གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། འདི་ ལོ་ བོད་ ཀྱིས་ བོད་ ནས་ 2000”མུའུ་ ཁྲི་ 38ལ་ ཉེ་ བ་ གདབ་ རྒྱུ་ ཡིན་ པ།
2014-04-08       གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར། 2014ལོར་བོད་ཀྱིས་ལྗོངས་ཡོངས་སུ་ནས་སོན་གསར་པ་“བོད་ནས་ཨང་2000”མུའུ་ཁྲི་37.73དཔེ་སྟོན་ཁྱབ་གདལ་གཏོང་རྒྱུ་དང་ན་ནིང་ལས་མུའུ་ཁྲི་27.13ཆེ་རུ་ཕྱིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན།  ན་ནིང་བོད་ཀྱིས་དཔེ་སྟོན་ཁྱབ་གདལ་བཏང་ནས་འདེབས་འཛུགས་བྱས་པའི་མུའུ་ཁྲི་10.6ཟིན་པའི་“བོད་ནས་ཨང་2000”གི་ཆ་སྙོམས་མུའུ་རེ་ནས་ཐོན་འཕར་སྤྱི་རྒྱ་26.5བྱུང་ཞིང་ཞིང་པར་ཐད་ཀའི་ཡོང་འབབ་སྒོར་ཁྲི་1123.6བྱུང་ཡོད།

    བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་གངས་ཆེན་གྱིས། “བོད་ནས་ཨང་2000”ནི་བོད་ཀྱི་ནས་ཀྱི་ཚན་རྩལ་ཞིབ་འཇུག་གི་འགག་གཏོར་གལ་ཆེན་ཞིག་ཡིན་པས་བོད་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱ་རྒྱུར་གལ་འགངས་ཆེ་བའི་དོན་སྙིང་ལྡན་པའི་ངོས་འཛིན་གནང་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001332453221