བོད་ལྗོངས།
བོད་ལྗོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་མི་རེའི་ཆ་སྙོམས་གྲོན་དངུལ་ལོ་རེར་སྒོར་1ནས་སྒོར་2ལ་སྤོར་རྒྱུ་ཡིན་པ།

    ཉེ་ཆར་ཁྲིམས་ལུགས་ཁྱབ་གདལ་གྲོན་དངུལ་གྱི་མཛུབ་ཁྲིད་བསམ་འཆར་སྐོར་གྱི་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་། རང་སྐྱོང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱི《བརྡ་ཐོའི》ནང་སླད་ཕྱིན་དུས་མཚམས་ཤིག་རིང་བོད་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་མི་རེའི་ཆ་སྙོམས་གྲོན་དངུལ་ལོ་རེར་སྒོར་1ནས་2ལ་སྤོར་རྒྱུ་རེད།

    ཁྲིམས་ལུགས་ཁྱབ་གདལ་གྱི་གྲོན་དངུལ་འགན་ལེན་བྱེད་ཚུལ་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་ཆེད། 2020ལོར་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་། བོད་རང་སྐྱོང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱིས་བོད་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་གྲོན་དངུལ་འགན་ལེན་དང་བེད་སྤྱོད་དང་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་ལས་རྗེས་སོགས་ལ་བརྟག་ཞིབ་བྱས་པ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དང་། བོད་ལྗོངས་ནོར་སྲིད་ཐིང་། བོད་རང་སྐྱོང་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱིས་བརྟག་ཞིབ་བྱས་འབྲས་གཞིར་བཟུང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཁྲིམས་ལུགས་ཁྱབ་གདལ་གྱི་གྲོན་དངུལ་འགན་ལེན་གྱི་དམིགས་ཚད་འདོན་རྒྱུའི་རེ་ཞུ་ཕུལ་བ་མ་ཟད། བོད་རང་སྐྱོང་ལྗོངས་རིམ་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་གྲོན་དངུལ་འགན་ལེན་གྱི་ཚད་གཞི་ལྟར་དམིགས་ཚད་མཐོ་རུ་གཏོང་བའི་ཆོག་མཆན་ཡང་ཐོབ་ཡོད། གནས་ཚུལ་ཞིབ་ཕྲ་ནི་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་ཁྲིམས་ལུགས་ཁྱབ་གདལ་གྱི་མི་རེའི་ཆ་སྙོམས་གྲོན་དངུལ་ད་ལྟ་སྤྱོད་བཞིན་པའི་མི་རེར་ལོ་རེར་སྒོར་1ནས་མི་རེར་ལོ་རེར་སྒོར་2ལ་སྤར་ཏེ་རྒྱུན་སྡོད་མི་འབོར་བཞིན་འགན་ལེན་བྱེད་རྒྱུ་དང་། ས་ཁུལ་དང་གྲོང་ཁྱེར་དང་རྫོང་ཆུས་ཀྱིས་རང་སྐྱོང་ལྗོངས་ཀྱི་འགན་ལེན་ཚད་གཞི་ལྟར་ལག་བསྟར་བྱས་ནས་རིམ་མཚུངས་ནོར་སྲིད་ཀྱིས་འགན་ལེན་བྱེད་རྒྱུ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398663201