གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ལྷ་ སས་ སྐྱིད་ ཆུ་ བཀག་ ནས་ མཚེའུ་ བཟོས་ ཏེ་ ས་ མཐོའི་ སྔོ་ ལྗང་ གྲོང་ ཁྱེར་ གསར་ བཟོ་ བྱེད་ པ།
 
2015-09-10  གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

(西藏50年·图文互动)(1)拉萨拦河造湖打造高原绿城

    འདི་ནི་ཆུ་རགས་གསུམ་པ་དང་དེ་བཞིན་ཆུ་རགས་གསུམ་པ་བསྐྲུན་གྲུབ་རྗེས་ལྷ་ས་སྐྱིད་ཆུའི་ཐོག་ཆགས་པའི་མཚེའུ་ངོས་ཀྱི་རྣམ་པ་ཡིན།(ཟླ་8ཚེས་4ཉིན་པར་བླངས)

    ས་མཐོའི་དུས་རླུང་གནམ་གཤིས་ཁུལ་དུ་གནས་པའི་ལྷ་ས་ནི་སྐམ་ཤས་དང་སྐམ་རློན་གྱི་གནམ་གཤིས་དུས་ཚིགས་དབྱེ་བ་གསལ་པོ་ཡོད། ལོ་མང་རིང་ལོ་ལྟར་ཟླ་10པའི་ཟླ་མཇུག་ནས་ལོ་རྗེས་མའི་ཟླ་6པའི་བར་གྱི་ཆུ་སྐམ་འགྲོའི་བའི་དུས་ཚོད་ནང་ལྷ་ས་སྐྱིད་ཆུའི་ཆུ་རྒྱུགས་ཁུལ་གཞི་ཁྱོན་ཆེན་པོས་སྐྱ་ཆིལ་ཆིལ་དུ་ཐོན་པས་བྱེ་རླུང་གི་ཡོངས་ཁུངས་སུ་གྱུར་གྱི་ཡོད། གནད་དོན་འདི་ཐག་གཅོད་བྱ་ཆེད་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཕྱོགས་བསྡུས་ཐོག་ལྷ་ས་སྐྱིད་ཆུའི་གྲོང་ཁུལ་དུམ་བུར་ལེགས་བཅོས་བྱེད་བཞིན་ཡོད་པ་དང་ཆུ་རགས་གསུམ་པ་ནི་ལས་གྲྭའི་ཆ་ཤས་ཤིག་ཡིན། ལས་གྲྭ་དེ་2013ལོར་ལས་འགོ་བཙུགས་པ་དང་མ་འཇོག་སྒོར་དུང་ཕྱུར་35ལྷག་ཙམ་བྱས་ཡོད་ཅིང་། འཆར་གཞི་ལྟར་ན་སྤྱི་ལེ་20ཡི་ཁྱབ་ཁོངས་ནང་དུ་ཆུ་འགོག་ཆུ་རགས་6གསར་སྐྲུན་བྱས་ཏེ་ཆུ་ཁ་མཐོ་རུ་བཏང་ནས་ཡངས་ཤིང་རྒྱ་ཆེ་བའི་མཚེའུ་ངོས་6ཆགས་པ་བྱ་རྒྱུ་རེད།

   1 2 3 4   

མཛའ་འབྲེལ་དྲ་བ།
010020070840000000000000011100001346100421