩའི་མ་འཇོག་གཏོང་ཤུགས་ཆེ་བ་བཅས་ཀྱི་ཁྱབ་ཁོངས་དང་ལྷུ་ཚིགས་ལ་དམིགས་ནས། རུལ་སུངས་ཀྱི་གནད་དོན་སྣ་ཚོགས་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་། རུལ་སུངས་ལ་འཐབ་རྩོད་མཐར་ཕྱིན་བྱས་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ། གཞི་རིམ་ཏང་རྩ་འཛུགས་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་གཏིང་ཟབ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་སྤྱི་ཡོངས་ནུས་པ་ཆེ་རུ་གཏོང་བ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་བྱེད་རྒྱུ།

    ས་བཅད་གཉིས་པ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ།

    འཐབ་ཕྱོགས་གཅིག་གྱུར་ཆེ་མོའི་ལས་ཀའི་བཀོད་པ་འཐུས་སྒོ་ཚང་དུ་བཏང་ནས་ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་བ་དང་། ཏང་གི་མི་རིགས་དང་། ཆོས་ལུགས། ཤེས་ཡོན་ཅན། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར། ཕྱིར་སྡོད་རང་མིའི་ལས་དོན་སོགས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། བཟོ་ཚོང་མཉམ་འབྲེལ་ལས་རིགས་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་གཅིག་བསྡུས་གང་ཐུབ་བྱེད་པ། བསྒྱུར་བཅོས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་རྒྱུ། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པའི་ནུས་པ་འདོན་སྤེལ་བྱས་ཏེ་རང་གི་འབྲེལ་གཏུག་བྱེད་སའི་མང་ཚོགས་ཏང་གི་མཐའ་འཁོར་དུ་གཅིག་སྡུད་དམ་ཟབ་ཡོང་བར་བྱེད་རྒྱུ།

    ལེའུ་སོ་ལྔ་པ། འཆར་འགོད་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ངེས་གནས་འཕྱུགས་མེད་དང་། དབྱེ་མཚམས་གསལ་པོ། ནུས་པ་གསབ་རེས། གཅིག་གྱུར་འབྲེལ་མཐུད་བཅས་ཀྱི་འཆར་འགོད་མ་ལག་ཆགས་པར་བྱས་ཏེ་སྲིད་ཇུས་མཐུན་སྦྱོར་དང་ལས་དོན་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་འཆར་འགོད་ལག་བསྟར་གྱི་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་རྒྱུ།

    ས་བཅད་དང་པོ། 《རྩ་གནད》འཐབ་ཇུས་ཀྱི་སྟོན་ཕྱོགས་ནུས་པ་འདོན་སྤེལ་བྱེད་རྒྱུ།

    གཅིག་གྱུར་འཆར་འགོད་མ་ལག་འཐུས་སྒོ་ཚང་དུ་བཏང་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་བཟོ་རྒྱུ་སྤྱི་འདོམས་སུ་བྱེད་པ་དང་། བར་མཐོངས་འཆར་འགོད་རྨང་གཞིར་བྱེད་པ། ཆེད་དོན་འཆར་འགོད་དང་ས་ཁོངས་འཆར་འགོད་འདེགས་སྐྱོར་དུ་བྱེད་པ། རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང(ཆུས)བཅས་རིམ་ཁག་འཆར་འགོད་ལས་ཐུན་མོང་ཐོག་གྲུབ་པའི་འཆར་འགོད་མ་ལག་མགྱོགས་མྱུར་འཛུགས་རྒྱུ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ཀྱི་གནས་བབ་མཐོ་ཤོས་དང་སྤྱིའི་བརྩི་སྲུང་ཞུ་སའི་གཅིག་འདོམས་གནས་བབ་མཐའ་འཁྱོངས་ཀྱིས་རིམ་མཚུངས་བར་མཐོངས་འཆར་འགོད་དང་། ཆེད་དོན་འཆར་འགོད། ས་ཁོངས་འཆར་འགོད་བཅས་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་དབར་འབྲེལ་མཐུད་མཐུན་སྦྱོར་ཡོང་བར་ཤུགས་སྣོན་རྒྱག་རྒྱུ། བར་མཐོངས་འཆར་འགོད་ཀྱིས་རྩ་གནད་ནང་གཏན་འཁེལ་བྱས་པའི་འཐབ་ཇུས་ལས་འགན་གལ་ཆེན་དོན་འཁྱོལ་དང་ལག་བསྟར་བྱེད་པར་བར་མཐོངས་ཡོད་པའི་འགན་ལེན་བྱེད་པ་དང་། ཆེད་དོན་འཆར་འགོད་ཀྱིས་རྩ་གནད་ནང་དམིགས་གཏན་འཁེལ་བའི་ཁྱབ་ཁོངས་ནང་བཏོན་པའི་གཙོ་གནད་ལས་འགན་ཞིབ་ཚགས་དང་དོན་འཁྱོལ་བྱེད་པའི་དུས་ཚོད་རེའུ་མིག་དང་ལམ་ཕྱོགས་རི་མོར་དམིགས་པ། ས་ཁོངས་འཆར་འགོད་ཀྱིས་རྩ་གནད་ནང་གཏན་འཁེལ་བྱས་པའི་དམིཌ་འཛུགས་ས་ཁོངས་ཁ་གཏད་དུ་བྱས་ཏེ་ས་ཁོངས་མཐུན་སྦྱོར་གོང་འཕེལ་ལ་མཛུབ་ཁྲིད་བཅས་བྱེད་རྒྱུ།

    ས་བཅད་གཉིས་པ། སྲིད་ཇུས་མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    རིགས་ཁག་གི་སྲིད་ཇུས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ལག་བསྟར་བྱེད་པའི་འགན་ལེན་དང་འདེགས་སྐྱོར་ནུས་པ་ཆེ་རུ་བཏང་ནས“འཆར་འགོད་ལྟར་རྣམ་གྲངས་ལག་བསྟར་དང་། རྣམ་གྲངས་ཀྱི་འཕེལ་རིམ་ལྟར་མ་དངུལ་དོན་འཁྱོལ”མཐའ་འཁྱོངས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ནང་བཅུག་པའི་ལས་གཞིའི་རྣམ་གྲངས་གལ་ཆེན་ལ་ཞིབ་མཆན་འགོད་པ་དང་ཆོག་འཐུས་ཀྱི་གོ་རིམ་སྟབས་བདེ་རུ་བཏང་སྟེ། འཆར་འགོད་ཀྱི་ས་ཆ་འདེམས་པ་དང་། ས་ཆ་སྤྲོད་པ། མ་དངུལ་བཀོད་སྒྲིག་བཅས་སྔོན་ལ་འགན་ལེན་གྱིས་ནོར་སྲིད་རང་བཞིན་གྱི་མ་དངུལ་དེ་རྩ་གནད་ནང་གཏན་འཁེལ་བྱས་པའི་ལས་འགན་གལ་ཆེན་དང་ལས་གཞིའི་རྣམ་གྲངས་གལ་ཆེན་ལ་སྔོན་ལ་གཏོང་རྒྱུ།

    ལོ་འཁོར་གྱི་འཆར་གཞི་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐུང་སྙོམས་སྒྲིག་ཚོད་འཛིན་གྱི་དམིགས་ཚད་ཀྱིས་ཡུན་རིང་གོང་འཕེལ་གྱི་དམིགས་ཚད་དང་བསྟུན་པ་དང་། དུས་ཐུང་སྲིད་ཇུས་དང་ཡུན་རིང་སྲིད་ཇུས་འབྲེལ་མཐུད་གཞོགས་འདེགས་བྱེད་པའི་བླང་བྱ་ལྟར“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་གཙོ་བོ་ཁག་བགོས་ཀྱིས་ལོ་འཁོར་གྱི་དམིགས་ཚད་མ་ལག་ནང་འཇུག་པ་དང་འབྲེལ་ལོ་འཁོར་དབར་གྱི་ཕྱོགས་བསྡུས་དོ་སྙོམས་ཡོང་བར་བྱེད་པ་དང་། རྩ་གནད་ནང་གསལ་པོ་བཟོས་པའི་གོང་འཕེལ་ཁ་ཕྱོགས་ལྟར་ལོ་འཁོར་གྱི་ལས་ཀའི་གཙོ་གནད་གཏན་འཁེལ་བྱེད་པ། འཁོར་སྐྱོད་ལག་བསྟར་བརྒྱུད་ལོ་ལྔའི་དམིགས་ཚད་ལས་འགན་དུས་བཀག་ལྟར་མངོན་འགྱུར་ཐུབ་པ་བྱེད་རྒྱུ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ཀྱིས་སྤྱི་པའི་སྔོན་རྩིས་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན། རྒྱལ་ཁབ་ས་ཆ་གསར་སྤེལ། སྤྱི་པའི་ཞབས་ཞུ། ཐོན་ལས་གོང་འཕེལ་སོགས་ལ་ཁྲིད་སྟོན་བྱེད་པའི་ནུས་པ་དང་སྤྱི་འདོམས་ནུས་པ་ཆེ་རུ་བཏང་ནས་འཆར་འགོད་ལག་བསྟར་གྱི་སྐུལ་སྤེལ་དང་། མཐུན་སྦྱོར། ལག་བསྟར་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ།

    ས་བཅད་གསུམ་པ། འཆར་འགོད་ཀྱི་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ།

    ས་གནས་ཁག་དང་སྡེ་ཚན་ཁག་གིས་འཆར་འགོད་ལག་བསྟར་བྱེད་པའི་སྒྲིག་འཛུགས་དང་། མཐུན་སྦྱོར། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། འཆར་འགོད་ལག་བསྟར་གྱི་དཔྱད་དཔོག་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས“ལོ་འཁོར་གྱི་ལྟ་ཞིབ་ཚད་ལེན་དབྱེ་ཞིབ། དུས་འབྲིང་གི་དཔྱད་དཔོག སྤྱི་ཡོངས་ཀྱི་དཔྱད་དཔོག”བཅས་འཆར་འགོད་ཀྱི་དཔྱད་དཔོག་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་དཔྱད་དཔོག་བྱས་འབྲས་དེ་སྲིད་གཞུང་གི་ལས་དོན་དང་ལས་རྗེས་དཔྱད་ཞིབ་ལེགས་སུ་གཏོང་བའི་གཞི་འཛིན་ས་གལ་ཆེན་ལ་བརྩི་རྒྱུ་དང་འབྲེལ་ཁྲིམས་ལྟར་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་རྒྱུ། འཆར་འགོད་ལེགས་སྒྲིག་བྱེད་དགོས་ཚེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལེགས་སྒྲིག་ཇུས་གཞི་བཏོན་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་འགོད་རྒྱུར་འབུལ་རྒྱུ།

    ས་བཅད་བཞི་པ། སྤྱི་ཚོགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་རྒྱུ།

    འཆར་འགོད་འདིའི་ནང་བཏོན་པའི་སྔོན་དཔག་རང་བཞིན་གྱི་དམིགས་ཚད་དང་ཐོན་ལས་གོང་འཕེལ་དང་གྲུབ་ཆ་ལེགས་སྒྲིག་སོགས་ཀྱི་ལས་འགན་རྣམས་གཙོ་བོ་ཁྲོམ་རའི་བྱེད་པོའི་རང་བརྟེན་བྱ་སྤྱོད་ལ་བརྟེན་ནས་མངོན་འགྱུར་བྱེད་རྒྱུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་འཆར་འགོད་ལག་བསྟར་ནང་ཞུགས་པའི་འདུ་ཤེས་སྐུལ་སློང་བྱས་ཏེ་རིམ་ཁག་སྲིད་གཞུང་དང་། སྤྱི་ཚོགས་ལས་རིགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་པ་དང་། གཞི་རིམ་གྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་ཞུ་བ། མི་དམངས་མང་ཚོགས་ཀྱི་སྟོབས་ཤུགས་དང་བློ་གྲོས་གཅིག་བསྡུས་བྱེད་པ། མི་དམངས་ཡོངས་ཀྱིས་ཇུས་ཤུགས་མཉམ་འདོན་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཆགས་པར་བྱེད་རྒྱུ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་མངོན་འགྱུར་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་དང་། ལས་འགན་དཀའ་ཚེགས་ཆེ་བ། མདུན་ལམ་འོད་ཟེར་ལྡན་པ་བཅས་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བློ་གཅིག་སེམས་གཅིག་དང་། ཡིད་ཆེས་བརྟན་པོ། འབད་འབུངས་ཧུར་ཐག་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398616091