༄༅།། ཀྲུང་ གོ་ བོད་ བརྒྱུད་ མཐོ་ རིམ་ ནང་ བསྟན་ སློབ་ གླིང་ གིས་ སྐབས་ དང་ པོའི་ འབྲིང་ རིམ་ མཚན་ གནས་ སྤྲོད་ པའི་ མཛད་ སྒོ་ པེ་ ཅིང་ དུ་ འཚོགས་ པ།
 
2013-10-27       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་སྐབས་དང་པོའི་འབྲིང་རིམ་མཚན་གནས་རྒྱུགས་སྤྲོད་དང་མཚན་གནས་སྤྲོད་པའི་མཛད་སྒོ་ཚེས་25ཉིན་པེ་ཅིང་ནུབ་ཕྱོགས་དགོན་སེར་གྱི་ཉི་འོད་ཐོག་ཁང་དུ་འཚོགས་ཡོད།

    《ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་དང་པོའི་འབྲིང་རིམ་མཚན་གནས་སྤྲོད་པའི་བྱ་ཐབས》ལ་གཞིགས་ན་སྐབས་དང་པོའི་འབྲིང་རིམ་མཚན་གནས་རྒྱུགས་སྤྲོད་ནང་ཞུགས་མཁན་སློབ་མས་རྟགས་གསལ་གཏོང་བ་དང་འབྲིང་རིམ་མཚན་གནས་དཔྱད་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱུགས་སྤྲོད་དཔྱད་འཇོག་ཨུ་ཡོན་ལྷན་ཁང་གིས་དཔྱད་བཤེར་ནན་པོ་བྱས་མཐར་སློབ་མ་61ལ་དཔྱད་བཤེར་དང་རྒྱུགས་སྤྲོད་བྱས་པ་བརྒྱུད་འབྲིང་རིམ་མཚན་གནས་སྤྲོད་པའི་ཚད་གཞིར་སླེབས་ཡོད། འབྲིང་རིམ་མཚན་གནས་དཔྱད་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་ཞིབ་དང་མིང་མ་བཀོད་པར་འདེམས་ཤོག་འཕངས་ཏེ་བརྡས་ཐག་བཅད་པ་བརྒྱུད་ཚུལ་ཁྲིམས་རྒྱ་མཚོ་དང་། བཟོད་པ་འཕྲིན་ལས། ཚེ་རིང་རྒྱལ་མཚན། རྣམ་རྒྱལ། ནོར་བུ་དགྲ་འདུལ་སོགས་སློབ་མ་61ལ་འབྲིང་རིམ་མཚན་གནས་སྤྲོད་རྒྱུའི་གཏན་འབེབས་གནང་བ་རེད།

    ངོ་སྤྲོད་བྱས་པར་ལྟར་ན་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འབྲིང་རིམ་སློབ་རྒྱུས་ཀྱི་སློབ་ཡུན་ལོ་གཉིས་ཡིན་པ་དང་སློབ་མ་ནི་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ནས་ཡིན་པ་དང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེ་ཁག་ལྔར་ཁྱབ་ཡོད། འབྲིང་རིམ་མཚན་གནས་ཀྱི་མིང་ཆ་ཚང་ལ་འབྲིང་རིམ་རབ་འབྱམས་པ་ཞེས་བརྗོད་པ་དང་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་མཚན་གནས་མཐོ་རམས་པ་དང་འདྲ་བར་མཐུན་སྒྲིལ་ཡར་ཐོན་དང་ཞི་མཐུན་ཁོག་ཡངས་ཀྱི་ཁྱད་ཆོས་ལྡན་པ་དང་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་མ་ལག་སྐྲུན་པའི་གྲུབ་ཆ་གལ་ཆེན་ཞིག་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001328344261