བོད་ལྗོངས།
“ལམ་གཉིས”ཀྱི་སྙིང་སྟོབས་དྲན་གསོ་ཁང་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ།

    ཟླ་4ཚེས་30ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས“ལམ་གཉིས”ཀྱི་སྙིང་སྟོབས་དྲན་གསོ་ཁང་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་གོ་བ་གཏིང་ཟབ་ལེན་པ་དང་། རང་རེའི་ཏང་གིས་བོད་ལ་འཐབ་ཇུས་ལག་ལེན་བསྟར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བསྐྱར་དྲན། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས་ཀྱི་སྙིང་སྟོབས” ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་ཉམས་ལེན་གནང་སྟེ་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་དང་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་སྲིང་བྱས་ནས་རྒྱང་སྐྱོད་ལམ་གསར་པར་སྐྱོད་པ་དང་འབད་འཐབ་ཀྱི་དུས་རབས་གསར་པར་སྐྱོད་པའི་སྟོབས་ཤུགས་འཕེལ་བར་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ད་ཐེངས་ཀྱི་ལྟ་སྐོར་སློབ་སྦྱོང་གིས་ཚང་མར་གཏིང་ཟབ་ལ་མངོན་སུམ་དང་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་དམིགས་བསལ་ཞིག་འཚོགས་པ་རེད་ཅེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ། དེ་བཞིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཧོ་ཝུན་ཧའོ་དང་། པད་མ་དབང་འདུས། ལིའུ་ཅང་། དབང་ཧའེ་ཀྲོའུ་བཅས་ལྟ་སྐོར་སློབ་སྦྱོང་ལ་ཞུགས་ཡོད་པ་རེད།

    ལྟ་སྐོར་སློབ་སྦྱོང་གནང་རིང་། ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་སོགས་ཀྱིས་ཡིག་རིས་གཉིས་ཀྱི་ངོ་སྤྲོད་མདོར་བསྡུས་ལ་གཟིགས་པ་དང་། འགྲེམས་དངོས་རྙིང་པར་གཟིགས་སྐོར། གསལ་འགྲེལ་བའི་ངོ་སྤྲོད་གསན་པ། བརྙན་ཟློས་བརྙན་པར་དཔྱད་གཞིར་གཟིགས་པ་བཅས་དམག་དམངས་རྒན་རབས་པ་ཚོས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་པའི་དཔའ་བོའི་ལོ་རྒྱུས་ལ་ཕྱོགས་ཀུན་ནས་ཤེས་རྟོགས་གནང་བ་རེད། ཝུའུ་དབྱིང་ཅེས་གསུངས་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་ལོ་རྒྱུས་ལ་བརྟེན་ནས་ཕུགས་བསམ་མངོན་པར་བྱས་ནས་དཀའ་ཚེགས་ཆེ་ཞིང་འོད་སྟོང་འཕྲོ་བའི་སྔར་སོང་དང་། ཉིན་བཞིན་འགྱུར་ལྡོག་འགྲོ་བའི་ད་ཆ། འོད་ཟེར་རབ་ཏུ་འཕྲོ་ཞིང་གཟི་བརྗིད་ལྡན་པའི་འབྱུང་འགྱུར་བཅས་མཉམ་དུ་སྦྲེལ་ནས་སེམས་ནུས་གཅིག་སྒྲིལ་བྱེད་རིང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་པ་ཐུན་མོང་ཐོག་གཏོད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་དང་། བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་སློབ་སྦྱོང་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་དུ་གཏོང་བ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས།

    ཝུའུ་དབྱིང་ཅེས་རང་ཉིད་ཀྱི་མྱོང་བ་དང་སློབ་སྦྱོང་ཟུང་འབྲེལ་གནང་སྟེ་ཚང་མར“བོད་སྐྱོད་པ་རྒན་གྲས”ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་གསུངས་པ་རེད། ཁོང་གིས་ནན་བཤད་གནང་དོན། བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་རླབས་ཆེའི་ལོ་རྒྱུས་ཀྱི་ལག་ལེན་ཁྲོད་གུང་ཁྲན་ཏང་མི་མི་རབས་མང་པོས་སྐྱེ་བོ་ཕལ་པར་དབང་བ་དང་སྐྱེ་བོ་ཕལ་པའི་ལོངས་སྤྱོད་མཐའ་དག་བློས་བཏང་ནས་གངས་ལྗོངས་ས་མཐོར་གཞི་ཚུགས་ནས་དཀའ་སྤྱད་འབད་འཐབ་ཚད་མེད་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས་ཀྱི་སྙིང་སྟོབས”ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་སྐྱེད་སྲིང་བྱས་ནས་འཛམ་གླིང་ཡང་རྩེར་ནམ་ཡང་ཉམས་པ་མེད་པའི་སྙིང་སྟོབས་ཀྱི་མཛད་རྗེས་རྡོ་རིང་བཞེངས་ཡོད་པ་དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས་ཀྱི་སྙིང་སྟོབས” ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ནས་དེ་དག་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་ཆེན་པོའི་ཐོག་ནས་མཚོན་པར་བྱེད་དགོས་པ་དང་། སྤྱི་ཡོངས་ལ་ལྟ་རྟོག་ལྡབ་འགྱུར་དང་། མཐུན་སྒྲིལ་ལ་སྣང་ཆེན་ལྡབ་འགྱུར། བརྟན་ལྷིང་ལ་སྲུང་སྐྱོང་ལྡབ་འགྱུར་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་དེ་དུས་རབས་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་བསྒྱུར་ནས་དེ་བས་བརྟན་པའི་ཆོད་སེམས་དང་། དེ་བས་ཏན་ཏིག་གི་བྱ་ཐབས། དེ་བས་བཟང་བའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་དུས་རབས་གསར་པའི་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001399278451