༄༅།། བོད་ ཀྱི་ དབུལ་ སྐྱོར་ ལས་ ཀར་ ཕན་ འབྲས་ མངོན་ གསལ་ དོད་ པོ་ ཐོབ་ པ་ དང་ དབུལ་ སྐྱོར་ རྣམ་ གྲངས་ 2025ཟིན་ པ།
 
2013-12-24       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལོ་འདི་ཤར་བ་ནས་བཟུང་། བོད་ལྗོངས་ཀྱིས་ཁྱོན་རྒྱལ་ཁབ་ཀྱི་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་12.9བཀོད་སྒྲིག་བྱས་པ་དང་དབུལ་སྐྱོར་རྣམ་གྲངས་2025ལག་བསྟར་བྱས་པས་ལྗོངས་ཡོངས་ཀྱི་དབུལ་སྐྱོར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

    བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་དབུལ་སྐྱོར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཧ་ཀྲེན་གྱིས། 2013ལོར་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གིས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་123707བཀོད་སྒྲིག་བྱས་ཡོད། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱི་འཕེལ་རྒྱས་མ་དངུལ་སྒོར་ཁྲི་100452དང་རྣམ་གྲངས་དོ་དམ་གྱི་འགྲོ་གྲོན་སྒོར་ཁྲི་2240ཟིན་པ་དང་རང་སྐྱོང་ལྗོངས་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་21000གཏོང་རྒྱུའི་འཆར་གཞི་ཡོད་པ་རེད། མིག་སྔའི་བར་ཁྱོན་རྒྱལ་ཁབ་ཀྱི་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་12.9བཀོད་སྒྲིག་བྱས་ཡོད། དེའི་ནང་རང་སྐྱོང་ལྗོངས་རིམ་པའི་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.7ཚུད་ཡོད་པ་དང་དབུལ་སྐྱོར་རྣམ་གྲངས་2025ལག་བསྟར་བྱས་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001329914111